ན་གཞོན་རི་མོ་བ་ལུང་དཀར་བློ་བཟང་ཡོན་ཏན་གྱི་བརྩམས་ཆོས་བདམས་བཀོད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »ན་གཞོན་རི་མོ་བ་ལུང་དཀར་བློ་བཟང་ཡོན་ཏན་གྱི་བརྩམས་ཆོས་བདམས་བཀོ
ན་གཞོན་རི་མོ་བ་ལུང་དཀར་བློ་བཟང་ཡོན་ཏན་གྱི་བརྩམས་ཆོས་བདམས་བཀོད།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2021-04-05ལྟ་ཀློག (9433)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ན་གཞོན་རི་མོ་བ་ལུང་དདཀར་བློ་བཟང་ཡོན་ཏན་གྱི་བརྩམས་ཆོས་བདམས་བཀོད།

རི་མོ་བ་ལུང་དཀར་བློ་བཟང་ཡོན་ཏན་འཚམས་སྦྱོར་མདོར་བསྡུས།

   ཁོ་བོ་ནི་ཆུང་དུས་ནས་རི་མོ་འབྲི་བར་སྤྲོ་ཞིང་ཁ་བ་དང་རྡོ་ལེབ་ངོས་སུ་མེ་ཏོག་དང་བྱ་བྱིའུ་འབྲི་བའི་གཏམ་རྒྱུད་མང་ཞིང་སློབ་ཆུང་མཐར་ཕྱིན་རྗེས་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ནས་སློབ་མཐར་ཕྱིན།

༢༠༠༩  ལོར་སོག་རུ་བོད་ཡིག་སློབ་ཆུང་དུ་ཡིག་གཟུགས་འགྲན་བསྡུར་ཁྲོད་ཨང་དང་བོ་ཐོབ།

༢༠༡༠  ལོར་སོག་རུ་བོད་ཡིག་སློབ་ཆུང་གི་རི་མོའི་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ།

༢༠༡༡ ལོར་མགོ་ལོག་ཁུལ་གྱིས་བསྒྲུབ་པའི་ན་གཞོན་ཚན་རིག་ལས་གཏོད་འགྲན་བསྡུར་ཁྲོད་ཨང་གཉིས་པའི་བྱ་དགའ་ཐོབ།

༢༠༡༣ གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གཟའ་འཁོར་ལས་བྱའི་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ།

༢༠༡༣ ལྷ་རིས་པ་དགེ་རྒན་གཡས་འཇམ་དཔལ་སྐལ་ལྡན་ལགས་དང་ལྷན་དུ་ནང་སོག་ཨ་ལགས་ཤ་བསྟན་དར་ལྷ་རམས་པའི་དགོན་པར་བོད་རྒྱུད་ནང་བསྟན་ལྷ་རིས་འབྲི་བཞེངས་ཐད་སློབ་སྦྱོང་བྱས།

༢༠༡༥ ལོ་ནས་མཚོ་སྔོན་གཡུ་རྩེའི་ཨུཏྤལ་རིག་གནས་སྒྱུ་རྩལ་སློབ་གླིང་དུ་ཕུགས་བསམ་མངོན་གྱུར་ཀྱི་ལས་ལ་འབད་བཞིན་ལོ་རེར་མཇུག་རྒྱུགས་ཁྲོད་བྱ་དགའ་དུ་མ་བླངས།

༢༠༡༦ མཚོ་སྔོན་མི་རིགས་སློབ་ཆེན་དུ་ཐང་གའི་ཟབ་སྦྱོང་འཛིན་གྲྭར་ཞུགས་ཏེ་སློབ་མཇུག་སྒྲིལ་སྐབས་ཕུལ་བྱུང་བྱ་དགའ་བླངས།

༢༠༡༦ ལོར་བྲིས་པའི་ཟུར་ཟའི་རི་མོ་སྟེ་༼ཤེས་རབ་པའི་སྤྱན་ཆབ།༽ཞེས་པ་ཀྲུང་དབྱང་འཕྲིན་ལམ་གསུམ་པ་རུ་སྟོན་རྒྱུས་གོ་སྐབས་བྱུང་།

༢༠༡༧ ལོར་ཁོང་གིས་ཕ་མ་དང་དགེ་རྒན་གྱི་བཀའ་དྲིན་དྲན་སླདདཔལ་དབང་ཨ་མའི་སློབ་གསོཞེས་པའི་བྱ་འགུལ་སྤེལ་ཏེ་དགེ་རྒན་དང་མ་ཡུམ་སྐོར་གཅིག་ལ་སྐུལ་འདེད་ཀྱི་བྱ་དགའ་ཕུལ།

༢༠༡༧ལོར་མགོ་ལོག་ལུང་དཀའ་དགོན་དགའ་ལྡན་ཆོས་འཕེལ་གླིང་གི་འདུ་ཁང་གསར་བའི་ནང་དུ་གྱན་ཐང་འབྲི་རྒྱུའི་སྐལ་བ་ཐོབ་ཅིང་ལོ་གསུམ་གྱི་རིང་ལ་གྱན་ཐང་ཉི་ཤུ་ལྷག་རིན་མེད་དུ་བཞེངས་བས་ལུང་དཀར་དགོན་གྱིས་རས་ཡིག་གཟེངས་རྟགས་ཕུལ་ཏེ་བཀའ་དྲིན་དང་བསྔགས་བརྗོད་གནང་།    

༢༠༡༨ལོར་རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭའི་ཐང་ག་དངོས་སྦྱོང་ས་ཚུགས་ནས་སློབ་མཐར་ཕྱིན།

༢༠༡༨ལོར་སི་ཁྲོན་ཀརྨ་སྒར་ལུགས་ཐང་ག་བརྒྱུད་སྤེལ་གསབ་སྦྱོང་ས་ཚུགས་དང་ཁྲིན་ཏུའུ་ལེགས་སྨོན་རི་མོའི་སྒྱུ་རྩལ་བརྒྱུད་སྤེལ་ལྟེ་གནས་སུ་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་པར་མ་ཟད་ཕུལ་བྱུང་རི་མོ་བའི་མཚན་སྙན་ལག་རྟགས་གནང་།   

༢༠༢༠ལོར་མཚོ་སྔོན་ཞིང་ཆེན་ཐང་ག་སྒྱུ་རྩལ་འཇོན་ནུས་འགྲན་བསྡུར་ཆེན་མོ་སྐབས་བཞི་བའི་ཁྲོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་ལྷ་རིས་པ་སུམ་བརྒྱ་ལྷག་གི་གྲས་སུ་ཕུལ་བྱུང་བྱ་དགའ་སོགས་ཐོབ་ཡོད་དོ།།

བརྩམས་ཆོས་མཁོ་སྤྲོད་པ།  བློ་བཟང་ཡོན་ཏན།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། gd5j བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ན་གཞོན་རི་མོ་བ་ལུང་དཀར་བློ་བཟང་ཡོན་ཏན་གྱི་བརྩམས་ཆོས་བདམས་བཀོད།   སྤེལ་མཁན།: གངས་རྩེན། སྤེལ་དུས:2021/4/5
ལེགས་པོ་འདུག
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23549682
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།