ཐོན་མིའི་སློབ་ཚོགས་ཀྱི་བསྡུས་འཕྲིན་གསར་འགྱུར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »ཐོན་མིའི་སློབ་ཚོགས་ཀྱི་བསྡུས་འཕྲིན་གསར་འགྱུར།
ཐོན་མིའི་སློབ་ཚོགས་ཀྱི་བསྡུས་འཕྲིན་གསར་འགྱུར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2021-02-05ལྟ་ཀློག (8700)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཐོན་མིའི་སློབ་ཚོགས་ཀྱི་བསྡུས་འཕྲིན་གསར་འགྱུར།

    སྤྱི་ལོ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོའི་ཚེས་ཉེར་གཅིག་ཉིན། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་ཡན་ལག་རྔ་བའི་ཐོན་མིའི་སློབ་ཚོགས་ཀྱི་དགུན་གནང་ཟབ་སྦྱོང་སྐབས་ལྔ་བའི་མཇུག་བསྡུའི་མཛད་སྒོ་དེ་ནད་ཡམས་སོགས་རྐྱེན་དུ་མས་རྒྱས་བསྡུས་རན་པ་ཞིག་རྔ་བ་རྫོང་ཨ་མ་ལགས་ཇ་ཁང་དུ་འཚོགས།   ཚོགས་ཐོག་ཏུ་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ཕེབས་ཤིང་། ཟབ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་དང་ཁྱིམ་བདག  སློབ་ཚོགས་རང་གི་འཐུས་མི་བཅས་ཁྱོན་མི་ལྔ་བཅུ་ཡས་མས་ཤིག་ཚོགས་འདུར་ཟུར་ཞུགས་བྱས།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་ལམ་སྟོན་བསླབ་བྱ་གནང་བ།

ཚོགས་རའི་ཟུར་ཞིག

དགེ་སློབ་མཉམ་པར།

གསར་འགྱུར་མཁོ་སྤྲོད་པ།  རྔ་བའི་ཐོན་མིའི་སློབ་ཚོགས།


༢༠༢༠ལོར་མང་རྫོང་ཐོན་མིའི་སློབ་ཚོགས་ཀྱིས་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ལོ་རེའི་འཆར་གཞི་ལྟར་སྤེལ་བཞིན་པའི་གཏམ་བཤད་ནོར་བུའི་ཕྲེང་བའི་འགྲན་བསྡུར་སྐབས་ལྔ་བའི་བྱ་འགུལ་ལ་མཐུན་རྐྱེན་སྦྱར་ཏེ་བྱ་དགའ་གནང་བ་དང་། རང་སློབ་གླིང་གི་ལོ་གཅིག་གི་བྱ་བའི་སྤྱི་བསྡོམས་ཁྲོད་སློབ་ཁྲིད་ཐེངས་གཅིག་ལའང་ཆད་མ་མྱོང་བའི་ཕུལ་བྱུང་དགེ་རྒན་བརྒྱད་ལ་གཟེངས་བསྟོད་བྱ་དགའི་མཐུན་རྐྱེན་སྤྱར་བ། དམངས་སྒོར་ཁྲི་ལྔ་ལྷག་བཏང་སྟེ་སློབ་མ་ཡོངས་ལ་ལག་ཤུབས་གནང་སྦྱིན་གྱི་བྱ་འགུལ་སྤེལ་བ་བཅས་སོ།།

མ་ཡུམ་སློབ་གླིང་དུ་གཏམ་བཤད་ནོར་བུའི་ཕྲེང་བའི་བྱ་འགུལ་ལ་ཞུགས་པ།

ཕུལ་བྱུང་དགེ་རྒན་ལ་གཟེངས་བསྟོད་བྱ་དགའ་གནང་བ།

རྒྱུན་ལས་སྐབས་བརྗེ་དང་ཁེ་སྤོགས་བགོ་བྱའི་ཚོགས་འདུ་བསྡུས་པ།

མང་རྫོང་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་འདེམས་བསྐོ་ཚོགས་འདུ།

གསར་འགྱུར་མཁོ་སྤྲོད་པ།  གསར་འགོད་པ་བན་ཤུལ་འབུམ་རྩེ་ཡག



    2020ལོའི་དགུན་ཁར་ཁམས་ལི་ཐང་ཕྱོགས་སུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་གཉིས་པའི་མཐར་ཕྱིན་འཛིན་གྲྭ་གཉིས་པའི་སློབ་གྲོགས་ཤེས་རབ་སེང་གེ་སོགས་ཀྱི་སྣེ་ཁྲིད་འོག་མི་ལོ་བཅུ་གཅིག་གི་དུས་ཡུན་ནང་ལོ་རེ་བཞིན་སློབ་ཆུང་དང་མཐོ་འབྲིང་གི་སློབ་མར་དམིགས་ཏེ་སློབ་མ་བརྒྱ་ལྷག་ལ་བོད་ཀྱི་བརྡ་སྤྲོད་སུམ་རྟགས་དག་གསུམ་དང་དབྱིན་ཡིག་སོགས་གསབ་སྦྱོང་གི་གོ་སྐབས་བསྐྲུན།

གསབ་སྦྱོང་ཡུལ་དངོས།

ཤེས་རིག་འགྲན་གླེང་། 

 གསར་འགྱུར་མཁོ་སྤྲོད་པ།  ཤེལ་ཕྲེང་།


     2020.00 ཉིན་སློབ་ཆེན་མཐར་ཕྱིན་དགེ་རྒན་བཀྲ་ཤིས་དང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་དཔལ་མགོན་གཉིས་ཀྱིས་གཙོ་སྒྲུབ་མཛད་པའི་ཚེར་མདའི་དམངས་ཕན་གསབ་སྦྱོང་ཚེར་མདའ་རུ་འཚོགས། གསབ་སྦྱོང་འདི་ནི་2018ལོ་ནས་རྒྱུན་བསྐྱངས་ཏེ་ལོ་རེ་རེའི་དགུན་ཁར་ཚོགས་ཀྱིན་ཡོད། གཙོ་བོ་བོད་ཀྱི་ཁྱིམ་བདག་དག་ལ་ཁ་གཏད་དེ་ཚོགས་པ་ཞིག་ཡིན། ས་གནས་དེ་གའི་ཡིག་རྨོངས་སེལ་ཕྱིར་དགེ་རྒན་ལྷག་བསམ་ཅན་བསྟན་སྲུང་དང་། ལྷ་མོ་དོན་འགྲུབ། འཇིགས་སྟོབས། དབྱིངས་རིག་བཅས་སྔ་ཕྱིར་གདན་འདྲེན་ཞུས་ཏེ་ཁྱིམ་བདག་རྒན་གཞོན་ལ་གསལ་བྱེད་སུམ་ཅུ་དང་ཞལ་འདོན།    སློབ་ཆུང་དང་སློབ་འབྲིང་སློབ་མར།    ལེགས་བཤད་ལྗོན་དབང་།    སྡེབ་སྦྱོར་རིན་ཆེན་རྒྱ་མཚོ།   སུམ་ཅུ་བ།    ལོ་རྒྱུས་རྒྱུན་ཤེས་གལ་ཆེན།    རྨང་གཞིའི་རྒྱུན་ཤེས་ཚིག་དང་གནའ་གཏམ་སོགས་ཁྲིད་ཀྱིན་ཡོད།  སློབ་སྦྱོང་གི་བར་གསེང་རེ་རེའི་ནས་གྲོང་རྡལ་གྱི་མཐའ་ཁོར་ཀྱི་གད་སྙིགས་བསྡུ་རུབ་བྱས་ཏེ་ཁོར་ཡུག་གཙང་སྦྲ་ལའང་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད།

གསབ་སྦྱོང་གི་ཟུར་ངོས་གཞན་ཞིག།   

གསབ་སྦྱོང་གི་ཞོར་དུ་གད་སྙིགས་བཏུས་ཏེ་ཁོར་ཡུག་ལ་གཙང་གྲྭ་བྱས་པ།

གསབ་སྦྱོང་གི་ཡུལ་དངོས།

གསར་འགྱུར་མཁོ་སྤྲོད་པ།  རྒྱུ་ཐ་མཐོང་དགའ།


       ཨ་མའི་ལོ་ལོ་བྱིས་སྐྱོང་རིག་གནས་ཁྱབ་སྤེལ་ཞབས་ཞུ་ལྟེ་བས་ད་ལོའི་དགུན་གནང་སྐབས། མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གྲོགས་རྒན་པ་གཡུ་ཨ་གར་གྱི་རོགས་སྒྲུབ་ལ་བརྟེན་ནས་ཤེས་པ་གོང་འཕེལ་དང་། མ་ཤེས་པ་ལ་ཁ་གསབ་ཀྱི་ཚུལ་དུ། མཐོ་འབྲིང་དང་། དམའ་འབྲིང་། སློབ་ཆུང་རིམ་པའི་བྱིས་པ་ཁྱོན་ཉེ་ལྔར་སྔ་ཕྱི་ཟླ་ངོ་གཅིག་རིང་བོད་རྒྱ་དབྱིན་གསུམ་གྱི་གསབ་སྦྱོང་སློབ་ཁྲིད་གང་ནུས་ཀྱིས་སྤྲད་པ་ཡིན།

       ཐེངས་འདིའི་ཨ་མའི་ལོ་ལོ་གཙོ་སྐྱོང་བ་བདག་གིས་ཆེད་ཞུས་ཀྱི་དབྱིན་ཡིག་དགེ་རྒན་ཧ་རི་བྷ་དྲའམ་བྲག་དཀར་སྤྲེལ་རྫོང་དགོན་གྱི་ཨ་ཁུ་སེང་གེ་བཟང་བོ་དང་། བོད་ཡིག་དགེ་རྒན་སྐབས་བཅུ་གཉིས་པའི་སློབ་གྲོགས་རྒན་པ་གཡུ་ཨ་གར། རྒྱ་ཡིག་དང་རྩིས་དངོས་རྫས་གསུམ་གྱི་སློབ་མའི་དབྱར་དགུན་གནང་གི་ལས་བྱའི་དཀའ་གནད་མཛུབ་ཁྲིད་དགེ་རྒན། སྐབས་ཉེར་གཅིག་པའི་སློབ་གྲོགས་ཀླུ་བྱམས་རྒྱལ་བཅས་ཡིན།

      ཨ་མའི་ལོ་ལོ་དུས་ཐུང་ཟབ་སྦྱོང་སློབ་ཁྲིད་ཁྲོད་སློབ་ཆུང་སློབ་མའི་བསླབ་གཞི་དང་བསྟུན་ནས་བོད་ཡིག་གི་སྔོན་འགྲོའི་རྨང་གཞིའི་དེབ་གཅིག་དང་། དམའ་འབྲིང་སློབ་མར་སུམ་ཅུ་བའི་རྩ་འགྲེལ་སྐོར་ཀྱི་དྲིས་ལན་གདན་བསྡུས་ཀྱི་དེབ་གཅིག ད་དུང་མཐོ་འབྲིང་སློབ་མར་རྟགས་འཇུག་རྩ་འགྲེལ་དང་དྲིས་ལན་སྐོར་ནས་དེབ་གཅིག་བཅས་སྒྲིག་གཞི་མཐུས་ཚང་བའི་སྒོ་ནས་མ་ཡུམ་གངས་ལྗངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གྲོགས་རྒན་པ་གཡུ་ཨ་གར་གྱིས་གཙོ་བསྒྲིགས་བྱས་ཏེ་ཨ་མའི་ལོ་ལོ་དུས་ཐུང་ཟབ་སྦྱོང་ཆེད་སྤྱོད་ཚོད་ལྟའི་དེབ་ཚོགས་ཤིག་བསྒྲགས་ནས་རིན་མེད་དུ་སློབ་མ་རྣམས་ལ་ཕུལ་ནས་གསབ་སྦྱོང་བདེ་བླག་ཏུ་འཇུག་བསྡུས།

༢༠༢༡ལོའི་སློབ་ཆུང་དང་དམའ་འབྲིང་རིམ་པའི་དུས་ཐུང་གསབ་སྦྱོང་འཛིན་གྲྭའི་དགེ་སློབ་ཡོངས་ཀྱི་མཉམ་པར།

༢༠༢༡ལོའི་མཐོ་འབྲིང་རིམ་པའི་དུས་ཐུང་གསབ་སྦྱོང་རྟགས་འཇུག་འཛིན་གྲྭའི་དགེ་སློབ་ཡོངས་ཀྱི་མཉམ་པར།

གསར་འགྱུར་མཁོ་སྤྲོད་པ། བྱ་སྟོད་བོད་ཕྲུག



       གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་འགས་རང་ཡུལ་དུ་གཙོ་གཉེར་གནང་བའི་ཕ་ཁྱིམ་བདག་སྐྱོང་ཚོགས་པས་ལོ་རེའི་འཆར་ཅན་ལྟར་ལོ་མཇུག་གི་སློབ་གསོའི་ཚོགས་འདུ་གཟབ་རྒྱས་ངང་འཚོགས་ཤིང་།  ཚོགས་ཐོག་ཏུ་སློབ་གྲྭ་ཆེ་འབྲིང་ཁག་གི་རང་སྡེའི་སློབ་མ་དང་། སྡེ་བའི་ཤེས་ཡོན་པ།   སྡེ་བའི་འགོ་ཁྲིད།  ཁྱིམ་བདག་སོགས་མཉམ་ཞུགས་བྱས་ཡོད།   ཚོགས་ཐོག་ཏུ་ནག་བཟའ་འཇམ་དབྱངས་ཀླུ་སྒྲུབ་དང་འབའ་སྣང་གྲོལ། དགེ་སློང་དགེ་ཚོགས་སོགས་ཀྱིས་སྡེ་བའི་སློབ་གསོའི་འཕེལ་རྒྱས་དང་འབྲེལ་བའི་གཏམ་བཤད་བྱས་པ་དང་། སྡེ་བའི་ཏང་གཙོ་བསོད་ཕྱུག་རྒྱལ་ལགས་ཀྱིས་མི་གཞི་ཀུན་སྤྱོད་འཕེལ་རྒྱས་གཏོང་བའི་ཕྱོགས་ནས་ཁ་བརྡ་བྱས་མཐར།  ནག་བཟའི་སྡེ་བའི་སྡེ་མི་མཛད་རྗེས་ཅན་རྒན་པོ་བསམ་འཕེལ་ལགས་དང་ཕྱི་འགྲིམ་སློབ་མ་འབུམ་རམས་པ་སྒྲོལ་མ་སྐྱིད་གཉིས་ལ་བྱ་དགའ་ཕུལ་ནས་ཚོགས་འདུ་བདེ་བླག་ངང་མཇུག་བསྡུས།

ཚོགས་འདུའི་ཡུལ་དངོས།

ཕ་ཁྱིམ་བདག་སྐྱོང་ཚོགས་པའི་མཉམ་པར།

གསར་འགྱུར་མཁོ་སྤྲོད་པ།  གསར་འགོད་པ་འབའ་སྣང་གྲོལ།


       2021.01.18..02.02ཉིན་བར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་གསུམ་པའི་མཐར་ཕྱིན་སློབ་མ་ཚེ་དབང་རིག་འཛིན་དང་དབང་ཕྱུག་རབ་བརྟན་གཉིས་ཀྱིས་གསེར་ཆེན་རྫོང་རྟ་ནག་མ་བྲག་འཁྱོག་སྡེ་བའི་ཞིབ་འཇུག་སློབ་མ་དང་། སློབ་ཆེན་སློབ་མ་སྐོར་ཞིག་དང་མཉམ་འབྲེལ་སྒོས་ས་གནས་དེ་གའི་སློབ་མ་ལྔ་བཅུ་ལྷག་ལ་བོད་རྒྱ་དབྱིན་གསུམ་གྱི་རྨང་གཞིའི་སློབ་ཁྲིད་བྱས་པ་མ་ཟད་སློབ་མའི་དགུན་གནང་སྐབས་ཀྱི་སྦྱང་བྱ་རྩིས་དངོས་རྫས་གསུམ་སོགས་ཀྱི་གསབ་སྦྱོང་སྤྲད།

གསབ་སྦྱོང་ཡུལ་དངོས།

གསབ་སྦྱོང་ཡུལ་དངོས།

གསབ་སྦྱོང་ཡུལ་དངོས།

གསར་འགྱུར་མཁོ་སྤྲོད་པ།  རྒྱུ་ཐ་མཐོང་དགའ།


      2021.01.10 ཉིན་ནས་བཟུང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉི་ཤུའིམཐར་ཕྱིན་འཛིན་གྲྭ་གཉིས་པ་འམ་བླ་སྐར་དོན་བཞི་ཚང་གི་སློབ་མ་གདུགས་དཀར་རྒྱལ་གྱིས་ཆོས་ཚ་སྡེ་བར་ཉིན་ཤུ་ཉི་ལྷག་གི་དུས་ཡུན་རིང་།  ས་གནས་དེ་གའི་བྱིས་སྐྱོང་ནས་དམའ་འབྲིང་བར་གྱི་སློབ་མ་བདུན་ཅུ་ལྷག་ལ་སློབ་ཆུང་ནས་དམའ་འབྲིང་བར་གྱི་རྨང་གཞིའི་སློབ་ཁྲིད་བྱས་པ་དང་།   དམའ་འབྲིང་དང་མཐོ་འབྲིང་གི་རྒྱུགས་ཞུགས་སྐབས་ཀྱི་ཁ་ཕྱོགས་གཙོ་བོར་བཟུང་སྟེ་གསབ་ཁྲིད་བྱས།

གསབ་སྦྱོང་གི་ཡུལ་དངོས། 

དགེ་སློབ་མཉམ་པར།

གཟེངས་བསྟོད་དང་སྐུལ་འདེད།

གསར་འགྱུར་མཁོ་སྤྲོད་པ།  གསར་འགོད་པ། སངས་རྒྱས་རྒྱལ།


      2020 ལོའི་དགུན་ཁར་མཚོ་སྔོན་པོ་རྟ་ནག་མ་རུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་སྐབས་ཉེར་གསུམ་པའི་མཐར་ཕྱིན་སློབ་མ་ལྷ་མོ་དོན་འགྲུབ་གྱིས་ཕ་ཡུལ་བྲག་དཀར་སྡེ་བ་རུ་སློབ་མ་སུམ་བཅུ་ལྷག་ལ་བོད་ཀྱི་བརྡ་སྤྲོད་སུམ་རྟགས་སོགས་ཀྱི་གསབ་སྦྱོང་སྤྲད།

གསབ་སྦྱོང་ཡུལ་དངོས།

དགེ་སློབ་མཉམ་པར།

དྲན་རྟེན་མཉམ་པར།

གསར་འགྱུར་མཁོ་སྤྲོད་པ། རྒྱུ་ཐ་མཐོང་དགའ།



      གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་གསུམ་པའི་འཛིན་གྲྭ་དང་བོའི་མཐར་ཕྱིན་སློབ་མ་རྒྱུ་ཐ་མཐོང་དགའ་དང་རང་སྡེའི་གྲོགས་པོ་དཔའ་ཐོ་གཉིས་ཀས་གཙོ་སྒྲུབ་བྱས་པའི་སྐབས་དང་བོའི་དགུན་གནང་ལས་བྱའི་གསབ་ཁྲིད་ཕ་ཡུལ་སི་ཁྲོན་བྲག་མགོ་གཙང་སྨད་དུ་ཉིན་བཅོ་ལྔའི་རིང་འཚོགས་ཤིང་། ཐེངས་འདིར་སློབ་མ་ཚོའི་དགུན་གནང་ལས་བྱར་སྣེ་ཁྲིད་དང་ལམ་སྟོན་གྱི་ཞབས་ཞུའི་རྣམ་པ་གང་ལེགས་བྱས་པས། ཕ་ཡུལ་གྱི་ཡུལ་མི་ཚོས་རྒྱབ་སྐྱོར་དང་གཟེངས་བསྟོད་ཀྱང་མི་དམན་པ་ཐོབ་ཡོད།

གཟེངས་བསྟོད་བྱ་དགའ་འབུལ་བ།

གསབ་སྦྱོང་མཐར་ཕྱིན་གཟེངས་རྟགས།

དགེ་སློབ་མཉམ་པར།

གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ། རྒྱུ་ཐ་མཐོང་དགའ།


      ༢༠༢༠ ལོར་སྔ་ཕྱིར་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ལྔ་བའི་མཐར་ཕྱིན་སློབ་མ་དཀོན་མཆོག་བཟང་བོ་སོགས་ཀྱིས་སྣེ་ཁྲིད་འོག་ཀུན་མཐུན་ཚོགས་པས་ཁོར་ཡུག་སྲུང་སྐྱོང་དང་གད་སྙིགས་གཙང་བཟོ་སོགས་སྤྱི་ཕན་བྱ་འགུལ་སྤེལ་བ། བྱ་འགུལ་འདི་ནི་ཉིས་སྟོང་བཅུ་གཉིས་ལོར་འགོ་བརྩམས་ཏེ་ད་ལྟའི་བར་རྒྱུན་མ་ཆད་མི་སྣ་ལྷག་བསམ་ཅན་སྐོར་ཞིག་གི་མཉམ་འབྲེལ་སྒོས་བསྒྲུབ་གྱིན་པའི་བྱ་འགལ་གལ་ཆེན་ཞིན་ཡིན།

གད་སྙིགས་བཏུ་བཞིན་པ།

རི་སྒང་དུ་གད་སྙིགས་བཏུ་བར་ཆས་པ།

གད་སྙིགས་སྐྱེལ་འདྲེན་བྱེད་ཀྱིན་པ།

གསར་འགྱུར་མཁོ་སྤྲོད་པ། རྭ་རྒྱ་དཀོན་མཆོག་བཟང་བོ།




    ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་རྡལ་དམངས་ཁྲོད་ཁོར་ཡུག་བདག་གཉེར་དོ་དམ་མཐུན་ཚོགས་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སྐབས་བཅུ་བཞི་བའི་འཛིན་གྲྭ་གཉིས་པ་ཚང་གི་སློབ་མ་དཀོན་མཆོག་ཆོས་རྒྱན་གྱིས་སྣེ་ཁྲིད་བྱས་ཏེ་བཙུགས་པ་ཞིག་ཡིན་ལ། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བདུན་པར་ཚད་ལྡན་གྱི་ཆོག་མཆན་ཐོབ་པ་ཡིན།  ལོ་རེ་བཞིན་བྱ་འགུལ་སྣ་ཚོགས་སྤེལ་གྱིན་ཡོད་ལ་ཉིས་སྟོང་བཅུ་དགུ་ལོར་མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་ཁང་དང་མཉམ་འབྲེལ་གྱིས་ལྗོངས་ཞིང་ལྔའི་རྩོམ་པ་བོ་ཡོངས་ལ་ཁ་གཏད་དེ་༼སྣོད་བཅུད་རྟགས་མའི་རྩོམ་ཡིག་འགྲན་བསྡུར་༽ཞེས་པ་སྤེལ་བས་རྒྱལ་ཕྱི་ནང་ཀུན་ལ་བག་ཆགས་ཟབ་མོ་ཞིག་དང་སྐུལ་སློང་མི་དམན་པ་ཞིག་ཐོབ་ཡོད། 2020 ལོར་སྔ་ཕྱིར་བྱ་འགུལ་མི་འདྲ་བ་ཐེངས་དྲུག་ཅུ་རེ་དྲུག་སྤེལ་ཡོད། གཙོ་བོ་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་མོ་ཞིག་ཆགས་པའི་ཕྱིར་དུ་དྲིལ་སྒྲོག་སྣ་ཚོགས་ཀྱི་ལས་ཀར་འབད་བཞིན་ཡོད།  བོའུ་ཧན་ས་ཆར་དམངས་སྒོར་དྲུག་སྟོང་དང་ཁ་ཐུམ་སུམ་བརྒྱ་བཞི་བཅུ་ཡིས་ཞལ་འདེབས་ཕུལ།

གད་སྙིགས་བཏུས་ཏེ་ཁོར་ཡུག་གཙང་བཟོ་བྱེད་བཞིན་པ།

ཏོག་དབྱིབས་ནད་དུག་གསར་བའི་རིམས་འགོག་བྱ་འགུལ་སྤེལ་བ།

སྤྲེལ་རྫོང་ལྗོངས་རྒྱུའི་ས་ཁུལ་དུ་འཁོར་སྲུང་བྱ་འགུལ་སྤེལ་བ།

ལྗོངས་རྒྱུའི་ས་ཚིགས་དང་ཁོར་ཡུག་སྲུང་སྐྱོབ།

རིམས་འགོག་ཞལ་འདེབས།

གསར་འགྱུར་མཁོ་སྤྲོད་པ།   དཀོན་མཆོག་ཆོས་རྒྱན།


གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་དང་མཐར་མ་ཕྱིན་པའི་སློབ་མས་2020ལོའི་དབྱར་དགུན་གནང་གི་གོ་སྐབས་དང་བསྟུན་ཏེ་ས་གནས་སོ་སོར་སྤྱི་ཕན་བྱ་འགུལ་སྤེལ་བའི་གནས་ཚུལ་ཕྱོགས་བསྡུས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 0wp3 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23550779
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།