༢༠༡༩ལོའི་མཚོ་སྔོན་ཞིང་ཆེན་གྱི་དར་མའི་མཐོ་རྒྱུགས་ལ་མིང་ཐོ་འགོད་པའི་སྤྱི་བསྒྲགས།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 23 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »༢༠༡༩ལོའི་མཚོ་སྔོན་ཞིང་ཆེན་གྱི་དར་མའི་མཐོ་རྒྱུགས་ལ་མིང་ཐོ་འགོ
༢༠༡༩ལོའི་མཚོ་སྔོན་ཞིང་ཆེན་གྱི་དར་མའི་མཐོ་རྒྱུགས་ལ་མིང་ཐོ་འགོད་པའི་སྤྱི་བསྒྲགས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2019-08-27ལྟ་ཀློག (1995)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༢༠༡༩ལོའི་མཚོ་སྔོན་ཞིང་ཆེན་གྱི་དར་མའི་མཐོ་རྒྱུགས་ལ་མིང་ཐོ་འགོད་པའི་སྤྱི་བསྒྲགས།

འདོན་སྤྲོད་པ། ལྷ་མཁར་རྒྱལ།

     ད་ལོ་ནས་བཟུང་རང་རེའི་ཞིང་ཆེན་གྱི་དར་མའི་མཐོ་རིམ་སློབ་ཞུགས་རྒྱུགས་ལེན་གྱི་མིང་ཐོ་འགོད་པར་དྲ་ཐོག་མིང་ཐོ་འགོད་པ་དང་ཡུལ་དངོས་གཏན་འཁེལ་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་ཆ་འཕྲིན་རེའུ་མིག་འགོད་འབུལ་དང་། ཡུལ་དངོས་སུ་ཁས་ལེན་(མིང་ཐོ་འགོད་གནས་ཐོག་མའི་ཞིབ་དཔྱད)དྲ་ཐོག་གྲོན་དངུལ་འཇལ་སྤྲོད། ད་ལྟ་མིང་ཐོ་འགོད་པའི་སྤྱི་བསྒྲགས་སྤེལ་རྒྱུ་གཤམ་གསལ།

གཅིག  དུས་ཚོད་བཀོད་སྒྲིག

      ཆ་འཕྲིན་རེའུ་མིག་འགོད་པའི་དུས་ཚོད། ༢༠༡༩ལོའི་ཟླ༨པའི་ཚེས༢༧ཉིན་གྱི༩:༠༠ནས་ཟླ༩བའི་ཚེས༥ཉིན་གྱི༡༥:༠༠བར།

ཡུལ་དངོས་ཀྱི་གཏན་ཁེལ་དུས་ཚོད། ༢༠༡༩ལོའི་ཟླ༩བའི་ཚེས༦ནས་ཟླ༩བའི་ཚེས༡༠(དེའི་ནང་དུ་དུས་ཆེན་དང་གུང་གསེང་། ཉིན་རེའི་ལས་ཀའི་དུས་ཚོད་འདུ།)

མིང་ཐོ་འགོད་གནས་ཀྱི་ཐོག་མའི་དུས་ཚོད། ༢༠༡༩ལོའི་ཟླ༩བའི་ཚེས༦ནས་ཟླ༩བའི་ཚེས༡༡ཉིན།

དྲ་ཐོག་དངུལ་སྤྲོད་དུས་ཚོད། ༢༠༡༩ལོའི་ཟླ༩བའི་ཚེས༡༢ཉིན་གྱི་ཆུ་ཚོད༩:༠༠ནས་ཟླ༩བའི་ཚེས༡༥ཉིན་གྱི་ཆུ་ཚོད༡༥:༠༠

རྒྱུགས་ལེན་ས་ཁུལ་གྱི་མཐའ་མའི་འདྲི་གཅོད་དུས་ཚོད། ༢༠༡༩ལོའི་ཟླ༩བའི་ཚེས་༡༢ནས་ཟླ༩བའི་ཚེས་༡༦ཉིན།

རྒྱུགས་སྤྲོད་དཔང་ཡིག་དཔར་བའི་དུས་ཚོད། ༢༠༡༩ལོའི་ཟླ༡༠བའི་ཚེས་༢༡ནས་ཟླ༡༠བའི་ཚེས་༢༧ཉིན་བར།

རྒྱུགས་ལེན་པའི་དུས་ཚོད། ༢༠༡༩ལོའི་ཟླ༡༠བའི་ཚེས༢༦ཉིན་ནས་ཟླ༡༠ཚེས༢༧ཉིན།


གཉིས། མིང་ཐོ་འགོད་རིམ་དང་འགོད་ཐབས།

      རྒྱུགས་སྤྲོད་སློབ་མ་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོའི་རྒྱུགས་ལེན་དྲ་བ་(http://www.qhjyks.com/)གྲངས་འཛིན་རྒྱུགས་ལེན་ཞབས་ཞུ་ཚོམས་ཆེན་ནང་དུ་"་རྒྱུགས་ལེན་མིང་ཐོ་"་མནན་ནས་རྒྱུགས་སྤྲོད་སློབ་མ་རྒྱུགས་སྤྲོད་སྟེགས་བུའི་མཚམས་ངོས་སུ་ཞུགས་པ་དང་གཏན་འཁེལ་བྱས་པའི་དུས་ཚོད་ནང་བཀོལ་སྤྱོད་བྱ་དགོས།

ཞིབ་ཕྲའི་བརྒྱུད་རིམ་དང་རེ་བ་ནི་རྒྱུགས་སྤྲོད་སློབ་མས་སྤྱི་བསྒྲགས་འདིའི་ཟུར་བཀོད་ནང་དོན་ལ་ཞིབ་ལྟ་བྱེད་དགོས།

 

གསུམ།  འགྲོ་གྲོན་བསྡུ་ཕྱོགས་སྐོར།

      ཞིང་ཆེན་སྲིད་གཞུང་གི་བཀའ་རྒྱ་ཨང༣༤པ(ཞིང་ཆེན་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཟོག་གོང[༢༠༠༡]ཡིག་ཨང༦༥༡པ)་གཏན་འབེབས་ལྟར།  ནར་སོན་པའི་དར་མའི་མཐོ་རྒྱུགས་ལ་མིང་ཐོ་འགོད་པར་ཐེངས་རེར་ཚན་པར་སྒོར༢༥སྤྲོད་དགོས།རྒྱུགས་སྤྲོད་ཚོད་ལྟ་བྱ་བའི་གྲོན་དངུལ།(རང་ཉིད་ཀྱིས་ཐག་གཅོད་བྱ་དགོས།)

 

བཞི།   རྒྱུགས་སྤྲོད་དཔང་ཡིག་དཔར་དགོས།

    རྒྱུགས་སྤྲོད་སློབ་མའི་རྒྱུགས་སྤྲོད་དཔང་ཡིག་ནི་རྒྱུགས་སྤྲོད་གཏན་འཁེལ་བྱས་པའི་དུས་ཚོད་ནང་རང་འགུལ་གྱིས་དཔར་དགོས་པ་དང་། A4ཤོག་བུ་འཕྲེད་ཕྱོགས་སུ་དཔར་དགོས། རྒྱུགས་ལེན་ས་གནས་ནི་རྒྱུགས་ལེན་ཁུལ་སོ་སོས་མིང་ཐོ་བཀོད་པའི་གནས་ཚུལ་དངོས་ལ་གཞིགས་ནས་གཏན་འཁེལ་བྱ་དགོས་པ་མ་ཟད། རྒྱུགས་སྤྲོད་སློབ་མའི་རྒྱུགས་སྤྲོད་ལག་ཁྱེར་ཐོག་ཞིབ་ཕྲའི་གསལ་བཤད་བྱ་དགོས།

 

ལྔ། རྒྱུགས་འབྲས་འདྲི་རྩད་བྱེད་ཕྱོགས་སྐོར།

     རྒྱུགས་འབྲས་ཁྱབ་བསྒྲགས་བྱས་རྗེས་རྒྱུགས་སྤྲོད་སློབ་མས་དར་མའི་མཐོ་རྒྱུགས་རྒྱུགས་སྤྲོད་འཕྲིན་སྟེགས་སུ་རིན་མེད་འདྲི་རྩད་བྱེད་ཆོག རྒྱུགས་འབྲས་ཁྱབ་བསྒྲགས་བྱེད་པའི་དུས་ཚོད་ནི་རྒྱུགས་སྤྲོད་སྟེགས་བུའི་བརྡ་སྦྱོར་ལ་དོ་སྣང་བྱེད་དགོས།

 

དྲུག  སྒྲིག་འགལ་གྱིས་ཐག་གཅོད།

     རྒྱུགས་ལེན་པའི་བརྒྱུད་རིམ་ནང་གི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་<<ཉེས་ཁྲིམས་དག་བཅོས་འཆར་ཟིན་ཨང(དགུ)་>>དང<<རྒྱལ་ཁབ་ཀྱི་སློབ་གསོ་རྒྱུགས་ལེན་གྱི་སྒྲིག་འགལ་ཐག་གཅོད་བྱ་ཐབས>>(ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོ་པུའུ་ཡི་བཀའ་ཨང༣༣པ)སོགས་གཞིར་བཟུང་ནས་ཐག་གཅོད་རྒྱུ།

 

བདུན།  གསལ་བཤད་གཞན་དག

(གཅིག)

   དར་མའི་མཐོ་རྒྱུགས་ལ་རྒྱུགས་སྤྲོད་མཁན་རྒྱུགས་སྤྲོད་སློབ་མ་ཚང་མ་ངེས་པར་དུ་དྲ་ཐོག་ནས་མིང་ཐོ་འགོད་དགོས།དེའི་ནང་རྒྱུགས་སྤྲོད་མི་དགོས་པར་སློབ་གྲྭར་ཞུགས་པའི་རྒྱུགས་སྤྲོད་སློབ་མ་ཡང་ཚུད་ཡོད།

(གཉིས།)

     རྒྱུགས་སྤྲོད་སློབ་མས་ངེས་པར་དུ་དངོས་སུ་མིང་ཐོ་འགོད་སའི་འཕྲིན་སྟེགས་བརྒྱུད་ནས་མིང་ཐོ་འགོད་དགོས་པ་མ་ཟད།ཡུལ་དངོས་སུ་གཏན་འཁེལ་བྱེད་པར་ཞུགས་དགོས། རྒྱུགས་སྤྲོད་སློབ་མས་རང་ཉིད་ཀྱིས་བྲིས་པའི་མི་སྒེར་གྱི་ཆ་འཕྲིན་དང་ཐོ་འགོད་རྒྱུགས་སྤྲོད་ཀྱི་ཆ་འཕྲིན་གནད་ལ་འཁེལ་བའི་འགན་འཁུར་དགོས་པ་དང་།ཐོ་འགོད་རྒྱུགས་སྤྲོད་ཀྱི་ཆ་འཕྲིན་ཞིབ་བཤེར་གཏན་འཁེལ་བྱས་རྗེས་བཟོ་བཅོས་བྱ་མི་ཆོག

གསོ་སྐྱོང་སྦྱོང་བརྡར་ལས་ཁུངས་སམ་རྩ་འཛུགས་གཞན་དག་ལ་རྒྱུགས་སྤྲོད་སློབ་མའི་ཚབ་བྱས་ཏེ་མིང་ཐོ་འགོད་རྒྱུ་མངགས་རིགས་གཏན་འགོག་བྱ་དགོས་པ་དང་།གལ་ཏེ་ཁྲིམས་དང་འགལ་བའི་རྐྱེན་གྱིས་ཆ་འཕྲིན་ལ་ནོར་འཛོལ་བྱུང་ན་འགན་འཁྲི་དེ་རང་ཉིད་ཀྱིས་འཁུར་དགོས།

(གསུམ།)

      རྒྱུགས་སྤྲོད་སློབ་མས་དྲ་ཐོག་ཚགས་པར་ཐོ་འགོད་གསང་གྲངས་བརྗེད་དེ་རྒྱུགས་སྤྲོད་འཕྲིན་སྟེགས་བརྒྱུད་དེ་བསྐྱར་སྒྲིག་བྱ་རྒྱུའི་བླང་བྱ་བཏོན་ཆོག་ཅིང་། མིང་འགོད་འཕྲིན་སྟེགས་ཀྱིས་རྒྱུགས་སྤྲོད་སློབ་མའི་མིང་ཐོ་འགོད་སྐབས་བྲིས་པའི་གློག་རྡུལ་ཡིག་ཟམ་དུ་སྐྱེལ་སྲིད།

(བཞི།)

      རྒྱུགས་སྤྲོད་སློབ་མས་གྲོན་དངུལ་འཇལ་སྤྲོད་ཀྱིས་བཀོལ་སྤྱོད་གཟབ་ནན་བྱ་དགོས། དངུལ་སྤྲོད་ལེགས་འགྲུབ་བྱུང་རྗེས།གནས་ཚུལ་ཅི་འདྲ་ཞིག་གི་འོག་ཏུའང་གྲོན་དངུལ་ཕྱིར་མི་སློག

(ལྔ)

      ཐག་མ་ཆོད་པའི་དོན་དག་གཞན་རྣམས་ཐེམ་ཐོའམ་ཡང་ན་ལས་ཀའི་ཚན་པ་གནས་ཡུལ་གྱི་རྒྱུགས་ཁུལ་ལ་འབྲེལ་བ་བྱེད་རོགས་གནང་།

འབྲེལ་གཏུག་ཁ་པར།18397107334(དགེ་རྒན་ཝང་།)

 青海省2019年成人高考报名公告

མཚོ་སྔོན་ཞིང་ཆེན་མཐོ་རིམ་སློབ་གྲྭའི་སློབ་མ་བསྡུ་བའི་ཨུ་ཡོན་ལྷན་ཁང་།

༢༠༡༩ལོའི་ཟླ༨པའི་ཚེས༢༤ཉིན་ལ།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། tqiw བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5794261
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号