གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དཔེ་འཕྲིན་དང་བོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དཔེ་འཕྲིན་དང་བོ།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དཔེ་འཕྲིན་དང་བོ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2019-07-11ལྟ་ཀློག (7361)རྩོམ་ཁུངས: ངེད་དྲ་བ།


གཏམ་དཔེ་མེས་པོའི་ཞལ་ལུང་།

གཏམ་དཔེ་མེས་པོའི་ཞལ་ལུང་།

       《གཏམ་དཔེ་དང་གནའ་གཏམ་མེས་པོའི་ཞལ་ལུང་། 》ཞེས་པའི་དེབ་འདི་གཉིས་ནི་༢༠༡༩ལོའི་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་སྐབས་ཉེར་གཉིས་པའི་མཐར་ཕྱིན་འཛིན་གྲྭ་དང་བོས་སྒྲིག་རྩོམ་བྱས་པ་ཡིན་ལ། དེ་ཡང་གཏམ་དཔེ་དང་གནའ་གཏམ་ནི་མིའི་རིགས་ཀྱི་སྤྱི་ནོར་དུ་ངོས་བཟུང་ན་ཆོག་སྟེ། དེ་ལས་ཀྱང་ང་ཚོ་བོད་མི་རིགས་ནི་གཏམ་དཔེ་དང་གནའ་གཏམ་གྱི་འབྱུང་ཁུངས་ཡིན་ཞེས་བཤད་ནའང་ཐལ་མི་ཆེ་སྙམ། གནའ་སྔ་མོ་ནས་ང་ཚོའི་མི་རིགས་འདི་ཆུང་བྱིས་པ་ནས་རྒན་སྐྲ་དཀར་བར་གཏམ་དཔེ་དང་གནའ་གཏམ་མི་ཤེས་མཁན་ཕལ་ཆེར་མེད་ལ། ང་ཚོ་སུ་ཡིན་ཡང་ཕ་མའི་གནའ་གཏམ་ལ་ཉན་ནས་འཚར་ལོངས་བྱུང་བ་མ་ཟད། གཏམ་དཔེ་དང་འབྲེལ་བའི་ཁྱད་མཚར་བའི་སློབ་གསོ་མང་བོ་མྱངས་ཏེ་ནར་སོན་པ་ཞིག་རེད། ཡིན་ཡང་དེང་གི་དུས་འདིར་ཆ་འཕྲིན་སོགས་ཀྱི་དབང་གིས་ན་གཞོན་མང་བོ་ཞིག་བྱིས་དུས་ནས་འཇར་འགོག་དམག་འཁྲུག་དང་འགུལ་རིས་གློག་བརྙན་སོགས་ལ་མགོ་འཁོར་ཏེ། རང་མི་རིགས་ཀྱི་ཐུན་མིན་རིག་གནས་ཏེ། མེས་པོ་གོང་མ་དག་གི་ངག་ལས་བརྒྱུད་འོང་བའི་གཏམ་དཔེ་དང་གནའ་གཏམ་དག་ལ་ཆ་མེད་རྒྱུས་མེད་དུ་གྱུར་འདུག་པར་དམིགས་ནས་སློབ་དཔོན་རིན་པོ་ཆེ་ཤེས་རབ་བསྟན་དར་མཆོག་དང་། འཛིན་བདག་དགེ་རྒན་རྔ་བ་དར་རྒྱས་རྣམ་གཉིས་ཀྱི་མཛུབ་སྟོན་འོག་ངེད་འཛིན་གྲྭས་མདོ་དབུས་ཁམས་གསུམ་གྱི་ཡུལ་ལུང་སོ་སོའི་རྒན་རབས་མང་བོ་ཞིག་གི་ལྗགས་རྩལ་ལས་མཚར་ལ་རིང་བའི་གནའ་གཏམ་དང་། སྲིད་པ་རྒད་པོའི་ཉམས་མྱོང་གི་སྡོམ་ཚིག་ཏུ་བཀོད་པའི་གཏམ་དཔེ་མི་ཉུང་བ་སྒྲིག་རྩོམ་བགྱིས་ཏེ་ཞུ་དག་ཡང་ཡང་བྱས་པས།  མཐར་རྒྱ་མཚོ་ལས་ཆུ་ཐིགས་ཀྱི་དཔེ་ལྟར་ཉམས་མྱོང་གི་སློབ་གསོ་དང་སྐད་ཆའི་ཉིང་བཅུད་འདུས་པའི་དེབ་འདི་གཉིས་དཔར་སྐྲུན་ཞུས་པས་རྒྱ་ཆེའི་ཀློག་པ་བོ་ཡོངས་ཀྱི་ཐུགས་ཡིད་ཚིམ་པར་སྨོན།

རྨ་འགྲམ་གྱི་མེ་ཏོག

       རྨ་འགྲམ་གྱི་མེ་ཏོག་ཅེས་པའི་དེབ་འདི་ནི། ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་གཉིས་པའི་མཐར་ཕྱིན་འཛིན་གྲྭ་དང་བོའི་སློབ་མ་དག་གིས་དགེ་རྒན་རིན་པོ་ཆེའི་མདུན་ནས་སྙན་འགྲེལ་དབྱངས་ཅན་དགྱེས་གླུའི་ཁྲིད་ཆ་ཚང་ཐོབ་ཅིང་། སྙན་ངག་ལ་སློབ་སྦྱོང་ཅུང་ཙམ་བྱས་པའི་འབྲས་རྟགས་སུ་སློབ་མ་ཚོའི་ནང་སེམས་ཀྱི་དགའ་སྐྱོའི་དབྱངས་རྟ་དག་ཡིག་འབྲུར་ཕབ་པ་ཞིག་སྟེ། སྲོལ་རྒྱུན་སྙན་ངག་གི་རྩོམ་སྟངས་གཞིར་བྱས་ཏེ་བཅད་རྩོམ་དག་བསྒྲིགས་ཤིང་དཔར་དུ་བསྐྲུན་པ་ཞིག་ཡིན་ལ། འདི་ནི་ང་ཚོ་ལོ་འདི་དག་གི་རིང་ལ་བྱམས་དང་བརྩེ་བས་བསྐྱངས་པའི་དགེ་རྒན་བཀའ་དྲིན་ཅན་རྣམ་པའི་དྲིན་ལན་གྱི་ཆ་ཤས་ཙམ་གསབ་པའི་སླད་དུའང་ཡིན་ནོ།།

ཕྱི་ཐག་འཐེན་པའི་ཁྲེལ་གཞུང་།

        ཁྱོད་ལ་ཁྲེལ་གཞུང་དང་ཕྱི་ཐག་ཡོད་དམ།  ཁྱོད་ཀྱིས་ཁྲེལ་གཞུང་དང་ཕྱི་ཐག་སོགས་ལ་ཁ་གཡར་ཏེ་སྤྲེལ་ལད་མང་བོ་འཁྲབ་ཡོད་ཀྱང་སྲིིད། ཕྱི་ཐག་དང་ཁྲེལ་གཞུང་ནི་བཅོས་མིན་གྱིས་གྲོགས་པོར་འགྲོགས་སྟངས་ཤིག་ཡིན་ངེས།  ཀློག་པོ་བོ་ལགས་ཁྱེད་ཀྱིས་ཁྲེལ་གཞུང་དང་ཕྱི་ཐག་བསྲིངས་ཏེ་དེབ་འདིར་གཟིགས་དང་། ད་གཟོད་ཁྱེད་ཀྱིས་བཅོས་མིན་གྱི་ཁྲེལ་གཞུང་དང་ཕྱི་ཐག་ཅིག་རྙེད་སྲིད། ང་ཚོ་ཕུ་ནུ་གྱ་ལྔའི་འགྲོ་འདུག་གི་ལག་དེབ་ལྟ་བུའི་གྱེས་གཏམ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་དུ་ལོ་ངོ་ལྔ་དྲུག་གི་རིང་ལ་སློབ་སྦྱོང་བྱས་པའི་བརྒྱུད་རིམ་ཁྲོད་ཕུ་ནུའི་དགོད་སྒྲ་དང་།  མཛའ་བརྩེའི་རླབས་སྒྲ།  གྱེས་ཁའི་སྐྱེལ་གཏམ་དང་དུང་བའི་འཛུམ་དཀར་སོགས་ཡིག་འབྲུ་རེ་རེའི་ནང་སྙིང་དུ་སིམ་པར་བྱས་པས་ང་ཚོར་འདི་ལས་ལྷག་པའི་དྲན་རྟེན་ཞིག་མེད།

བརྩེ་བ་བཏུས་པའི་མེ་ལོང་།

       བརྩེ་བ་བཏུས་པའི་མེ་ལོང་ཞེས་པ་ནི་འཇིགས་མེད་ལབ་ཙེ་རུ་དཔུང་ཚང་གི་མི་ལོ་དུ་མའི་མངར་སྐྱུར་ཁ་གསུམ་གྱི་འཚོ་བར་ཕྱིར་དྲན་བྱེད་པའི་མེ་ལོང་ལྟ་བུ་ཡིན་ལ། ཁོ་ཚོས་བཤད་ན། དེབ་ཆུང་འདིར་བརྩེ་བའི་འཛུམ་དཀར་གྱིས་ཕྱུག་པའི་ཁྲེལ་གཞུང་ཡོད་ཅིང་། དུང་བས་བསླུས་པའི་མཛའ་བརྩེ་ཧ་ཅང་མང་ཟེར། དེ་བས་དེབ་ཆུང་འདི་ནི་ཁོ་ཚོ་དང་འབྲལ་མི་སྲིད་པའི་འགྲོ་འདུག་གི་ལག་དེབ་ཅིག་ཏུ་བརྩིས་ཡོད།

བློ་འདྲི་ཡུལ། 
སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན། 
སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ།
སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ།  
སློབ་དཔོན་ཆེན་མོ་ཤེས་རབ་བསྟན་དར།

མཛུབ་སྟོན་དགེ་རྒན།
སློབ་དཔོན་ཆེན་མོ་ཤེས་རབ་བསྟན་དར།
དགེ་རྒན་རྔ་བ་དར་རྒྱས།

རྩོམ་སྒྲིག་པ།
ལྕགས་ཐར་འབུམ། བན་དེ་མཁར། བསོད་ནམས་ལྷུན་གྲུབ།
ཨ་རིག་འཇིགས་མེད། ཚེ་རིང་རྡོ་རྗེ། ལེགས་བཤད་ནོར་བུ།
བསྟན་འཛིན་ཉི་མ།

རྒྱུད་དྲུག་ངག་གི་ལང་ཚོ།

རྩོམ་པ་བོ བུདྡྷ།  ཆ་རུ།   སྤྲེལ་ཟླ། སྒྲོག  གངས་སྙུག  སྤྲེལ་དབྱངས་སྨྱུག 

ཉི་ཤུའི་རིག་གནས་འགྲུལ་བཞུད།

རྩོམ་པ་བོ།  སེར་ཚང་པ།

གསེར་ལྡན་སྒེག་མོའི་གླུ་དབྱངས།

རྩོམ་པ་བོ། བསྟན་འཛིན་ཉི་མ། ལི་ཐང་འཇམ་དཔལ། གསང་བདག་ཚེ་བརྟན། ཚུལ་ཁྲིམས་བློ་ལྡན། 

དད་པའི་ཅོང་སྒྲ།

རྩོམ་པ་བོ།  ཁུ བདུད་འདུལ།


ལོ་རྒྱུས་བྱིས་པའི་ཁ་རྒྱན།

རྩོམ་པ་བོ།  ས་དམར་ཨ་བློ།

གཟུང་འཛིན།

རྩོམ་པ་བོ། མདུད་པ་ནག་པོ།

འབྲེལ་གཏུགས་བྱ་ཡུལ།

ཨ་རིགས་འཇིགས་མེད།

18897251345

ལེགས་བཤད་ནོར་བུ། 

18194698953

ལྕགས་ཐར་འབུམ།

16609753469

བསོད་ནམས་ལྷུན་གྲུབ།

16609750455


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། jg8m བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23532695
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།