ལས་མི་བསྡུ་བའི་བརྡ་ཐོ།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་རྒྱུད་འགོའི་དཔར་ཁང་ནང་དུ་གློད་ཀླད་ཀྱི་རྒྱུན་ཤེས་ཡོད་པའི་བུད་མེད་ལས་བཟོ་བ་ཞིག་དང་། སྐུ་འབུམ་བོད་པའི་ཟས་ཀྱི་ཟ་ཁང་ནང་དུ་བོད་ཟས་གཡོས་སྦྱོར་ལ་བྱང་ཆ་ཡོད་པའི་ཇ་མ་གཅིག་བཅས་ལས་མི་གཉིས་བསྡུ་ལེན་བྱ་རྒྱུ་ཡིན་པས་མོས་པ་ཡོད་མཁན་ཚོས་དོ་སྣང་བྱ་དགོས་པའི་ཆ་རྐྱེན་གཤམ་གསལ་ལྟར།
གཅིག དཔར་ཁང་གི་ལས་བཟོ་བའི་ཆ་རྐྱེན།
༡ བུད་མེད་ཡིན་དགོས།
༢ ལོ་18 ནས30
བར་ཡིན་དགོས།
༣ གློག་ཀླད་ཀྱི་རྒྱུན་ཤེས་ཡོད་དགོས།
༤ མཐོ་འབྲིང་དང་དམའ་འབྲིང་གི་རིག་གནས་ཆུ་ཚད་ཡོད་པ།
༥ དུས་ཚོད་ཀྱི་འདུ་ཤེས་ཡོད་པ་དང་སློབ་གསོ་ལ་དགའ་མོས་ཡོད་པ །
གཉིས། བོད་པའི་ཟས་ཀྱི་ཇ་མའི་ཆ་རྐྱེན།
༡ བུད་མེད་ཡིན་དགོས།
༢ ལོ་18 ནས30 བར་ཡིན་དགོས།
༣ སྤྱིར་བཏང་གི་བོད་ཟས་གཡོས་སྦྱོར་ལ་བྱང་ཆ་ལྡན་དགོས།
༤ ཀུན་སྤྱོད་གཙང་ཞིང་མགྲོན་པོར་གུས་བརྩི་ཡོད་པ །
༥ བྱ་བར་བློ་དཀར་ཞིང་ནན་ཏན་ཡིན་པ
།
གསུམ། ལས་བཟོ་བའི་མཐུན་སྦྱོར་རིགས།
༡ ཐོག་མའི་ཟླ་གཅིག་ནི་ཚོད་ལྟའི་སྐབས་ཡིན་པས་ཟླ་ཕོགས་སྒོར་1500 ནས་རང་གི་འཇོན་ནུས་ལྟར་ཡར་བསྟོད་ངེས་ཡིན །
༢ ལས་བཟོ་བའི་ཉལ་ཁང་དང་ཟ་མ་ངེད་༼བོད་པའི་ཟས་༽ཇ་ཁང་གིས་འགན་འཁུར་རྒྱུ་ཡིན།
༣ ཇའི་རིགས་ཀྱི་བཟོ་རྩལ་ལ་ཐུན་མིན་གྱི་བྱང་ཆ་ཡོད་པ་ཡིན་ན་དམིགས་གསལ་སྟེར་རྒྱུ་ཡིན།
༤
གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་མཐར་ཕྱིན་སློབ་མ་ཡིན་ན་དམིགས་གསལ་སྟེར་རྒྱུ་ཡིན།
༥
ཟས་སྦྱོར་དང་གསོལ་ཇའི་རིགས་ཀྱི་བཟོ་རྩལ་ལ་བྱང་ཆ་མེད་ན་ངེད་༼བོད་པའི་ཟས་༽ཇ་ཁང་གིས་དུས་བཅད་ལྟར་རིན་མེད་གསབ་སྦྱོང་སྤྲོད་རྒྱུ་ཡིན།
བཞི། མིང་ཐོ་འགོད་སྟངས།
ཁ་པར་དང་འཕྲིན་ལམ་དུ་མིང་ཐོ་འགོད་སྐབས་རང་ཉིད་མཚམས་སྦྱོར་མདོར་བསྡུས་ཤིག་དང་ཁ་པར་ཨང་གྲངས། ཐོབ་དཔང་ཨང་གྲངས། སྡོད་གནས་སོགས་གསལ་བོ་བཤད་དགོས་པ་དང་མིང་ཐོ་དངོས་སུ་འགོད་སྐབས་རང་གི་ཉེ་པར་དང་ཐོབ་ཐང་དཔང་ཡིག་སོགས་དངོས་སུ་ཁྱེར་ཡོང་དགོས།
མིང་ཐོ་འགོད་པའི་དུས་ཡུན་སྤྱི་ཟླ་5ཚེས་1ནས་15བར་ཡིན།
ལྔ། མིང་ཐོ་འགོད་གནས།
འབྲེལ་གཏུག་བྱ་ཡུལ།
འོད་ཟེར་བཟང་བོ། 18197123666
ཁཱ་ཤེས་རབ་རྒྱ་མཚོ། 15283703999
འབའ་སྣང་གྲོལ། 18946885460
ཚེ་རིང་དོན་འགྲུབ། 18397087229
|