ལྷད་མེད་ངོ་གདོང་མཛེས་སྤྲས་བོད་སྨན།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 19 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »ལྷད་མེད་ངོ་གདོང་མཛེས་སྤྲས་བོད་སྨན།
ལྷད་མེད་ངོ་གདོང་མཛེས་སྤྲས་བོད་སྨན།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2018-01-12ལྟ་ཀློག (15344)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མཛེས་སྤྲས་བོད་སྨན་གསར་གཏོད་མཁན་སྨན་པ་ཤེས་རབ་རྒྱ་མཚོ།

     དེ་ཡང་མཛེས་སྦྲས་བོད་སྨན་གསར་གཏོད་མཁན་སྨན་པ་ཤེས་རབ་རྒྱ་མཚོ་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་སོགས་མཐར་ཕྱིན་རྗེས་གཞུང་སྒེར་གྱི་སྨན་རམས་པ་དུ་མའི་ཞབས་རྡུལ་སྤྱི་བོས་བླངས་ཏེ་བོད་ཀྱི་གསོ་བ་རིག་པའི་གཞུང་ལ་འབད་བརྩོན་ལྷོད་མེད་བྱེད་མཁན་ཞིག་དང་། བོད་ཁུལ་གྱི་བོད་སྨན་ཁང་དུ་མའི་ནང་ནས་དངོས་སྦྱོང་དང་ལག་ལེན་ཉམས་མྱོང་གི་ཐད་ནས་དམངས་ཁྲོད་དུ་ཆེས་དགའ་བསུ་ཐོབ་བཞིན་པའི་སྨན་པ་དཀྱུས་མ་ཞིག་ཡིན་པར་མ་ཟད། རང་ཡུལ་དང་ས་ཕྱོགས་ངེས་མེད་ལ་དབུལ་སྐྱོར་དང་ཉམ་ཐག་གང་ཡོད་ལ་རོགས་རམ་ཅི་ཐུབ་བྱེད་པའི་ཁ་ཡོད་ལག་ཡོད་ཀྱི་གྲྭ་རྐྱང་དགེ་ལས་པ་ཞིག་ཀྱང་ཡིན།  ད་སྐབས་ཁོང་གིས་དུས་རབས་གསར་བའི་དགོས་མཁོ་དང་མཐུན་ཞིང་བོད་སྨན་ཁྲོམ་ར་ཅན་དུ་གཏོང་བར་ནུས་ཚོད་ཀྱིས་མཛེས་སྦྲས་བོད་སྨན་ཞིག་གསར་གཏོད་བྱས་ཡོད།

       དེ་ནི་བོད་ཀྱི་སྲོལ་རྒྱུན་གྱི་གསོ་བ་རིག་པའི་གཞུང་ལུགས་དང་ལག་ལེན་ཟུང་དུ་སྦྲེལ་ཅི་ཐུབ་བྱས་ཤིང་།  ཡུན་རིང་ཉམས་ཞིབ་དང་བརྟགས་དཔྱད་བྱས་པ་བརྒྱུད་ཉིས་སྟོང་བཞི་ནས་བཟུང་མཛེས་སྤྲས་བོད་སྨན་སྡེབ་སྦྱོར་བྱེད་པའི་འགོ་བཙུགས་ལ།  ཆེས་ཐོག་མར་ཁ་ངོའི་རྨ་ལ་ཕན་ན་ཡང་སྐྱི་པགས་ཀྱི་འཇམ་ཤ་དང་རློན་ཤ་སོགས་ལ་མི་འགྲིག་ཅིང་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་པ་སོགས་ཀྱང་བྱུང་མྱོང་ཡོད།

       ཡིན་ནའང་ཕམ་ཁའི་ཉམས་མྱོང་གཞི་རྩར་བཟུང་ནས་ཡང་བསྐྱར་སྨན་སྣ་གསར་དུ་བསྡེབས་པ་དང་གསོ་རིག་ཆེད་མཁས་ཀྱི་མཁས་དབང་གི་ཞབས་ལ་གཏུགས། ཉིས་སྟོང་བཅུའི་ལོ་ནས་རིམ་གྱིས་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་བོད་སྨན་ཁང་གི་བོད་སྨན་གྱི་གཞུང་ལུགས་དང་ལག་ལེན་ལ་བྱང་ཆུབ་པའི་སྨན་རམས་པ་རིན་ཆེན་གྱིས་མཛུབ་ཁྲིད་བྱས་འོག་སྦྱང་བརྩོན་ལྷོད་མེད་བྱས་ཤིང་། ཡང་བསྐྱར་མཛེས་སྤྲས་བོད་སྨན་གྱི་སྡེབ་སྦྱོར་ཚོད་ལྟ་བྱས།

     དེའི་རྗེས་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་དུ་སྨན་ཁང་བཙུགས་ཏེ་ནད་པ་ཚོར་དངོས་སུ་ལག་ལེན་དུ་བཏབ་པས་ཕན་པ་རྒྱ་ཆེན་བྱུང་ཡོད།   ཐོག་དང་བོར་ཁ་ངོ་སྐྲངས་ཏེ་ཆུ་སེར་དང་ཟ་འཕྲུག་ཡོད་པ།    ཁྲག་གི་སྙིགས་མ་ལས་བྱུང་བའི་ཆ་ནས་ཁ་ངོའི་རྨ་མདོག་དམར་བོ་དང་།   ནག་པོ།   དཀར་བོ།   ཕོ་བའི་དྭངས་མ་མ་ཞི་བ་ལས་བྱུང་བའི་ཆ་ནས་གནག་སྣུམ་གཉིས་འདྲེས་པའི་ཤ་པགས་ཀྱི་བར་ལ་ཆུ་སེར་སོགས་ནད་དུ་གྱུར་ནས་པགས་ལ་བཀྲམ་པ། ཕར་བལྟས་པ་ཙམ་གྱིས་པགས་པའི་མདོག་འགྱུར་ཞིང༌། ཟ་འཕྲུག་ལངས་པ་དང༌། ཤུ་ཐོར་སོགས་འབྱུང་བ་ལ་ཐོག་མར་གདོང་ལ་བྱུགས་སྐབས་ཐོག་ན་གནས་བའི་ནག་ཐིག་གཙང་མར་དག་ངེས་པས་ངོ་གདོང་ཇེ་འཇམ་དུ་འགྲོ། དེ་ནས་ཡུན་གྱིས་ངོ་གདོང་གི་གཏིང་ན་གནས་པའི་པགས་ནད་དང་།   ནག་ཐིག་མི་གཙང་བའི་དྲེག་པ་སོགས་པགས་པའི་ཁ་རུ་ཡོང་ནས་ངོ་གདོང་གི་ནག་ཐིག་ཇེ་གསལ་དུ་འགྲོ་ངེས། དེ་ནས་མུ་མཐུད་དུ་དགོང་མོ་རེ་རེ་བཞིན་བསྐུས་ནས་ཟླ་བ་གཅིག་ལྷག་ཙམ་སོང་ན་གདོང་གི་ནག་ཐིག་སོགས་ཚང་མ་རྩ་བ་ནས་མེད་པར་ཆགས་ནས་ངོའི་བཞིན་མདངས་ཀྱང་ཇེ་གསལ་དང་དཀར་པོ་འགྱུར་ངེས་པས་འདི་ལྟ་བུའི་ཐུན་མིན་གྱི་ཁྱད་ཆོས་ཡོད།

      འཛེམ་བྱའི་རིགས། མཛེས་སྤྲས་འདི་བཀོལ་སྤྱོད་བྱེད་སྐབས་ཙོང་དང་སྒོག་པ། ལ་ཙི་སྔོན་པོ་སོགས་སུར་པན་གྱི་རིགས། དེང་རབས་རྫས་འགྱུར་གྱིས་བཟོས་པའི་བྲོ་རྫས་ཀྱི་རིགས་དང་སྐོམ་ཆུའི་རིགས་བཅས་ངེས་པར་དུ་འཛེམ་དགོས།

       བཀོལ་ཚུལ།   སྨན་ཁེ20ཟེར་བ་ཁུག་མ་ཆུང་ཆུང་གཅིག་ཡིན་པས་དཀར་ཡོལ་སོགས་སྣོད་གཙང་གི་ནང་དུ་བླུགས་ནས་ཆུ་དྲོད་འཇམ་གྱིས་དཀྲུགས་ཏེ་སྐར་མ་བཅུ་ཙམ་འགོར་བའམ་གང་ལྟར་འཁྱག་རྗེས་ད་གཟོད་བཀོལ་ཆོག    ཁ་ངོར་འབྱོར་དུ་བཅུག་ནས་སྐར་ཆ15......20བར་འཇོག་དགོས།  དེ་ནས་རིམ་གྱིས་ཁ་ངོ་ནས་མར་བླངས་ཏེ་ངོ་གདོང་ཆུས་བཀྲུ་དགོས།  བཀྲུས་རྗེས་ཁ་ངོར་ངོ་སྣུམ་རྫས་འགྱུར་གྱི་ཤུལ་ཅི་ཙམ་མེད་ན་དེ་ཙམ་དཀོལ་ན་ཤིན་ཏུ་བཟང་ནི་རེད།   

      ཉར་ཚགས།     བཀོལ་བཞིན་པའི་སྨན་རྫས་དྲོད་ཚད0℃~5℃བར་གྱི་ཁོར་ཡུག་ཏུ་ཉར་ཚགས་བྱས་ན་ཉིན་དྲུག་བདུན་བར་ལ་སྤྱད་ཆོག

     མཛེས་སྤྲས་བོད་སྨན་གྱི་རིན་གོང་།   ཁུག་མ་གཅིག་ལ་སྒོར150ཡིན།  བསྐུར་གླ20 བསྡོམས་པའི170རེད།   ཟླ་གཉིས་ནས་ཉིན་བཅོ་ལྔ་ཉི་ཤུའི་སྟོད་ཙམ་ལ་བཀོལ་ན་འདང་ནི་རེད།

      སྡེབ་ཉོ།   སྡེབ་ཉོ་བྱས་ན་ཆོག་སྟེ་གྲངས་ཀ་བརྒྱ་དང་དྲུག་ཅུ་རེ་ལྔ་ཉོས་ན་ཁུག་མ་གཅིག་ལ་སྒོར་100རེད།  དྲུག་ཅུ་རེ་ལྔ་ཉོས་ན་ཁུག་མ་གཅིག་ལ་སྒོར130རེད།

  ཉོ་ཚོང་འབྲེལ་ལམ།  

  联系方式  

མཛེས་སྤྲས་བོད་སྨན་གྱི་ཐོན་རྫས་གསར་བ་འདི་ཉོ་འདོད་ན།

གཤམ་གྱི་ཁ་པར་དང་ཡང་ན་སྐད་འཕྲིན་བརྒྱུད་ནས་འབྲེལ་རོགས་གནོངས་དང་། 

ཁྱེད་ཅག་ལ་དགའ་བ་བརྒྱ་ཕྲག་གིས་བསུ་མ་བྱེད་ངེས་ཡིན།    

  182-9864-7723   

  18097290278

འབྲེལ་གཏུག་འཕྲིན་ཕྲན།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 63v9 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ལྷད་མེད་ངོ་གདོང་མཛེས་སྤྲས་བོད་སྨན།   སྤེལ་མཁན།: ཆོས་བྷ། སྤེལ་དུས:2018/5/20
ངར་གི
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
5784732
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号