གུང་ཐང་སྐུ་ཕྲེང་རིམ་བྱོན་གྱི་འཁྲུངས་གནས་ངོ་སྤྲོད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »གུང་ཐང་སྐུ་ཕྲེང་རིམ་བྱོན་གྱི་འཁྲུངས་གནས་ངོ་སྤྲོད།
གུང་ཐང་སྐུ་ཕྲེང་རིམ་བྱོན་གྱི་འཁྲུངས་གནས་ངོ་སྤྲོད།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2023-08-12ལྟ་ཀློག (3649)རྩོམ་ཁུངས: རྩོམ་ཁུངས་འདེམ་བྱང་།པར་འདེབ།

༄༅། །འཇམ་དབྱངས་བླ་མ་གུང་ཐང་སྐུ་ཕྲེང་རིམ་བྱོན་གྱི་འཁྲུངས་གནས་གསལ་བོར་བཀོད་པ།

࿐དེ་ཡང་༧གུང་ཐང་སྐུ་ཕྲེང་དང་བོ་འཇམ་དབྱངས་བླ་མ་ཁྲི་ཆེན་དགེ་འདུན་ཕུན་ཚོགས་ནི།རྒྱལ་བ་བློ་བཟང་གྲགས་པའི་དཔལ་གྱིས་རང་གི་ཐུགས་རྒྱུད་གཅིག་པར་ལུང་བསྟན་པའི་དགའ་ལྡན་གསེར་ཁྲི་ཁྲི་རབས་ལྔ་བཅུ་བ་ཞེས་གྲགས་སྙན་རླུང་ལྟར་ཁྱབ་པ་དེ་ཉིད་མདོ་སྨད་གླིང་ཡུལ་གཅལ་ཁོག་དར་རི་རྩེ་རྒྱལ་དུ་གྲགས་པའི་སའི་ཆར་ཡབ་ལྡོང་རིགས་སྔགས་འཆང་འབུམ་ཕྱུག་དང་།ཡུམ་རྡོ་རྗེ་མཁའ་འགྲོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པ་ཀུན་འཛིན་ཞེས་པ་ས་ཕོ་བྱི་བའི་ལོ་སྟེ་ཕྱི་ལོ་༡༦༤༨ལོའི་དཔྱིད་ཟླ་ར་བའི་ཚེས་བརྒྱད་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས་ནས།

 

࿐དེ་ཡང་༧གུང་ཐང་སྐུ་ཕྲེང་གཉིས་པ་འཇམ་དབྱངས་བླ་མ་ཁྲི་ཆེན་ངག་དབང་བསྟན་པའི་རྒྱལ་མཚན་ནི།དབུས་ཀྱི་ལྷ་སའི་དགའ་ལྡན་གྱི་ཉེ་འདབས་ཚལ་གུང་ཐང་གི་སའི་ཆར་རབ་བྱུང་བཅུ་གཉིས་པའི་སྤྲེའུ་ཞེས་པ་མེ་མོ་ལུག་གི་ལོ་སྟེ་སྤྱི་ལོ༡༧༢༧ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས།

 

࿐དེ་ཡང་༧གུང་ཐང་སྐུ་ཕྲེང་གསུམ་པ་འཇམ་དབྱངས་བླ་མ་ཁྲི་ཆེན་༧དཀོན་མཆོག་བསྟན་པའི་སྒྲོན་མེ་ནི།བསིལ་ལྡན་ཁ་བའི་ལྗོངས་འདིར་སྟོད་མངའ་རིས་སྐོར་གསུམ་རྫོང་གི་ཚུལ་དང་།བར་དབུས་གཙང་རུ་བཞི་ཡུར་བ་འདྲ།སྨད་མདོ་ཁམས་སྒང་དྲུག་ཞིང་གི་ཚུལ་ཞེས་བརྗོད་པའི་ཕྱི་མའི་ཁོངས་གཏོགས།མདོ་སྨད་གསེར་ལྡན་ས་ཡི་ཐིག་ལེ་གླིང་རྗེ་གེ་སར་རྒྱལ་བོའི་ཞིང་ཁམས།མཛོད་དགེ་སྟོད་ནས་ཆད་པའི་བོད་བཙན་པོ་གདུང་རྒྱུད།ས་ལ་དགེ་བཅུ་ཡོངས་སུ་ཚལ་ཞིང་།བྲག་དཀར་མེ་ཏོག་གངས་ལྷའི་ཕྲེང་བ་གནའ་བོ་དུས་ནས་མ་རྙིང་བར་ཡོད་པའི་གནས་མཆོག   དོན་ལྡན་གྱི་སྙན་པ་འཇིག་རྟེན་ན་མཛེས་བའི་དཔལ་གྱིས་སྒེག་པ།ལྷའི་ཡུལ་གྲོང་ས་གཞི་ལ་རྒྱན་དུ་ཆས་པ་ལྟ་བུའི་རུ་སྡེ་གཡང་གི་ཕྱུག་མོ་ཞིག་ལྷུན་གྱིས་ཆགས་པ་ལ།སྨད་ཀྱི་མཛོད་དགེ་སྒར་ཤོག་དགུ་ཞེས་འབོད་པ་བྱུང་།དེ་ལྟ་བུའི་ རུ་སྡེ་དེའི་དཀྱིལ་སྙིང་དུ་ལྷའི་རྣམ་པར་རྒྱལ་བའི་ཁང་བཟང་ལ་ཡང་ཅོ་འདྲི་བའི་མཛོད་དགེ་སྒར་སར་དགའ་ལྡན་རབ་རྒྱས་གླིང་ཞེས་ཆོས་སྡེ་ཆེན་པོ་ཞིག་མཆིས་སོ།  །ཆོས་སྡེ་དེའི་མཆོད་གཞིས་གཙོ་བོ་ལྷ་སྡེ་ཚོ་དྲུག་གི་ནང་ཚན།བཙན་པོ་སྲོང་བཙན་ནམ་ཁྲི་རལ་གྱི་སྲིད་བློན་རྒྱུད་དུ།   ཡབ་ལྕགས་པོ་བྱམས་དང་།   ཡུམ་བོད་ཆོག་གཉིས་ཀྱི་སྲས་སུ།ཆུ་ཕོ་རྟ་ཡི་ལོ་སྟེ་ཕྱི་ལོ་༡༧༦༢ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས།

 

࿐ དེ་ཡང་༧གུང་ཐང་སྐུ་ཕྲེང་བཞི་བ་འཇམ་དབྱངས་བླ་མ་ཁྲི་ཆེན་༧བསྟན་པའི་རྒྱ་མཚོ་ནི།མདོ་སྨད་ལྷོ་ཡི་ཕྱོགས་གཏོགས།བླ་བྲང་བཀྲ་ཤིས་འཁྱིལ་དང་ཁད་ཉེ་ས།རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་གནས་མཆོག   ཨོཾ་འཁྱིལ་ཞེས་པར་རབ་བྱུང་བཅུ་བཞི་པའི་ཉི་སྒྲོལ་བྱེད་ཅེས་པ་ཤིང་ཕོ་སྤྲེལ་གྱི་ལོ་སྟེ་ཕྱི་ལོ་༡༨༢༤ལོར་ལྡོང་གི་རིགས་སུ་སྐུ་འཁྲུངས།

 

࿐དེ་ཡང་༧གུང་ཐང་སྐུ་ཕྲེང་ལྔ་བ་འཇམ་དབྱངས་བླ་མ་ཁྲི་ཆེན་བསྟན་པའི་ཉི་མ་ནི།མདོ་ཁམས་སྨད་ཀྱི་ཁོ་ཚེ་ལྷ་སྡེ་དཀར་པོའི་སའི་ཆར།ཡབ་བདེ་ཆེན་དར་རྒྱས་དང་།ཡུམ་བསོད་ནམས་སྐྱིད་གཉིས་ཀྱི་སྲས་སུ་ལྕགས་ཕོ་སྤྲེལ་སྟེ་ཕྱི་ལོ་༡༨༦༠ལོར་སྐུ་འཁྲུངས།

 

དེ་ཡང་༧གུང་ཐང་སྐུ་ཕྲེང་དྲུག་པ་འཇམ་དབྱངས་བླ་མ་ཁྲི་ཆེན་༧བསྟན་པའི་དབང་ཕྱུག་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་བོ་ནི།མདོ་སྨད་ས་ཡི་ཐིག་ལེ་གླིང་དཀར་མཐོང་བ་ཀུན་སྨོན་མཛོད་དགེ་བྱམས་མེ་རུ་བོད་བཙན་པོ་ཁྲི་སྲོང་གི་བློན་ཆེན་དགའ་ཡེ་ཤེས་དར་རྒྱས་པའི་རིགས་སྲས་རྨ་མེད་པ།ཡབ་བྱམས་མེ་དཔོན་རྒན་དགའ་འཇིགས་མེད་རྡོ་རྗེ་དང་།ཡུམ་བཞག་སྡོམ་དཔོན་ཚང་སྲས་མོ་པད་དཀར་སྐྱིད་གཉིས་ཀྱི་སྲས་སུ་མེ་ཕོ་སྟག་གི་ལོ་སྟེ་ཕྱི་ལོ་༡༩༢༦ལོར་ཧོར་ཟླ་དང་བོ་ཚེས་བཅུ་གསུམ་ཉིན་གྱི་ཐོ་རེེངས་སྟག་བཞི་འཛོམས་པའི་དུས་སུ་ངོ་མཚར་བའི་འོད་ཕུང་དང་བཅས་བཞག་སྡོམ་དཔོན་ཚང་དུ་སྐུ་བལྟམས།

 

དེ་ཡང་༧གུང་ཐང་སྐུ་ཕྲེང་བདུན་པ་འཇམ་དབྱངས་བླ་མ་༧བློ་བཟང་འཇམ་དབྱངས་དགེ་ལེགས་བསྟན་པའི་མཁན་ཆེན་མཆོག་ནི།མདོ་ཁམས་ཆུ་བཞི་སྒང་དྲུག་གི་ནང་ཚན།ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཤར་ལྷོའི་ཕྱོགས་གཏོགས།གླིང་དཀར་སྟོད་ནས་ཆད་པའི་བོད་བཙན་པོའི་གདུང་སྲས་དྲི་མ་མེད་པ།༧ཁྲི་ཆེན་གུང་ཐང་སྐུ་ཕྲེང་གསུམ་པ་༧འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེ་ཞེས་འཆད་རྩོད་རྩོམ་གསུམ་ལ་མཁས་པའི་མཁས་པ་ཆེན་པོ་ཁོང་གི་འཁྲུངས་ཡུལ་ཏེ་ཀ་ཅུ་ཐོའུ་ཇུ་གཉིས་ཀྱི་ས་མཚམས་རྒྱ་དང་ཐག་ཉེ་བའི་ཡུལ།ཁྲི་སྲོང་གིས་ཕྱག་མཛོད་དགའ་ཡེ་ཤེས་དར་རྒྱས་བོད་ཀྱི་ལ་ཁ་འཛིན་ལ་གླིང་ཡུལ་དུ་མངགས་པ་དགེ་སློང་གི་ཆ་བྱད་དུ་ཡོད་པས་མཛོད་དགེར་གྲགས་ཤིང་།དེ་ལས་འཕེལ་བའི་མི་རྒྱུད་མཛོད་དགེ་ཤིས་ཞིན་ནམ་ཡོངས་གྲགས་སུ་སྨད་ཀྱི་མཛོད་དགེ་ཤོག་པ་ལྔ་ཞེས་འབོད་པའི་ས་ལ་དགེ་བཅུའི་དཔལ་ཡོན་རབ་ཏུ་རྒྱས་པའི་ལྟེ་བ་ན།མཛོད་དགེ་སྒར་རྙིང་བཀྲ་ཤིས་ཆོས་འཕེལ་གླིང་ཞེས་པའི་ཆོས་སྡེ་ཆེན་པོ་དེའི་ཤར་ཕྱོགས་སུ།རོང་བ་འབྲོག་པའི་ལྷ་སྡེ་བྲག་རྫོང་བྱ་བའི་སའི་ཆར་སྣ་ཚོགས་ཞེས་པ་ཆུ་ཕོ་རྟ་ཡི་ལོ་སྟེ།  སྤྱི་ལོ་(༢༠༠༢)ལོའི་ཧོར་ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན་ཡབ་བསོད་ནམས་ཚེ་རིང་དང་ཡུམ་བན་དེ་འཚོ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས།


རྩོམ་ཁུངས།  སྨྱུག་དགའི་དྲ་བ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 63v9 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  གུང་ཐང་སྐུ་ཕྲེང་རིམ་བྱོན་གྱི་འཁྲུངས་གནས་ངོ་སྤྲོད།   སྤེལ་མཁན།: དཔལ་ལྡན། སྤེལ་དུས:2023/9/20
ཁོང་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་མཛོད་དགེ་བཞག་ལྡོམ་དཔོན་ཚང་ནས་འཁྲུང་ས་པ་རེད།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23549399
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།