​བན་ཆེན་པོ་ཆོས་ཀྱི་སྣང་བ་དང་མཉམ་དུ་འཕགས་ཡུལ་ཉུལ་བ། རྩོམ་པ་བོ། གྱི་ལིང་འཇིགས་མེད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» འོས་སྦྱོར་གླིང་། »​བན་ཆེན་པོ་ཆོས་ཀྱི་སྣང་བ་དང་མཉམ་དུ་འཕགས་ཡུལ་ཉུལ་བ། རྩོམ་པ་བ
​བན་ཆེན་པོ་ཆོས་ཀྱི་སྣང་བ་དང་མཉམ་དུ་འཕགས་ཡུལ་ཉུལ་བ། རྩོམ་པ་བོ། གྱི་ལིང་འཇིགས་མེད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2023-06-09ལྟ་ཀློག (1711)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


བན་ཆེན་པོ་ཆོས་ཀྱི་སྣང་བ་དང་མཉམ་དུ་འཕགས་ཡུལ་ཉུལ་བ། 

གྱི་ལིང་འཇིགས་མེད། 

  དགེ་རྒན་རིན་པོ་ཆེ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་མཛད་པའི་དེབ་གསར་བ་བན་ཆེན་པོ་ཆོས་ཀྱི་སྣང་བ་ནུབ་ཕྱོགས་འཕགས་ཡུལ་དུ་ཕེབས་པའི་ཟིན་ཐོ་ཞེས་པ་ཉེ་ལམ་འདིར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་ཏེ་སྒོར་བཀྲམས་ཡོད།

   ང་ལ་མཚོན་ན་དེབ་འདི་ལན་མང་བོ་བཀླགས་མྱོང་ལ། ལོ་འདི་དག་གི་རིང་ལ་རང་ཉིད་ཀྱིས་བཀླགས་པ་དག་ལས་བག་ཆགས་ཆེས་ཟབ་ཤོས་ཀྱི་དེབ་ཅིག་ཡིན།
 ནང་དོན་གཙོ་བོ་ནི་རྒྱ་ནག་གི་ཧྭ་ཤང་ཧྥ་ཤྱན་ཏེ་བན་ཆེན་པོ་ཆོས་ཀྱི་སྣང་བ་ཞེས་པའི་དམ་པ་ཁོང་སྤྱི་ལོ་༣༩༩ལོར་དགུང་ལོ་དྲུག་ཅུའི་ནང་ལ་རྒྱ་གར་འཕགས་པའི་ཡུལ་དུ་འདུལ་བའི་སྡེ་སྣོད་འཚོལ་བར་ཕེབས་པའི་གཏམ་རྒྱུད་རེད།

    གཏམ་རྒྱུད་ཀྱི་འགོ་རྩོམ་ས་ནི་ཁྲང་ཨན་མཁར་གྱི་ཉེ་འདབས་ཤིག་སྟེ། དེར་དགེ་སློང་ཁོང་དཔོན་སློབ་རྣམས་སྐྱེལ་མ་གནང་མཁན་བརྒྱ་ཕྲག་མང་བོ་དང་འབྲལ་མི་ཕོད་བཞིན་ལམ་དུ་ཞུགས་པ་དེ་ཡིན་ལ། གོམ་པ་དང་བོ་སྤོས་པ་ནས་ཉེན་ཁ་དང་ཆག་སྒོ་བརྒྱ་ཕྲག་གི་སྒོ་ལ་གོམ་པ་སྤོས་པ་ཡིན་ཞེས་ཤིན་ཏུ་བགྲོད་དཀའ་བའི་ལམ་གྱི་གནས་ཚུལ་མཐའ་དག་སྤྱི་སྡོམ་གྱི་ཚུལ་དུ་བཀོད་ཡོད། དེ་ནས་རིམ་བཞིན་མུ་མཐའ་མེད་པའི་མྱ་ངམ་ཐང་དུ་ཤི་གསོན་གྱི་དཀའ་སྡུག་ཅི་ཙམ་མྱངས་ཚུལ་དང་། གཡང་གཟར་དང་གཅོང་རོང་ཟབ་མོ། འགག་འཕྲང་དོག་མོ་དག་རེ་རེ་བཞིན་ཅི་ལྟར་བརྒལ་ཚུལ། སྐབས་དེ་དག་གི་མིའི་སེམས་ཁམས་སོགས་སྒྲུང་རྩོམ་བཞིན་ཞིབ་འབྲིའི་རྣམ་པ་མངོན་པས་ཀློག་པའི་ཚེ་ན་རང་ཉིད་ཀྱང་དངོས་སུ་མཐའ་མི་མངོན་པའི་བྱེ་ཐང་ཞིག་ཏུ་ལྷུང་བ་ལྟ་བུའི་སྣང་བ་སྟེར་ལ། སྐབས་ལན་རེར་གངས་རི་བསྙིལ་བའི་སྐད་ཅིག་དེར་རང་ཉིད་ཀྱང་གངས་རྦབ་ཀྱི་ཀློང་དུ་ཚུད་པ་ལྟ་བུའི་འཇིགས་སྐྲག་གི་སྣང་བ་འགོག་མེད་དུ་སྟེར།

   དེ་བཞིན་བན་ཆེན་པོ་འཁོར་བཅས་ལམ་བར་ནས་ཤི་འབྲལ་བྱུང་བའི་སྐོར་དེ་དག་ལ་མཇལ་བས་སེམས་པ་རབ་ཏུ་སྐྱོ་ཞིང་ཉིན་རེ་གཉིས་ལའང་སེམས་སུ་སྨྲ་མི་ཤེས་པའི་སྨྲེང་སྐྱོ་ཞིག་གིས་རི་བོ་ལྟར་མནན་ཡོང་ལ། བན་ཆེན་པོ་ཁོང་གར་ཤར་ནུབ་ཀུན་ལ་གྲོགས་མེད་གཅིག་བུར་ཡུན་རིང་འཁྱམས་མཐར་རྒྱ་ཡུལ་གྱི་སྡོང་བོ་ཞིག་གཟིགས་པས་ཐུགས་ལ་སྐྱོ་ངལ་འགོག་ཏུ་མེད་པ་སྐྱེས་པའི་ཚུལ་སོགས་ཀྱིས་སེམས་འགུལ་དང་སྐྱོ་གདུང་གང་ཡིན་སྨྲ་མི་ཤེས་པའི་ཚོར་བ་དྲག་པོས་སེམས་ཀྱི་མཚོ་མོ་རབ་ཏུ་སྐྱོམ་པར་བྱེད།

   ཁོང་གི་སྙིང་སྟོབས་དང་བརྩོན་འགྲུས་ཀྱིས་རྒྱ་གར་བན་གྲུབ་མང་བོར་ཡང་སེམས་འགུལ་ཐེབས་པས་འདུལ་བའི་གླེགས་བམ་དཀོན་པོ་མང་བོ་ཡི་གེར་ཕབས་པ་སོགས་མདོར་ན་བན་ཆེན་པོ་ཆོས་ཀྱི་སྣང་བ་ནི་སྙིང་སྟོབས་འགྲན་ཟླ་དང་བྲལ་བ་ཞིག་སྟེ། ཁོང་གཅིག་བུར་བྱ་རྒོད་ཕུང་བོའི་རི་ནས་ཞག་གཅིག་བཞུགས་སྐབས་སྟག་མོའི་ཁ་ཟས་སུ་འགྱུར་ལ་ཁད་དུ་གྱུར་པ་དང་། དེ་བཞིན་ལམ་བར་རིང་ཐུང་ལ་འཆི་བ་སྲོག་གི་ཉེན་དང་འཕྲད་པས་ལམ་གྲོགས་དག་གིས་ཅི་ལྟར་བཤོལ་ཡང་དམ་ཆོས་འདུལ་བ་འཚོལ་བའི་འདུན་པ་ཟློག་མ་ཐུབ་པ་སོགས་མང་ལ། དེ་ལས་ཀྱང་བློར་མི་ཤོང་བ་ཞིག་ནི་ཁོང་རྒྱ་གར་ནས་ཕྱིར་རྒྱ་ནག་ཏུ་ཕེབས་སྐབས་མཚོ་ཐོག་ནས་ཕེབས། སྐབས་དེར་མཚོ་གྲུ་ཆུ་ལ་ནུབ་པའི་ཉེན་ཁ་དང་འཕྲད་སྐབས་ལམ་གྲོགས་ཚོང་བ་དག་གིས་རང་རང་གི་རྒྱུ་རྫས་རྩ་ཆེ་བ་དག་ལས་ཕྱེད་ཀ་རེ་མཚོ་ནང་དུ་འཕངས། འོན་ཀྱང་བན་ཆེན་པོ་ཁོང་གིས་དམ་ཆོས་འདུལ་བའི་གླེགས་བམ་གཅིག་ཀྱང་འདོར་མ་ཕོད་པ་ན་གཞན་གྱིས་ངེས་པར་དུ་འཕེན་དགོས་ཚུལ་ལབ་སྐབས། ཁོང་གིས་གྲུ་དཔོན་ལ་རང་ཉིད་ཀྱི་གླེགས་བམ་རྣམས་རྒྱ་ནག་ཏུ་གདན་འདྲེན་པའི་ལས་བཅོལ་ཏེ་རང་ཉིད་དངོས་སུ་མཚོ་ལ་མཆོང་རྩིས་གནང་བ་དེ་རེད། ཁོང་གི་ཐུགས་སྟོབས་དེས་ཕྱི་རོལ་མུ་སྟེགས་པའི་ཚོང་བ་རྣམས་ཀྱང་ཧ་ལས་སུ་བཅུག་ཅིང་། ལམ་གྲོགས་སེམས་བཟང་ཞིག་གིས་ཁོང་གི་ཚབ་ཏུ་རང་ཉིད་ཀྱི་ཚོང་རྫས་མཚོ་ལ་འཕངས་པ་སོགས། རང་ཅག་ལྟ་བུས་ཡིད་ལའང་དྲན་མི་ཕོད་པའི་ཉེན་ཁ་ཆེ་ཆུང་གང་ལ་འཕྲད་ནའང་བློ་བརྟན་འགྱུར་མེད་ཀྱི་ངང་ཚུལ་དེ་དག་གིས་ང་ལ་སྨྲ་མི་ཤེས་པའི་བག་ཆགས་ཟབ་མོ་ཞིག་བཞག་སོང་།

   སྤྱིར་དཔེ་ཆ་བཟང་བོ་ཞིག་ཡིན་ན་གཞན་ལ་སེམས་འགུལ་ཐེབས་པའམ་གཞན་གྱི་བློ་ཁ་བསྒྱུར་པ་གང་རུང་ཞིག་ཡིན་དགོས་ཞེས་པའི་ལེགས་བཤད་དེ་དངོས་གནས་བདེན་པ་འདྲ། དེབ་འདིས་ང་ལ་སྙིང་སྟོབས་མང་བོ་བསྩལ་མྱོང་བར་མ་ཟད། སེམས་ལའང་འགྱུར་ལྡོག་ཆེན་པོ་བཏང་མྱོང་། དེ་བཞིན་ལོ་ཟླ་ཅི་ཙམ་འགོར་ཡང་སེམས་ནས་བརྗེད་ཐབས་བྲལ་བའི་བག་ཆགས་ཟབ་མོ་ཞིག་ཀྱང་བཞག་སོང་།

   དེབ་འདི་བཀླགས་རྗེས་བདག་གིས་ལྗོངས་རྒྱུའི་ཟིན་ཐོ་འབྲི་སྟངས་ཐད་ལ་སློབ་སྦྱོང་ཟབ་མོ་ཞིག་བྱ་ཐུབ་སོང་། ཁོ་བོས་ད་སྔ་རྩོམ་ཡིག་མང་བོ་བྲིས་མོད། ཀློག་མཁན་གྱི་སེམས་ལ་འགྱུར་བ་ཟབ་མོ་གཏོང་ཐུབ་པའི་རྩོམ་ཡིག་ཅིག་ད་དུང་འབྲི་མ་ཐུབ། དེབ་འདི་བདག་གིས་རྩོམ་ཡིག་སློབ་པའི་དགེ་རྒན་ཞིག་གི་ཚད་དུ་བཟུང་ནས་ཡང་དང་བསྐྱར་དུ་སློབ་སྦྱོང་བྱས་པ་ཡིན།
ད་ཐེངས་དེབ་འདི་དངོས་སུ་དཔེ་སྐྲུན་འགྲེམ་སྤེལ་བྱ་ཐུབ་པ་བྱུང་བས་བདག་གིས་འདིར་ཆེད་དུ་སྤྲོ་བ་ཅན་གྱི་གྲོགས་པོ་དག་ལ་མཚམས་སྦྱོར་ཙམ་ཞུས་པ་ཡིན། ཉིན་འདི་དག་ལ་དཔེ་ཆ་འདི་བླུ་མཁན་ཧ་ཅང་མང་མོད། འདི་ཅི་ཞིག་རེད་ཅེས་འདྲི་མཁན་ཡང་མི་ཉུང་བ་ཞིག་བྱུང་བས། ཆེད་དུ་རྩོམ་ཐུང་འདི་གསལ་བཤད་ཀྱི་དོད་དུ་བྲིས་པ་ཡིན།
 འདི་ནི་ཧྭ་ཤང་ཁོང་གི་ལམ་ཡིག་གཞིར་བཞག་ནས་བྲིས་པའི་རྩོམ་ཡིག་ཅིག་ཕྱི་མོར་བཟུང་སྟེ་དགེ་རྒན་རིན་པོ་ཆེས་བོད་འགྱུར་གནང་ཞིང་། མཆན་དང་གསལ་བཤད་མང་བོ་བཀོད་པ་ཞིག་ཡིན་པས། རྨ་ནུབ་འཁྱམས་རིང་ནས་རྒྱ་གར་བར་གྱི་ས་ཁམས་ཤེས་བྱ་དང་། ལོ་རྒྱུས་ཤེས་བྱ། དེ་བཞིན་གནའ་ཤུལ་རིག་གནས་སོགས་ཤེས་བྱ་སྣ་མང་མཐོང་བའི་སྒེའུ་ཁུང་ལྟ་བུ་ཞིག་ཀྱང་ཡིན།

   ད་ལྟ་བདག་གིས་དེབ་འདི་བླུ་མཁན་དག་ལ་སྟབས་བདེ་བསྐྲུན་ཕྱིར་ཟི་ལིང་གི་སྦྲག་སྲིད་ཁང་ཞིག་ཏུ་བཅོལ་ཡོད། གལ་ཏེ་བླུ་མཁན་ཡོད་ན་ཐད་ཀར་འབྲེལ་བ་བྱོས་དང་དེ་མ་ཐག་ཟི་ལིང་ནས་བསྐུར་ཐུབ།

   བན་ཆེན་པོ་ཆོས་ཀྱི་སྣང་བའི་ཟིན་ཐོ་དང་མཉམ་མེད་ཇོ་བོ་རྗེ་བོད་དུ་གདན་དྲངས་པའི་ལོ་རྒྱུས་གཉིས་མཉམ་དུ་བླུ་ཆོག

 ཧྭ་ཤང་གི་ལམ་ཡིག་ལ་བླུ་ཡོན་སྒོར་18དང་། མཉམ་མེད་ཇོ་བོ་རྗེ་བོད་དུ་གདན་དྲངས་པའི་ལོ་རྒྱུས་ལ་བླུ་ཡོན་སྒོར་28 དེབ་གཉིས་ལ་སྐུར་གླ་དང་བཅས་སྒོར་52ཡིན།
འབྲེལ་གཏུག་བྱ་ཡུལ།
བླ་ནག་སྐལ་ལྡན། 13734646911
འབའ་སྣང་གྲོལ། 15109745084
གྱི་ལིང་འཇིགས་མེད། 18009756100
མགོན་པོ་སྐྱབས། 13897558643
བན་དེ་སྐྱིད། 17745812399





སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 41s7 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23550574
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།