༧བླ་མ་བསྟན་པའི་དབང་ཕྱུག་དྲན་པའི་གདུང་བ་ཀ་ལ་པངྐའི་མགྲིན་དབྱངས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 11 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྙན་རྩོམ། »༧བླ་མ་བསྟན་པའི་དབང་ཕྱུག་དྲན་པའི་གདུང་བ་ཀ་ལ་པངྐའི་མགྲིན་དབྱངས
༧བླ་མ་བསྟན་པའི་དབང་ཕྱུག་དྲན་པའི་གདུང་བ་ཀ་ལ་པངྐའི་མགྲིན་དབྱངས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2022-04-29ལྟ་ཀློག (7320)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༧བླ་མ་བསྟན་པའི་དབང་ཕྱུག་དྲན་པའི་གདུང་བ་ཀ་ལ་པངྐའི་མགྲིན་དབྱངས།

རྩོམ་པ་བོ། སྐབས་ཉེར་གཉིས་པའི་མཐར་ཕྱིན་འཛིན་གྲྭ་དང་བོའི་ཁུ་བདུད་འདུལ།

བྱང་ཆུབ་སེམས་དཔའ་མི་ཡི་ཤ་ཚུགས་སུ་བྱོན་པའི།།
ཐེག་པ་རིམ་དགུའི་ས་ལམ་རྩེར་སོན་གྱི་རྣལ་འབྱོར།།
གསུམ་ལྡན་འཛིན་པ་བསྟན་པའི་དབང་ཕྱུག་དེ་ཁོང་ཉིད།།
རིགས་བདག་ཀུན་བཟང་ཉིད་དང་དབྱེར་མེད་དུ་རོ་གཅིག།
གསང་ཆེན་ཟབ་མོའི་མན་ངག་ཐུགས་དགོངས་སུ་མངའ་ཞིང་།།
འབྲེལ་ཚད་དགེ་ལ་སྦྱོར་བའི་སྙིགས་མ་ཡི་སངས་རྒྱས།།
མཚན་ལེགས་དཔེ་བྱད་བཟང་བོ་མ་ཚང་བ་མེད་པའི།།
མཁྱེན་བརྩེ་ནུས་མཐུ་མ་ལུས་རྫོགས་པ་ཡི་རྣལ་འབྱོར།།
དུས་མཐའི་རྒུད་པ་སེལ་བའི་མི་ཡུལ་གྱི་ཟླ་བ།།
ལེགས་ཚོགས་དངོས་གྲུབ་འབྱུང་བའི་ཡིད་བཞིན་གྱི་ནོར་བུ།།
ཉམ་ཐག་ཆོས་བརྒྱད་འགྲོ་བར་མ་བཞིན་དུ་བརྩེ་བའི།།
རྩ་གསུམ་བླ་མ་དམ་པ་ཁང་སར་ཁྱེད་མཁྱེན་ནོ།།
ཁམས་གསུམ་གང་དུ་གཏོགས་པའི་གཟུགས་ཅན་དང་གཟུགས་མེད།།
ཡོད་ཚད་དམ་ཆོས་སྦྲང་ཆར་འདོད་འཇོ་བཞིན་འབེབས་མཁས།།
མདོ་སྔགས་གཞུང་ལུགས་ཀུན་ལ་ནང་བྱན་རང་ཆུབ་པའི།།
གྲུབ་བརྙེས་སྒྲ་སྒྱུར་མར་བར་གཅིག་མཚུངས་ཀྱི་རྣལ་འབྱོར།།
འདི་སྣང་བདེན་མེད་སྣང་བའི་བྲག་ཕུག་གི་སྒོམ་ཆེན།།
རིགས་ལམ་དཔྱད་ཞིབ་བྱེད་པའི་མཁན་པོ་དང་དགེ་བཤེས།།
ཐོབ་དང་གོ་སར་འགྱིང་བའི་ས་དབང་གི་མི་ཆེན།།
ཐམས་ཅད་གུས་པའི་ལྷ་ཕྱག་ཕུལ་ས་ཡི་འདྲེན་མཆོག།
ལོག་རྟོག་དམ་སྲི་འདུལ་བའི་མཐུ་ཆེན་གྱི་དབང་ཕྱུག།
སྨྲ་ངན་ལང་ཤོར་ཡོད་པའི་མཁས་མིང་གི་དྲེགས་ལྡན།།
ཡོད་ཚད་ཨུ་ཚུགས་བྱེད་པའི་གླེན་པ་དང་རྨོངས་པ།།
ཀུན་གྱི་གཙུག་ཏུ་བཀུར་བའི་ཉིན་བྱེད་ཀྱི་དབང་བོ།།
ལོ་ཟླ་དུས་ཀྱིས་འཁོར་བའི་མི་རྟག་གི་ཆོས་ཉིད།།
མི་འདོད་གྲང་ངར་བཙན་པོའི་ཧམ་སེམས་ཀྱི་དབང་གིས།།
མི་ཡུལ་མཚན་མོའི་མགོན་པོ་སྤྲིན་ནག་གིས་བསྒྲིབས་སོང་།།
ཁྱེད་ཐུགས་དགོངས་པ་ཆོས་ཀྱི་ཞིང་གཞན་ལ་གཤེགས་བྱུང་།།
ཡངས་པའི་ས་འདིར་གནས་པའི་སྐྱེ་འགྲོ་དེ་ཕོ་མོས།།
མགོན་ཁྱེད་ཞིང་གཞན་བྱོན་པ་སྔ་སོང་ཞེས་གླེང་འདུག།
ཤུལ་ལུས་ཉམ་ཐག་དྭ་ཕྲུག་ངེད་ཅག་ནི་སྐྱབས་མེད།།
ཆོས་བརྒྱད་ཐན་བྱ་ཁྭ་ཏའི་བྲན་གཡོག་ཏུ་ཚུད་སོང་།།
དུག་ལྔའི་མཆེ་བ་བརྩིགས་པའི་འཁོར་བ་ཡི་གཡུལ་སར།།
སྐྱེས་ཆེན་ཁྱེད་ལས་རྒྱལ་མཁན་སུ་ཞིག་ཀྱང་མི་འདུག།
རྔམ་གནག་མནར་གཅོད་བྱེད་པའི་དུག་སྦྲུལ་གྱི་བཙོན་ལས།།
སྐྱོབ་མཁན་ཁྱེད་ལས་མ་གཏོགས་སུ་ཞིག་ཀྱང་མ་མཆིས།།
༡༠
ཞིང་མཆོག་གང་དུ་གནས་ཡོད་ངེད་ཅག་ལ་གཟིགས་དང་།།
ལས་ངན་ཤུལ་ལུས་ཕ་མེད་མྱ་ངམ་གྱི་ཐང་དུ།།
ཕ་གཅིག་བླ་མ་བསྟན་པའི་དབང་ཕྱུག་ཁྱེད་དྲན་ནས།།
དྲན་གདུང་མིག་ཆུའི་དོ་ཤལ་ཆད་མེད་དུ་བརྡོལ་བྱུང་།།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། eb3h བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23607351
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།