​ལོ་ལོར་བྲིས་པའི་སྙན་ངག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྙན་རྩོམ། »​ལོ་ལོར་བྲིས་པའི་སྙན་ངག
​ལོ་ལོར་བྲིས་པའི་སྙན་ངག
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-11-17ལྟ་ཀློག (5296)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

ལོ་ལོར་བྲིས་པའི་སྙན་ངག

རྩོམ་པ་བོ།  ཆོས་སྐྱོང་རྒྱལ།

སྲིད་ཞིའི་ཡོན་ཏན་ལྟ་བའི་མིག །
སངས་ཤིང་རྒྱས་པ་སྟེར་བའི་མཆོག །
བརྩེ་ཆེན་རྒྱ་མཚོའི་བཤེས་གཉེན་དེས། །
བུ་ཁྱོད་རྟག་ཏུ་སྐྱོང་གྱུར་ཅིག །

དུང་གཤོག་ལྡེམ་ཞིང་ལྡེམ་པ་ཡི། །
དགུན་གྱི་ལྷ་མོ་བསམ་དཀར་མ། །
འཛུམ་དཀར་གྲོལ་པའི་ཁྱེ་འུ་འདི། །
ཁྱིམ་འདིའི་དཔལ་དང་གཡང་ལ་གནང་། །

ཨ་ཕ་ན་ཚོད་གཞོན་ལ་གནས། །
ཡོན་ཏན་ཕྲ་ཞིང་ཕྲ་ལ་ཐུག །
ལོ་ལོས་འཛུམ་པ་བྱས་ཙ་ན། །
ཨ་ཕའི་སེམས་ལ་སྐྱེངས་པ་སྟེར། །

ཡིན་ཡང་ཕ་ནི་མི་ཞུམ་སྟེ། །
ཡོན་ཏན་འབད་པའི་ཤུགས་ལ་གནས། །
ཤེས་རབ་བྱམས་བརྩེ་འཁྱིལ་བའི་ཁྱིམ། །
སྤྲོ་བས་བསྐྲུན་ལ་སེམས་པ་དཔའ། །

རྨ་ཀླུང་གཡུ་འབྲུག་འཁྱུག་པའི་བྱང་། །
ཁྲི་གཤོག་གཡུ་ཞུན་འཁྱིལ་བའི་ལྷོ། །
ཧོལ་ཁ་གསེར་མོ་ལྗོངས་ཞེས་པ། །
སྙན་པའི་སྙན་པ་འཕུར་བ་དེར། །

སྟག་འཚོ་སྒང་ལ་གཟི་རྔམ་ཆེ། །
གཡུ་བྲག་དུང་སེང་མཁའ་ལ་འཕྱོ། །
མ་འགྲེང་ཁྱུང་རིས་གཤོག་རྩལ་ངོམ། །
བཀྲ་ཤིས་འོད་དཀར་རི་ཡི་མཆོག །

རིམ་བཞིན་ཤར་ནས་བྱང་ན་བརྗིད། །
དབུས་བཅུད་འཛིན་པ་སྐྱེས་ལྷའི་གནས། །
དཔལ་འཛོམས་སྐྱེས་རིའི་འདབས་མ་སྟེ། །
ཁྱིམ་ནི་ན་སེར་ངོགས་སུ་ཆགས། །

ཞེ་ལ་བྱམས་བརྩེ་འཁྱིལ་པ་ཡི། །
འཛུམ་པའི་ཞལ་རས་དྭངས་པ་ཡི། །
དབུ་སྐྱེས་ཁ་བ་ཐར་ཐོར་ཅན། །
འཚོ་བའི་སྙིང་རུས་སྲ་མོ་ཅན། །

རང་ཁྱིམ་སྡོམ་པའི་ལྷ་དར་དང་། །
ཕྱི་ནང་སྐྱོང་བའི་ཉི་ཟླ་ལ། །
ཨ་མྱེས་ཨ་ཕྱི་བྱམས་དུངས་ཅན། ། 
གཡང་ཁྱིམ་ཆགས་པའི་རུ་མར་བཞུགས། །

རོལ་དབྱངས་སེམས་དང་འཚོ་བར་བསྲེས། །
ཨ་ཁུ་བཟོད་བརྩོན་ཆེ་ཞིག་ཡོད། །
འཇམ་ལྷོད་གཤིས་ལ་འཁྱིལ་པ་ཡི། །
ཨ་ནེ་འཛུམ་ཆུང་གྲོལ་པ་ཡོད། །

ཀ་ཁ་སེམས་ལ་བསྐྱིལ་པ་ཡི། །
ཨ་ཅེ་ཚེ་རིང་ལྷ་མོ་བྱ། །
སྤང་ལྗོངས་ཡངས་པོར་རྩེན་པ་ཡི། །
ཕུ་བོར་བསྟན་འཛིན་ཆོས་རྒྱལ་འབོད། །

དཀའ་བའི་ཉིན་མཚན་རེ་བས་བསྐྱལ། །
བཟོད་མེད་ཟུག་གཟེར་སྤྲོ་བས་བསུས། །
ལུས་སྲོག་གནང་ཞིང་སྐྱོང་མཁས་པ། །
དྲིན་མོ་ཆེ་འདི་སྙིང་ལ་སྒོམས། །

བདུན་བརྒྱུད་རིགས་ཀྱི་དམ་ཚིག་ལ། །
བསླུ་མེད་མཛའ་བརྩེ་དྭངས་མ་ཅན། །
ཁ་ཞེ་དཀར་བའི་གཉེན་བཤེས་ཚོགས། །
འཛུམ་ལ་སྙིང་གི་དྲོད་ཁོལ་ཡོད། །

གྲོགས་ཀྱི་དྭངས་མ་མི་བསླུ་བ། །
འོ་མ་བསྲུབས་པའི་མར་ལོ་དང་། །
སྲེག་བཅད་བརྡར་པའི་གསེར་ཞུན་སྟེ། །
ཨ་ཕ་ང་ལ་རེ་འགའ་ཡོད། །

གངས་རིའི་ཁྲོད་ཀྱི་མི་རིགས་འདིར། །
གནའ་ནས་བོད་དང་བོད་པར་གྲགས། །
ལོ་ལོའི་སྙིང་གི་རུས་རྐང་དུ། །
སིམ་ཞིང་ཐིམ་དེར་བོད་ཅེས་བྱ། །

རིགས་ཀྱི་སྲོག་རྩ་བོད་ཡིག་ལ། །
ལྔ་རིག་འོ་མཚོ་འཕྱུར་བ་འཁྱིལ། །
སློབ་དཔོན་ཆེན་མོ་ཐོན་མི་དང་། །
རྒྱལ་ཆེན་ལོ་པཎ་རྣམས་ཀྱིས་བསྐྲུན། །

ཆེན་པོ་བོད་ཀྱི་རྒྱལ་ཁབ་ཀྱི། །
དར་རྒུད་གླེང་ན་དགའ་ཞིང་སྐྱོ། །
གནའ་ཞིག་བོད་ཀྱི་རྩ་བའི་མི། །
ཐོག་མར་ཡུལ་འདིར་བྱུང་ཞེས་གྲགས། །

རྒྱལ་ཕྲན་སིལ་མ་བཅུ་གཉིས་ནི། །
ཆེན་པོས་ཆུང་རྣམས་བཅོམས་ཤིང་འོངས། །
བོད་ཁམས་ཆེན་པོའི་སྣོད་བཅུད་ཀུན། །
བཙན་རྒྱལ་ཆེན་མོའི་བཀའ་གཅིག་གིས། །

རྒྱལ་རབས་ཞེ་གཉིས་བདེ་བར་བསྐྱངས། །
ཐོར་པའི་རྩ་བ་ནང་འཁྲུགས་དང་། །
རྒུད་རྒྱུ་ངན་སེམས་ཕྲག་དོག་སྟེ། །
སྨད་ཀྱི་སིལ་མ་མུན་པར་བྱས། །

ས་པཎ་ཆེན་མོའི་ཤེས་རབ་ལས། །
བོད་ཡུལ་འཐོར་བ་སྡུད་ཙམ་མཛད། །
རིམ་བཞིན་ས་ཕག་རིན་གཙང་དང་། །
དགའ་ལྡན་རྒྱལ་རབས་རྣམས་ཀྱིས་བསྐྱངས། །

གངས་རི་བརྒལ་བའི་མཚོ་འགྲམ་དེར། །
བོད་ཀྱི་མེ་སོན་ཙམ་ཞིག་མཆིས།  །
ཤེས་རབ་བྱམས་བརྩེས་བཞུད་པ་ཁོང་། །
བོད་ཀྱི་བརྡ་རྟགས་ཡིན་ཅེས་གྲགས། ། 

འཛམ་གླིང་ཡུལ་ཁམས་ཐམས་ཅད་དུ། །
བོད་རྣམས་ཐོར་བུའི་ཚུལ་དུ་གནས། །
དེ་ཀུན་སྙིང་གི་རུས་པ་ལ། །
ཕ་ཡུལ་གངས་ལྗོངས་འཁོར་ཅིང་འཁོར། །

གངས་ཁྲོད་གཡོ་ནག་སྒྱུ་ཡིས་བཟུང་། །
གངས་མིའི་རིགས་ཀྱང་གཞན་ལ་བསྒྱུར། །
གངས་རིའི་རིག་གཞུང་རྒུད་ལ་འཁོར། །
ཁྱོད་ནི་ད་ལྟའི་དུས་སུ་སྐྱེས། །

བུ་སྐྱེ་འཆར་ལྡན་ཐབས་ཀྱིས་བཀག ། 
བསམ་བློ་རྨང་ནས་བསྒྱུར་བར་རྩོམ། །
བོད་ནི་གནས་འཇིག་ལམ་ལ་ལྷུང་། །
ཁྱོད་ནི་གནད་ཆེན་དུས་འདིར་ཐོན། །

ཨ་ཕའི་ཞུམ་གཏམ་མ་ལགས་ཏེ། །
ལོ་ལོར་དྲང་གཏམ་བརྗོད་པ་ཡིན། །
བོད་དོན་ཁྲག་རིས་རྐང་རིས་མ། །
བོད་མིའི་སྲོག་དང་མིག་ཡིན་ནོ། །

དཔྱོད་པའི་ལམ་གྱི་མིག་འདྲ་བ། །
འདི་ནི་རགས་པ་སྤྱི་བཤད་ཡིན། །
ལོ་རྒྱུས་ཀུན་ལ་ཞིབ་གལ་ཆེ།  །
ལོ་ལོས་ཡུན་དུ་སྦྱངས་པས་ཆོག །

བོད་ཡིག་འབྲི་འོ་དྭངས་མ་ལས། ། 
རིག་གཞུང་གསེར་གྱི་མར་ལོ་འཁྲུངས། །
སྲོལ་རྒྱུན་སྦྲང་དཀར་རྩམ་པ་དང་། །
དེང་གི་ཇ་མཆོག་བསྡེབས་པ་གནད། །

བོད་ཀྱི་རིག་པ་གཟི་བྱིན་ཅན། །
འཛིན་སྐྱོང་སྤེལ་ལ་དཔའ་སྙིང་དགོས། །
མུན་པ་འཐིབས་པའི་སྤྱི་ཚོགས་སུ། །
དཔའ་བོ་བསྐལ་བའི་བར་ཡང་གནས། །

ལོ་ལོ་ཁྱོད་ནི་བྱོན་པ་ལེགས། །
ལུས་སེམས་བདེ་ཐང་ཡིན་པས་དགའ། །
མི་ཚེའི་བཤུལ་ལམ་རིང་མོ་ལ། །
ཉི་ཟེར་དྭངས་མོས་བཀྲ་རེ་ཤིས། །

ལོ་ལོ་ཁྱོད་ནི་བྱོན་པ་ལེགས། །
འཇིག་རྟེན་ཁམས་འདི་ངོ་མཚར་ཆེ། །
གཙང་བོ་བཞུར་དང་མེ་ཏོག་འཛུམ། །
ཁ་བ་འཕུར་དང་སྐར་མ་དགོད། །

ལུ་གུའི་དུང་རྡང་འཐེན་པ་དང་། །
རྟེ་འུས་མཆོང་རྩལ་ཞེ་ལ་དྲོ། །
བེ་འུ་འོ་ཁ་སྙིང་ལ་རྗེ། །
ཀ་ཁའི་རིག་པ་ཚེ་ཡི་གྲོགས། །

བུ་ཆུང་ཚེ་རིང་ལོ་བརྒྱ་ཤོག ། 
དོན་ལ་བཀྲ་ཤིས་བརྩེགས་པ་ཤོག །
ང་ཚོའི་སྨོན་ལམ་ཐེབས་པའི་ཁྱིམ། །
མཐུན་པ་སྤུན་བཞིའི་གཡང་འཁོར་ཤོག །
    ཅེས་པ་འདི་ནི་རང་ལོ་ཉེར་དྲུག་ཏུ་སོན་པ་བོད་རབ་གནས་ཤིང་མོ་ལུག་གི་ལོ་སྟེ་བོད་རྒྱལ་ལོ ༢༡༤༢ ལོའི་བོད་ཟླ ༡༠ ཚེས ༢ ཉིན་ད་ལྟའི་བུ་ཕྲུག་རྣམས་ཀྱི་ཆུང་བ་བུ་ཕོ་དམ་ཆོས་མགོན་པོ་སྐྱེས་ཤིང་དེ་ནས་ཉིན་བཞི་བར་སེམས་ཚོར་འདི་གནས་མཆོག་དཔལ་འཛོམས་སྐྱེས་རིའི་འདབས། ཧོལ་ཁ་གསེར་མོ་ལྗོངས་སུ་ཆོས་སྐྱོང་རྒྱལ་གྱིས་བྲིས་པའོ།  །



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། qnft བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ​ལོ་ལོར་བྲིས་པའི་སྙན་ངག   སྤེལ་མཁན།: གཡུ་ལུང་བ། སྤེལ་དུས:2015/11/1
ཁྱེད་ལ་རྟེན་འབྲེལ་ཞུ།🎂🎉
why people cheat in marriage click why women cheat
free drug coupons free with coupons walgreens new prescription coupon
pharmacy exam coupon code photo prints walgreens rite aid online coupon
free viagra coupon f6finserve.com discount pharmacy canada
sumial 40 blog.myexpensesonline.co.uk sumial dosis
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23573062
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།