དེ་རིང་ལོ་ངོ་བཅུའི་ཡར་སྔོན་དྲན་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 10 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྙན་རྩོམ། » དེ་རིང་ལོ་ངོ་བཅུའི་ཡར་སྔོན་དྲན་པ།
དེ་རིང་ལོ་ངོ་བཅུའི་ཡར་སྔོན་དྲན་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-07-08ལྟ་ཀློག (2940)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 དེ་རིང་ལོ་ངོ་བཅུའི་ཡར་སྔོན་དྲན་པ།

            ཨ་རིག་མཁས་བཟང་། (མཚོ་བྱང)
དེ་རིང་མ་ཡུམ་སློབ་གྲྭའི་འཁྲུངས་སྐར་རེད། །
དགེ་རྒན་དམ་པའི་སྐུ་ཚེ་བརྟན་པ་དང་། །
མ་ཡུམ་སློབ་གྲྭའི་འཕྲིན་ལས་དར་བ་ཡི། །
བཀྲ་ཤིས་སྨོན་ཚིག་དཀར་བོ་ཐོག་མར་འབུལ། །

དེ་དུས་ང་ཡང་བྱིས་པ་ཆུང་ཆུང་ཞིག །
སློབ་གྲྭ་འདི་ཡང་སློབ་གླིང་ཆུང་ཆུང་ཞིག །
དེ་དུས་ང་ཡང་ཅང་མེད་འཁྱམ་པོ་ཞིག །
སློབ་གྲྭ་འདི་ཡང་ཧ་ཅང་མེད་པོ་ཞིག ། 

ཕྱིར་དྲན་བྱས་ན་དྲན་རྒྱུ་ཤིན་ཏུ་མང་། །
དགེ་སློབ་རྣམས་ཀྱི་ཆུ་ཚད་མཐོ་བ་དྲན། །
སློབ་གྲྭ་དེ་ཡི་སྒྲིག་ལམ་བཙན་པ་དྲན། །
རང་ཉིད་བསོད་ནམས་ཅན་ཞིག་ཡིན་པ་དྲན། །

དགེ་རྒན་མཁས་པ་དག་གི་མཛད་སྤྱོད་དྲན། །
གཞུང་ཚིག་ཅི་ཡང་བློ་ན་ཡོད་པ་དྲན། །
སློབ་མ་སུ་ཡང་ཐུགས་ནས་གཅེས་པ་དྲན། །
རང་སྡེའི་རིགས་ལ་བློ་སེམས་དཀར་བ་དྲན། །

སློབ་གྲྭའི་འཚོ་བར་དཀའ་ཁག་ཆེ་བ་དྲན། །
རྒྱུན་དུ་ཟ་འཐུང་སྣུམ་པོ་མེད་པ་དྲན། །
རྨ་འགྲམ་ཉུལ་ནས་ཤིང་ལུད་བཏུས་པ་དྲན། །
ཆུ་འཁྱག་ཁ་ལ་རྩམ་སྐྱ་འཁོར་བ་དྲན། །

བསྡུས་གྲྭའི་རང་ལུགས་བློ་ལ་བཟུང་བ་དྲན། །
དགེ་རྒན་ཚུལ་ཁྲིམས་མཆོག་ལ་སྐྲག་པ་དྲན། །
བློ་རྒྱུགས་སྤྲོད་སྐབས་ལུས་ཡོངས་འདར་བ་དྲན། །
དགེ་རྒན་ཁོང་གི་ཡོན་ཏན་ལྷག་ཏུ་དྲན། །

འཛིན་བདག་དགེ་རྒན་ཡོན་ཏན་རྒྱ་མཚོ་མཆོག །
སྨྲ་ལྕེ་དག་ཅིང་འཆད་པར་མཁས་པ་དྲན། །
སློབ་བུ་ཀུན་ལ་མ་ལྟར་བརྩེ་བ་དྲན། །
མི་རིགས་འདི་དག་ཐུགས་སེམས་དཀར་བ་དྲན། །

རྩིས་དངོས་རྫས་གསུམ་སྐར་མ་དམའ་བ་དྲན། །
རྒྱ་ཡིག་ཟེར་དུས་ཚང་མ་ལྐུགས་པ་དྲན། །
གཞུང་ཚིག་མང་བོ་བློ་ལ་སྐྱོར་བ་དྲན། །
རྒྱུན་དུ་སྙན་ངག་འབྲི་སྦྱོང་བྱས་པ་དྲན། །


གཟའ་མཇུག་ལས་ཀའི་སྐབས་ཀྱི་སློབ་གྲོགས་དྲན། །
གཡོ་སྒྱུ་མེད་པར་ས་རྡོ་བརྐོས་པ་དྲན། །
ལས་ཀའི་སྐབས་སུ་ང་རང་ཆུང་ཟེར་ནས། །
སློབ་གྲོགས་ཚང་མས་བྱམས་སྐྱོང་གནང་བ་དྲན། །

གོར་གྱོང་ཁམ་གང་མཉམ་ཟ་བྱས་པ་དྲན། །
ཀ་ར་རྡོག་གཅིག་ཉིས་བགོས་བྱས་པ་དྲན། །
འཛིན་གྲྭ་གང་བོར་མཐུན་སྒྲིལ་དམ་པ་དྲན། །
སློབ་གྲོགས་ཚང་མ་རྒོད་པོ་ཡིན་པ་དྲན། །

ས་དམར་ནང་ནས་དྲ་སྤོལ་རྩེད་པ་དྲན། །
རྒྱུན་དུ་ཤན་འབྱེད་པ་ཡང་བྱས་པ་དྲན། །
འཚོ་བ་དཀའ་ཞིང་ཆ་རྐྱེན་མེད་ན་ཡང་། །
དགེ་སློབ་དགའ་དགའ་སྤྲོ་སྤྲོའི་འཛུམ་མདངས་དྲན། །

སྤྱི་གཉེར་བདེ་སྲུང་སློབ་བུ་ཚོགས་པ་རྣམས། །
འཁོར་ནས་འགྱིང་ནས་འགྲོ་འོང་བྱེད་པ་དྲན། །
གཟའ་མཇུག་སྤྱི་སྡོམ་སྐབས་ཀྱི་རྣམ་པ་དྲན། །
རྒྱུན་དུ་སྒྲིག་ལ་ཐོགས་པ་དེ་ཚོ་དྲན། །


ལྷག་ཏུ་སློབ་གྲྭའི་འཁྲུངས་སྟོན་སྐབས་དེ་དྲན། །
ཀ་ར་སིལ་ཏོག་གང་འདོད་ཡོད་པ་དྲན། །
སློབ་ཁང་ནང་ནས་བརྙན་འཕྲིན་བལྟས་པ་དྲན། །
ཤ་མོག་འོ་ཇ་ཞིམ་པོ་ཡོད་པ་དྲན། །

དྲན་གྱིན་དྲན་གྱིན་དྲན་ནས་མི་ཚར་མོད། །
ང་རང་འཛིན་གྲྭའི་ཐ་ཆུང་ཡིན་ཟེར་ནས། །
འཛིན་བདག་རྒན་གྱིས་དམིགས་སུ་གཅེས་པ་དྲན། །
བྱམས་དང་དྲིན་གྱིས་བསྐྱངས་པ་ལྷག་ཏུ་དྲན། །

འཚོ་བ་དཀའ་ཞིང་སྒྲིག་ལམ་བཙན་པ་དེ། །
བདག་གི་མི་ཚེ་འདི་ཡི་བསོད་ནམས་ཡིན། །
ཕོ་ལོ་ཉེར་ལྔར་སྤྱི་སྡོམ་བྱས་ཙ་ན། །
དུས་སྐབས་འདི་ལས་རིན་ཐང་ཅན་ཞིག་མེད། །

ས་མཐའ་ཡིན་པས་གཉེན་དང་ཉེ་དུ་མེད། །
འཚོ་བ་དཀའ་བས་ཟ་འཐུང་འདོད་ཙམ་མེད། །
སྒྲིག་ལམ་བཙན་པས་རང་དབང་ཆེན་པོ་མེད། །
སློབ་སྦྱོང་བ་ལ་འདི་དག་མེད་པ་མཆོག །


དེ་རིང་མ་ཡུམ་སློབ་གྲྭའི་འཁྲུངས་སྐར་རེད། །
ཕྱིར་དྲན་འདི་དག་ལེགས་པའི་སྐྱེས་སུ་འབུལ། །
འབུམ་གླིང་བྱེད་པོའི་བསམ་པའི་དོན་འགྲུབ་ནས། །

རིགས་ཞེན་འབུམ་ལ་ལེགས་ཚོགས་ཆར་དབབ་ཤོག །

2014-12-15


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས། 

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། wtm0 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23604203
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།