​འོད་ཟེར་ལྗང་གུའི་སྙན་ངག་བདམས་བཀོད།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 10 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྙན་རྩོམ། » ​འོད་ཟེར་ལྗང་གུའི་སྙན་ངག་བདམས་བཀོད།
​འོད་ཟེར་ལྗང་གུའི་སྙན་ངག་བདམས་བཀོད།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-07-08ལྟ་ཀློག (5741)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


འོད་ཟེར་ལྗང་གུའི་སྙན་ངག་བདམས་བཀོད།  

     གླིང་བུ་འབུད་མཁན་དེ།

གླིང་བུ་འབུད་མཁན་མི་དེ་སུ་ཡིན་ནམ།།

ང་ཡི་བླ་སྲོག་འདར་ཞིང་ཁྱོམ་པར་བྱས།།

གླིང་བུའི་སྒྲ་དེས་ང་ཡི་འདས་སོང་གི།

གཏམ་རྒྱུད་སྐྱུར་ལ་བསྐ་དེ་དྲུད་འོང་ངོ་།།


མཚན་མོའི་སྐར་མདས་སྐར་མདར་རྡེག་པ་མཐོང་།།

ཟླ་འོག་མཚོ་མོའི་ཁ་རུ་ཡེར་མོ་རྒྱུག།

ང་རང་སྡོད་ཚུགས་མེད་པར་ཡར་ལངས་ཤིང་།།

ཅི་ཞིག་དྲན་པས་ཡར་ཡར་སྙིང་ཁ་འཚང་།།


གླིང་བུ་འབུད་མཁན་མི་དེ་སུ་ཡིན་ནམ།།

དེ་ནི་མཚན་མོའི་འགྱུར་ཁུགས་གཞན་ཞིག་ལྟར།།

རི་ཚོགས་གྲིབ་བརྙན་རིང་བོ་ཁྲིད་འོང་སྟེ།།

ང་ཡི་རྨི་ལམ་འདི་ལ་གས་ཁ་གཏོང་།།


ཡིད་ཀྱི་ཟུར་ལ་ཡོད་པའི་རི་མོ་གང་།།

དོ་ནུབ་ཡང་བསྐྱར་ཕྱིར་དྲན་ཀློང་དུ་དཔྱངས།།

འདས་པའི་ལོ་ཟླར་ཕྱིར་འོང་ག་ལ་ཡོད།།

ང་ཡིས་སྔར་བཞིན་རང་གི་གྲིབ་མ་འདྲུད།།

2014,12,14ཉིན།

རྨི་ལམ་དུ་དགོན་རྙིང་ཞིག་ལ་མཇལ་བ།

གཡེར་དྲིལ་སྒྲ་ཞིག་ལྷང་ལྷང་རྣ་བར་འཛུལ།།

འཁྱོག་པའི་རྐང་ལམ་བྲག་གདོང་དེ་རུ་ཡལ།།

སྤོས་དྲིས་ཁྱབ་པའི་གནའ་བོའི་དགོན་རྙིང་ཞིག།

རི་སྐྱིབས་ནགས་ཀྱི་གསེབ་ཏུ་མཐོང་བར་གྱུར།།

 

ཁོ་བོ་གང་ནས་ཡོང་བ་མ་འཚལ་ལ།།

གང་དུ་འགྲོ་བར་ཁ་ཕྱོགས་ག་ལ་ཡོད།།

ཆུ་ཆེན་འདབ་ཀ་དེད་པའི་དགོན་ཆུང་དེར།།

ད་ནི་མཆོད་མཇལ་ཞུ་བའི་ལྟ་གོན་བགྱི།།

 

ལམ་གྱི་གཡས་གཡོན་རྩྭ་ཡི་སྤྱིལ་བུ་ཆགས།།

བར་བར་མེ་ཏོག་དྲྭ་བ་དྲྭ་ཕྱེད་མཛེས།།

དབེན་གནས་དྲང་སྲོང་སྙེག་པ་ཞི་བའི་ཚལ།།

བསམ་གཏན་སྒྲུབ་པའི་ཁང་བཟང་འདི་ན་གདའ།།


ནགས་ཀྱི་དཀྱིལ་ནས་རེ་འགའ་གྲྭ་ཤག་དང་།

ཆལ་ཆིལ་སྒྲ་བཅས་འབབ་ཆུ་ལྷུང་བ་མཐོང་།།

ངང་ངུར་ཆུ་བྱ་མྱོས་པའི་གཤོག་རྡེབ་ཀྱིས།།

ཆུ་ཡི་རྡུལ་དག་སྐྱ་ལེར་མཁའ་ལ་སྟོར།།

 

གནས་འདིར་དུས་ལ་ངེས་པ་མ་མཆིས་ཤིང་།།

རེ་འགའ་དབྱར་ཐོན་མེ་ཏོག་ལྡིང་ཁང་འཁྲིགས།།

རེ་འགའ་སྟོན་སླེབས་སྡོང་ལོ་ཉིལ་ཉིལ་བསྙིལ།།

རྫུ་འཕྲུལ་ཞིང་བཀོད་འདི་ཀོ་བླ་རེ་འཁྱམ།།

 

མཁའ་ཡི་གླང་བོ་ངལ་བས་དུབ་པ་དག།།

རི་བོའི་རྩེ་ལ་སྲང་བལ་བཞིན་དུ་བཏང་།།

ཉི་ཟེར་ཆིབས་པའི་དབང་བོའི་གཞུ་རིས་དང་།།

ལྷན་ཅིག་སྦྲང་ཆར་སྙོམས་པོས་རྒྱབ་རི་བཀྲུ།།

 

ནགས་ཀྱི་བྱེའུ་དག་ཀྱང་པི་ཝང་རྡུང་།།

རི་སྐྱེས་ཚོགས་རྣམས་བག་ཕབ་ཆུ་འགྲམ་སྙེག།

ཁོ་བོས་རྡོ་ཡི་དམུ་སྐས་འདི་བརྒྱུད་དེ།།

ཡར་ཡར་འཕགས་པ་གང་དེའི་དྲུང་དུ་འདོང་།།

 2014.10.28ཉིན།

   ཁྱོད་ལ་བཤད་འདོད་པ་གང་ཞིག

ཁྱོད་ནི་ང་ཡི་མཚན་མོའི་རོལ་དབྱངས་ཡིན།།

ང་རང་རོལ་དབྱངས་ནང་དུ་ཐིམ་ཞིང་བཟི།།

ཁྱོད་ནི་ང་ཡི་ཡིད་ཀྱི་གངས་རི་ཡིན།།

ང་རང་གངས་ཀྱི་འདབས་སུ་གན་རྐྱལ་ཉལ།།


ཚེ་རབས་ལས་ཀྱིས་སྦྲེལ་བའི་སྐུད་པ་འདིས།།

ང་ཡི་རྐང་བ་ཁྱོད་ཀྱི་པང་དུ་བཏགས།།

སྐུད་པ་འདི་ནི་གཅོད་ཐབས་མ་ཡོད་དེ།།

སྐུད་པ་ཆད་པར་ང་རང་ཤིན་ཏུ་སྐྲག།


འདི་ནས་ལྟོས་པའི་གནམ་ས་གཉིས་ཀྱི་གླགས།།

འཇིག་རྟེན་བྱེ་བ་ཕྲག་བརྒྱ་བརྒལ་བའི་མཚམས།།

ཕུགས་ཀྱི་ཞེ་ལ་ཡོད་པའི་ནམ་མཁའ་གང་།།

ཉི་ཟླ་གསལ་གསལ་སྐར་འོད་ལམ་ལམ་ཡོད།།


ཆུ་ཆེན་གཞུང་རྟ་དེད་ན་རྒྱ་མཚོར་འབབ།།

རི་ཡི་མུ་རྒྱུད་དེད་ན་ལྷུན་པོར་བསྙེགས།།

འདི་ནི་ཁྱོད་དང་འུ་གཉིས་ཕུགས་བསམ་ཚད།།

ཐུན་གསུམ་རྨི་ལམ་ནས་ཀྱང་ཁྲི་ཕྲག་བཟློ།།


འོན་ཀྱང་མི་ཡི་སེམས་འདི་དབུགས་ལྒང་ཞིག།

ཇི་ཙམ་བཞག་ན་དེ་ཙམ་ཆུང་དུ་འགྲོ།།

ངེས་མེད་རླུང་གིས་ཤར་དང་ནུབ་ལ་སྤུར།།

སྔོན་གྱི་སྣང་བ་མཐོ་ལུགས་གང་ན་ཡོད།།


སྤྱི་ཚོགས་འདི་ནི་གཟུགས་མེད་རལ་གྲི་ཞིག།

འདི་ཡིས་གཟུགས་ཅན་མང་བོ་ཐལ་བར་གཏོང་།།

ད་ལྟའི་གྲོགས་ཀྱང་གདོང་འབག་བཟོ་གྲྭ་ཞིག།

ཁྱོད་རང་འཇམ་པོའི་ལྕེ་ལྡག་གིས་ཀྱང་གསོད།།


འདི་ལྟར་བཤད་པའི་སྐད་ཆའི་ཕུགས་འདི་ཡིས།།

ང་ཡིས་ཅི་ཞིག་འཇོན་པ་མ་ཡིན་མོད།།

རང་གི་གྲོགས་པོ་སྙིང་སྟོབས་ཅན་གང་དག།

སྤྱི་ཚོགས་འདི་ཡི་དམར་གསོད་ཐེངས་མང་བྱས།།


ལྷག་བསམ་ཅན་གྱི་སྐྱེས་བུ་གང་མང་གིས།།

རིགས་ཀྱི་དོན་དུ་རང་ཉིད་ཐེད་ལ་བོར།།

རིགས་ཀྱི་དོན་དུ་རང་གི་ཟུངས་ཁྲག་གིས།།

ས་ཆེན་འདི་ལ་ཡི་གེ་དམར་བོ་བྲིས།།


བརྡ་དང་སྐད་ཀྱིས་མཚོན་ཐབས་མ་ཡོད་པའི།།

ཕྱིར་མི་ལྡོག་པ་དམ་པའི་རྒྱལ་སྲས་སྤྱོད།།

ས་སྒང་རལ་བའི་སྐར་ཆེན་འདི་དག་གིས།།

མུན་པའི་བློ་ལ་མེ་ཁ་ཕྲན་ཙམ་གསོས།།


སྤོབས་པའི་གཡུ་རལ་དགུང་དུ་གསིག་པ་ཡི།།

རིགས་ཀྱི་སེང་ཆེན་དེ་དག་ད་ནི་བཞུད།།

ཤེས་རབ་མེ་སྟག་རེ་རེ་འདམ་དུ་ནུབ།།

བློ་བརྟན་འཆའ་བའི་མི་ནི་སུ་ལ་གདའ།།


དེ་ཡི་ཕྱིར་ན་ང་ཡང་རང་ཉིད་ཀྱི།།

བསམ་པའི་རྗེས་སུ་འབྲངས་ཏེ་མུན་ཁུང་འདིར།།

ཚེ་དང་ཉི་མ་འདོད་ཀྱིས་བསྐྱལ་བར་བྱ།།

ཤི་མིན་གསོན་མིན་མལ་དུ་གནས་པར་བྱ།།


ཚེ་ཡིས་ལྕོག་ན་སྐར་ཁུང་འདི་ཉིད་ལས།།

འཇིག་རྟེན་གྲུ་ག་རེ་རེ་སེམས་ཀྱིས་ཉུལ།།

བློ་ཡིས་ནུས་ན་སྙན་ངག་རྐང་གཅིག་གིས།།

སྔོན་གཤེགས་དཔའ་བོར་མར་མེ་རྐོང་གང་སྒྲོན།།

2014、12、29 ཉིན།

              ཁྱོད་ཉིད།

ཁྱོད་ཉིད་དམར་བོར་བསྒྱུར་ཅིང་དཀར་བོར་བསྒྲུབ།།

དོན་དམ་ངོ་བོ་རྙེད་པའི་མཐའ་མ་རིག།

ཁོ་བོས་མཛུབ་ཀུས་དེད་པའི་སྐབས་ཤེད་དུ།།

ཁྱོད་ནི་ཐོགས་རེག་ཡོད་པའི་འབུར་རིས་ཤིག།

 

ཁྱོད་ཉིད་ཡིན་པ་འདྲ་ལ་མིན་པ་འདྲ།།

དོན་དམ་རྟོག་པའི་འདམ་མྱགས་ནང་དུ་ལྷུང་།།

ཁོ་བོས་བདེན་པའི་ཐ་གུ་བརྒྱུས་པ་ན།།

ཁྱོད་ནི་འགྲོ་འདུག་བྲལ་བའི་སྨུག་པ་ཞིག།

 

ཁྱོད་ཉིད་སྤང་ལ་རྒྱུ་བའི་རླུང་བསིལ་དང་།།

རི་ཚོགས་གྲིབ་མ་ཁུར་བའི་གཙང་བོ་ཡིན།།

ལོ་ཟླའི་བཤུལ་རིང་འགྲིམ་པའི་ངལ་དུབ་ཀྱིས།།

བདག་ནི་ཁྱོད་ལ་སུན་པའི་ཀོ་གྲུ་གཏོང་།།

 

ཁྱོད་ཉིད་གངས་རི་ཞིག་དང་རྩྭ་ཐང་ཞིག།།

ནམ་མཁའ་འཇའ་ཚོན་ཡལ་ཡལ་སྨུག་པ་སྐྱོམ།།

རྫི་བོའི་གཞས་ལ་ཐོགས་པའི་ཁྱོད་ཉིད་ནི།།

རི་གཤམ་མེ་ཏོག་བཟའ་བའི་ལུག་ཁྱུ་འདྲ།།

 

བདག་གིས་ཁྱོད་ཉིད་རྙེད་ཅིང་སྙན་ངག་བྲིས།།

ཧོབ་ཀྱིས་བལྟས་ན་ཁྱོད་ནི་གདོད་ནས་བྲལ།།

སྙན་ངག་གང་བྲིས་བྱིས་པའི་ལྡབ་ལྡིབ་ཉིད།།

སྣང་བར་གང་ཐོགས་རྨི་ལམ་ཁྲལ་ཁྲུལ་ཞིག།།

 

བྱེའུ་སྔར་བཞིན་རང་གི་ཚང་མལ་སྙེག།།

ཆུ་མོ་སྔར་བཞིན་གྲམ་པའི་རྡོ་ལ་ཐིམ།།

ནམ་མཁའ་ཟླུམ་པོ་འདི་ཡི་ནང་ཤེད་ན།།

དོན་དམ་ཁྱོད་ནི་འཛིན་པས་སྟོང་བ་འོ།།

 2014、6、21ཉིན། གཉན་ཆེན་རྫ་འདབས་སུ།

               གཡང་ཊི།

གནམ་མཐའི་གཙང་བོ་ཉི་རྡུལ་བསྲེས་ཏེ་བཞུར།།
མཚམས་སྤྲིན་འོག་ཏུ་གཡང་ཊིའི་ཟམ་ཆེན་རྐྱོང་།།
རི་སུལ་དབེན་དགོན་གཡེར་དྲིལ་ལྷང་ལྷང་དུ།།
དུ་བ་ཕྲ་མོས་བར་སྣང་རི་མོ་འབྲི།།

ང་ནི་རི་སུལ་འདི་ཡི་བྲན་གཡོག་ལྟར།།
གཡང་ཊིའི་དོན་དུ་གཅིག་པུར་ལམ་མདོར་སྙེག།
འདས་པའི་ལོ་ཟླ་མདང་གི་རྨི་ལམ་འདྲ།།
ཕྱིར་དྲན་ཆང་གིས་ལུས་པོ་དྲན་མེད་བརྒྱལ།།

སྟོན་མཇུག་རླུང་བུ་ནགས་ཀྱི་འཁྲིས་ནས་ལྡིང་།།
སྲང་ལམ་ལོ་མ་ལྷོ་དང་ཤར་ལ་དེད།།
ང་ནི་སྡེ་འདབས་འདི་ཡི་དར་སྡོང་དང་།།
ལྷན་ཅིག་རྒྱང་རིང་ཕྱོགས་ལ་སེམས་པ་འཁྲེང་།།

མི་ཚེ་འདི་ནི་བལ་སྐུད་སྒྲིམ་པ་འདྲ།།
ཚེ་ཡི་རིང་ཐུང་སྐུད་པ་དམ་ལྷོད་ཙམ།།
འོན་ཀྱང་ཐེག་དཀའི་ཕུགས་བློ་འདི་ཡི་དོན།།
ང་ཡིས་རང་ཉིད་ཡང་དང་བསྐྱར་དུ་བརྗེད།།

ཁོ་བོས་སླར་ཡང་རང་ཤོང་སྤྱིལ་བུ་བཟོ།།
ནགས་ཀྱི་ཁ་གཏད་སྒོ་དང་སྒེའུ་ཁུང་བརྟོལ།།
འདི་ནི་ཁེར་རྐྱང་མཚན་མོ་བསྲུང་བའི་སླད།།
སྐར་ཚོགས་དག་ཀྱང་ང་ཡི་ཉེ་བར་སླེབས།།

དེ་ནི་འོད་དང་མུན་པ་བསྲེས་པ་ཞིག།
གདོང་པའི་དཀར་ནག་ཅིག་ཀྱང་ཡིན་པ་སྟེ།།
ང་ཡིས་རང་གི་འདོད་བློ་ཁོ་ནའི་ཕྱིར།།
འཆི་བ་ཞེས་པ་ད་ནི་བརྗེད་ཚར་རོ།།

རྒྱལ་ཁབ་ཤོར་ཡང་མི་ནི་སྔར་བཞིན་གནས།།
ཁྱོད་ཀྱིས་རང་གི་སྒལ་ཚིགས་གཅོག་དོན་ཅི།།
ཀྱེ་མ་ང་ཡི་སེམས་ཀྱི་མངའ་ཐང་ལགས།།
ཁྱོད་ནི་གཏན་དུ་མུ་མཐའ་མེད་པར་སྨོན།།

རྒྱང་རིང་ཉིད་ནི་ཁོ་ན་གནས་སྲིད་ཀྱང་།།
སེམས་ཀྱི་ཕ་མཐའ་རྒལ་མཁན་སུ་ཡིན་ནམ།།
གཡང་ཊི་བོར་བའི་མཚན་མོ་སླེབས་ཐེངས་རེར།།
ང་ཡི་མིག་མཐར་ཡང་ཡང་མཆི་མ་འཁྱིལ།།
                       2015,11,15 དགོང་མོར།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། rogu བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
   ​འོད་ཟེར་ལྗང་གུའི་སྙན་ངག་བདམས་བཀོད།   སྤེལ་མཁན།: ལམ་འགྲོ་བ། སྤེལ་དུས:2015/11/1
འཆར་ཡན་གྱི་ཀློང་ན་འགྱུ་བའི་བསམ་བློའི་འཇིག་རྟེན་ཞིག མཐའ་མི་མངོན་པའི་ཕུགས་བསམ་ཞིག ངོ་མ་ཡག
ventolin 4mg waltersgarage.com cipro 250mg
   ​འོད་ཟེར་ལྗང་གུའི་སྙན་ངག་བདམས་བཀོད།   སྤེལ་མཁན།: འཁྱམ་པོ། སྤེལ་དུས:2015/11/1
བཀའ་དྲིན་ཆེ།
bdsm boy sex stories site oral sex stories
printable coupons free customvbapps.com walgreens deals this week
husband cheat site married affairs sites
buscopan read buscopan spc
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23606432
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།