རིགས་ཞེན་གྱི་སྐྱོ་སྣང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 10 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྙན་རྩོམ། » རིགས་ཞེན་གྱི་སྐྱོ་སྣང་།
རིགས་ཞེན་གྱི་སྐྱོ་སྣང་།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས། སྤེལ་དུས 2015-07-08ལྟ་ཀློག (2795)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


            རིགས་ཞེན་གྱི་སྐྱོ་སྣང་།

 (ཆོས་སྒར་དགོན) ཨ•སྤྱིན་པ་རྒྱ་མཚོ།
རྣམ་དག་ལྷག་བསམ་གཙང་མའི་མཁའ་དབྱིངས་ན་རྩེན་པའི།།
རིགས་ཞེན་དབྱར་རྔའི་གླུ་ཆུང་ལྷང་ལྷང་དུ་བླངས་ན།།
ངག་དབང་ལྷ་མོས་གསང་གསུམ་མེ་ཏོག་གི་སྦྲང་ཆར།།
བདག་མགྲིན་ལྗང་མྱུག་གསོ་བའི་འཚོ་བཅུད་དུ་ཕོབས་ཤིག།

མུན་ནག་དགུ་རྩེག་འཐིབས་པའི་མཚན་ལྗོངས་ན་གནས་པའི།།
སློབ་གསོའི་ཉི་མར་སྡང་བའི་ལྟ་ངན་གྱི་འབྱུང་བྱར།།
བཟང་ངན་ཤན་འབྱེད་བྱེད་པའི་བློ་མིག་གིས་དབེན་པས།།
རྨོངས་མུན་སྐྱབས་སུ་རེ་བའི་ངང་ཚུལ་དེ་སྐྱོ་བ།།

གདོད་མའི་འཚོ་སྟངས་བྲག་རིའི་རང་གཤིས་སུ་འཁྲུངས་པའི།།
མ་འདྲེས་ཆོས་ཀུན་འཆར་བའི་ཀུན་རྟོག་གི་བུ་ཆུང་།།
གཡོ་འཕྲུལ་སྒྱུ་མའི་གར་གྱི་བཙོན་ར་རུ་ཚུད་པས།།
ཡིད་འོང་འོད་གསལ་ཉམས་དགའི་དོ་ར་དེ་མ་མཐོང་།།

མི་བཟད་ནད་གདོན་རྒྱལ་བོ་སྙིང་རྩ་ལ་ཞུགས་པའི།།
རང་རློམ་ང་རྒྱལ་མགོ་འཕང་མཁའ་དབྱིངས་སུ་བཏེགས་ཏེ།།
ཕྱུགས་རིགས་སྣ་གསུམ་གཏན་གྱི་འཚོ་རྟེན་དུ་དམིགས་ནས།།
ས་རྩོད་ནང་དམེ་བྱེད་པའི་སྤྱོད་ཚུལ་འདི་ཀྱི་ཧུད།།

གཞུང་བརྒྱའི་འོ་མཚོས་གཏམས་པའི་ཐོས་བརྩོན་གྱི་བུ་ཆུང་།།
མཁོ་མེད་ཕྱགས་དར་ཁྲོད་ཀྱི་སྙིགས་རོ་རུ་མཐོང་ཞིང་།།
ཧམ་སེམས་དུག་ཆུ་མྱོས་པའི་ཚུལ་འཆོས་ཀྱི་གྲུབ་རྫུན།།
གཏན་གྱི་སྐྱབས་སུ་རེ་བའི་སྣང་ཚུལ་འདི་སྐྱོ་བ།།

དམར་སེར་མིག་ལ་མཛེས་པའི་ཆོས་གོས་ཤིག་གསོལ་ཡང་།།
ནང་དུ་ཉོན་མོངས་དུག་གི་མངར་ཁ་དེ་བཙན་པའི།།
ཚུལ་འཆོས་འཕྲུལ་གྱིས་མཛེས་པའི་སྙིགས་དུས་ཀྱི་བཙུན་གཟུགས།།
དད་ལྡན་འགྲོ་བ་བསླུ་བའི་ཁྲམ་མཁན་ལས་མ་འདས།།

ཀྱག་ཀྱོག་བསྣོལ་མར་འཁྱིལ་བའི་མི་ཡུལ་གྱི་ཁམས་ན།།
དགའ་སྐྱོའི་རྦ་རླབས་འཕྱུར་བའི་ཟེགས་མ་ཡི་མཇུག་འབྲས།།   
འདྲེན་བྱེད་ལམ་དུ་འཁྱིལ་བའི་སྐྱོ་སྡུག་གི་མཆི་མ།།

སྨྱུག་ཆུང་གར་དུ་རྩེན་པའི་རྨིག་རྗེས་སུ་ཤོར་སོང་།།



རྩོམ་སྒྲིག་འགན་འཁུར་བ། ཁྰ་ཤེས་རབ་རྒྱ་མཚོ།  མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་། 


 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 1xp4 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23606275
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།