སེམས་ཀྱི་མངའ་ཐང་ལགས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྙན་རྩོམ། » སེམས་ཀྱི་མངའ་ཐང་ལགས།
སེམས་ཀྱི་མངའ་ཐང་ལགས།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-07-07ལྟ་ཀློག (2985)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

           སེམས་ཀྱི་མངའ་ཐང་ལགས།

                                  འབའ་སྣང་གྲོལ།
ང་ནི་མེ་ཕུང་ཞིག་སྟེ། 
ཚག་ཚག་སྒྲ་ལ་བསྐྱོན་ཡོད། 
སེམས་ཀྱི་བསིལ་རླུང་ལགས། 

ང་ནི་འཁྱག་རོམ་ཞིག་སྟེ།
ཐམ་ཐམ་སོ་རྩ་འདར་ཡོད།     
 སེམས་ཀྱི་དྲོད་ཁོལ་ལགས།  

ང་ནི་ན་ཟུག་ཅིག་སྟེ། 
སིབ་སིབ་རུས་ལ་བབས་ཡོད། 
སེམས་ཀྱི་བརྩེ་དུང་ལགས། 

ང་ནི་ཁྲག་ཐིག་ཅིག་སྟེ། 
རལ་གྲིའི་སོ་ལ་བགོས་ཡོད། 
སེམས་ཀྱི་ཞི་བ་ལགས།

ང་ནི་དུར་ཕུང་ཞིག་སྟེ།
ལོ་ཟླའི་གཞུང་ལ་བཏབ་ཡོད།
སེམས་ཀྱི་འཆི་བདག་ལགས། 

ང་ནི་བཀྲེན་པོ་ཞིག་སྟེ།
ལྟོ་བ་བྲང་ལ་རྡིབ་ཡོད།
སེམས་ཀྱི་མངའ་ཐང་ལགས།  

སྙིང་ཕུར་རུས་ལ་གདབ་མཁན། 
ལྕགས་སྲོག་རྣོ་ལ་རྡུང་མཁན།
རྨི་ལམ་ཞེ་ལ་གཏོང་མཁན།
དམ་བཅའ་སྲོག་ལ་མདུད་མཁན།

ཚད་མེད་པའི་ང་ཡི་ནམ་མཁའི་རྒྱ་ཁྱོན་ཨ།
མཐའ་མེད་པའི་ང་ཡི་ས་གཞིའི་གཤོང་བ་ཨ། 

                                                   ༢༠༡༥  ༦    ༩ཉིན།

རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། gd6j བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
   སེམས་ཀྱི་མངའ་ཐང་ལགས།   སྤེལ་མཁན།: བྱ་གཞུང་ཁ་བ་འཚོ སྤེལ་དུས:2016/5/12
དཔེ་མེད་པ་ཡག་འདུག
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23548580
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།