​​གཞོམ་གཞིག་བྲལ་བའི་སེམས་ཀྱི་སྟོབས་འབོད་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྙན་རྩོམ། » ​​གཞོམ་གཞིག་བྲལ་བའི་སེམས་ཀྱི་སྟོབས་འབོད་པ།
​​གཞོམ་གཞིག་བྲལ་བའི་སེམས་ཀྱི་སྟོབས་འབོད་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-07-07ལྟ་ཀློག (3206)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

   

གཞོམ་གཞིག་བྲལ་བའི་སེམས་ཀྱི་སྟོབས་འབོད་པ།

                          འབའ་སྣང་གྲོལ།
  ནམ་མཁའ་འདི་ཡི་རྒྱ་ཁྱོན་ག་ཙམ་བཞིན།།
 རིགས་ཀྱི་བློ་གཤོགས་ཡངས་པོ་དེ་ཙམ་སྟེ།།
 རྒྱལ་ཁབ་འཐོར་ཞིང་ཕ་གཞིས་ཤོར་ན་ཡང་།།
 གནམ་འོག་གཞིས་སུ་ཤར་བའི་ལྟ་བ་འབོད།།

རླབས་ཆེན་མེས་པོ་རེ་རེ་གཟིམ་ཤུལ་ན།།
བླ་དང་སྲོག་གི་རྩ་བ་ཡོམ་ཡོམ་འགུལ།།
སྣང་བ་སྒྱུ་མར་ལྟ་བའི་སྐྱོང་ལུགས་ཀྱིས།།
དམ་པ་གོང་མའི་མི་གཡོ་མཉམ་བཞག་འབོད།།

ཕ་སྐད་ཉམས་ཤིང་ཕ་རུས་དཀར་བོ་འགྱུར།།
མེས་པོའི་སྲོལ་དང་འདུ་ཤེས་དེ་བཞིན་ཏེ།།
ཆེན་པོ་བོད་ཀྱི་སྣོད་བཅུད་མར་འགྲིབ་འདིར།།
བཙན་པོས་རྒྱལ་སྲིད་སྐྱོང་བའི་ཐབས་ཇུས་འབོད།།

འགལ་རྐྱེན་སྣོལ་མར་འཁྲུགས་པའི་མི་ཡུལ་འདིར།།
རེ་བའི་མིག་ཟུང་གཏོད་ས་མ་མཆིས་པས།།
དཀའ་སྡུག་དང་དུ་ལེན་པའི་སེམས་ཤུགས་ཀྱིས།།
ལས་འབྲས་བསླུ་བ་མེད་པའི་བདེན་པ་འབོད།།

མི་ཡུལ་ལོ་ཟླ་ག་ཙམ་རིང་བ་བཞིན།།
སྲིད་པ་འདི་ཡི་འགྱུར་ལྡོག་དེ་ཙམ་སྟེ།།
རིགས་ཀྱི་རྒུད་པ་མཐོང་བའི་སྐྱོ་སྣང་ཁྲོད།།
མཐའ་བཞིའི་གོ་བ་ངེས་པའི་ཉམས་རྟོགས་འབོད།།

རྫུན་ཁུང་རྫུན་ལ་གཏུགས་པའི་དུས་ཀྱི་ཚེ།།
དམ་པའི་གླེགས་བམ་འདི་ལ་བདག་པོ་ཉུང་།།
ཚེ་རབས་ཕྲེང་བའི་སྙིང་བོ་འཚོལ་ལུགས་ཀྱིས།།
མེས་པོས་བདེན་མཐའ་སྐྱོང་བའི་སྙིང་སྟོབས་འབོད།།

སྐྱེ་བོ་ཕལ་ཆེར་བླངས་དོར་གནས་ལ་རྨོངས།།
དྲིན་ལ་དྲིན་དུ་མ་ངེས་རྒོལ་དུས་འདིར།།
མེས་པོས་བསླབས་པའི་རིག་གཞུང་རིན་པོ་ཆེ།།
ཡང་དག་ཞི་བ་འཚོལ་བའི་སེམས་མཆོག་འབོད།།

དུས་ཀྱི་འཕེལ་འགྲིབ་རིང་མོ་ལས་ལ་བཏགས།།
ལས་ཀྱི་འགྱུར་ལྡོག་རེ་རེ་རྐྱེན་ལ་བཏགས།།
གཅིག་སྣེ་གཅིག་ལ་བཏགས་པའི་འཇིག་རྟེན་ནས།།
ངོ་མཚར་རྟེན་འབྱུང་ཟབ་མོའི་གཤིས་ལུགས་འབོད།།
                         ༢༠༡༤   ༨    ༣ཉིན།    

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། c92f བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23550256
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།