​​སེམས་ཀྱི་མཆོད་པ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 28 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སྙན་རྩོམ། » ​​སེམས་ཀྱི་མཆོད་པ།
​​སེམས་ཀྱི་མཆོད་པ།
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2015-07-07ལྟ་ཀློག (2618)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


                 སེམས་ཀྱི་མཆོད་པ།   

         ___བཀའ་དྲིན་གཞལ་ཐབས་མེད་པའི་དགེ་རྒན་རིན་པོ་ཆེ་ངེས་དོན་རིག་སྨྲའི་དབུས་ཀྱི་ཁྱུ་མཆོག་ཏུ་གྱུར་བ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་ལ་ཕུལ།
  
                                ---བོན་བརྒྱ་སྟག་ལ་འབུམ།

ཚེ་འདིར་ཁྱེད་དང་མཇལ་བ་སྔོན་གྱི་ལས།།
མཇལ་ནས་བླ་མར་བསྟེན་པ་ད་ལྟའི་ཚོགས།།
བུ་ཆུང་དཀར་ནག་ལམ་ཁ་ཤེས་ནས་ཡོད།། 
ང་རང་ལས་ངན་ནང་གི་ལས་ཅན་ཡིན།། 
  
བོན་པོའི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས་ན་འང་།།
ནར་སོན་མེ་ཏོག་ཁྱེད་ཀྱི་པང་དུ་འཐོར།།
གྲུབ་མཐའ་ཀུན་ལ་སྡང་མིག་མི་ལྟ་བར།།
བྱིས་བློའི་འདབ་གཤོག་གྲོལ་བ་ཁྱེད་ཀྱི་དྲིན།།
  
ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བ་དང་།།
ལས་ཀུན་རྒྱུ་དང་འབྲས་བུས་བསྐྱེད་པ་སྟེ།།
ཆོས་ཀུན་ཆོས་ཉིད་འབྱེད་པའི་ཤེས་རབ་ཀྱི།།
རྣོ་དབལ་ཅུང་ཙམ་རྒྱས་འདི་ཁྱེད་ཀྱི་དྲིན།།
  
རྙིང་བ་ཐམས་ཅད་ཧོལ་གྱིས་མི་འདོར་ཞིང་།།
གསར་བའི་ཕྱོགས་སུ་ཐོལ་གྱིས་མི་རྒྱུགས་པར།།
གསར་རྙིང་ལྟ་སྤྱོད་བསྲེས་པའི་བཞི་མདོ་ནས།།
རང་ལམ་རང་གིས་རྙེད་པ་ཁྱེད་ཀྱི་དྲིན།།
  
མཚང་འབྱིན་མི་ཁ་ཙམ་ལ་མི་ཁྲོ་ཞིང་།།
ངོ་སྲུང་བསྟོད་ཚིག་དག་ལ་མི་ཞེན་པར།།
རང་གི་བསམ་བློས་རང་ཉིད་ངོས་ཟིན་ཏེ།།
རང་ཉིད་རང་གིས་སྲུང་བ་ཁྱེད་ཀྱི་དྲིན།།
  
ཡོད་ཚད་སྒོར་མོར་བརྗེས་ནས་མི་འགྲོ་ལ།།
སྤྲང་དབྱུག་ཁོ་ན་འཆང་ནས་མི་འདུག་པར།།
རང་གི་འཚོ་བ་རང་གིས་ཐག་བཅད་དེ།། 
རང་མགོ་རང་གིས་འདོན་པ་ཁྱེད་ཀྱི་དྲིན།།
  
བཙན་པོ་དཔོན་པོར་ཐུག་ཀྱང་དཔའ་མི་ཞུམ།།
སྟོབས་ཆེན་ཕྱུག་པོས་བོས་ཀྱང་སྙིང་མི་འདར།།
འདྲིས་དང་མ་འདྲིས་ཆོལ་གསུམ་བོད་མི་ལ།།
ཚེ་གང་འོས་མེད་མི་བྱེད་ཁྱེད་ཀྱི་དྲིན།།
  
གྲགས་སྐམ་ཁོ་ན་གཉེར་ནས་མི་འདུག་ཅིང་།།
བླུན་པོ་གར་ཁྲིད་བཞིན་དུ་མི་འགྲོ་བར།།
འཇིག་རྟེན་སྤྱི་ཚོགས་ཟེར་བ་ཕྱེད་ཙམ་མཐོང་།།
རང་གཏམ་རང་གིས་ཤོད་པ་ཁྱེད་ཀྱི་དྲིན།།
  
དྲིན་ཆེན་ཕ་མའི་སེམས་ཁ་མི་དཀྲུགས་ཤིང་།།
ཤ་ཉེ་གྲོགས་པོ་དག་ལ་མི་འགལ་བར།། 
འཁོར་བ་ཙམ་ཡང་བཟུང་སྟེ་མི་སྡོད་པར།།
ཅི་ཞིག་ཨེ་འཁྱོངས་ལྟ་བ་ཁྱེད་ཀྱི་དྲིན།།
  
རྣམ་གཡེང་ལེ་ལོ་ཁོ་ནས་མི་འདའ་ལ།། 
བུད་མེད་དག་དག་འཚོལ་བར་མི་དགའ་སྟེ།།
ཡ་མ་བརླ་ཞིག་བྱས་ནས་མི་འཚོ་བར།། 
གང་ཞིག་ཨེ་ཤེས་ལྟ་བ་ཁྱེད་ཀྱི་དྲིན།།
  
མདོར་ན་ང་ནི་ཁྱེད་ཀྱི་ཆ་ཤས་ཤིག། 
མདོར་ན་ང་ནི་ཁྱེད་ཀྱི་བ་སྤུ་ཞིག། 
མདོར་ན་ང་ནི་ཁྱེད་ཀྱི་སྐྲ་སེན་ཞིག།
ཚེ་རབས་ཀུན་ཏུ་ཁྱེད་དང་འབྲལ་མེད་ཤོག།
  
སྐྱབས་འགྲོའི་ཚོགས་ཞིང་ནང་དུ་ཁྱེད་རང་ཡོད།།
ཁྱེད་ལ་བཏབ་པའི་གསོལ་བ་ཕུར་ཚུགས་ཡིན།།
འཁྱམ་པོའི་རྨི་ལམ་ཚལ་ན་ཁྱེད་རང་ཡོད།།
ཁྱེད་རང་དྲན་པའི་རི་མོ་ནོག་མེད་ཡིན།།

2011.10.མང་གཞུང་དུ།

རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  ཨ་བུ་འབྲོང་།  བན་ཤུལ་འཇམ་དབྱངས། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། da2g བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23549143
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།