|
|
དེབ་གསར་འོས་སྦྱོར། | རྩོམ་སྒྲིག་པ། བན་ཤུལ་འཇམ་དབྱངས་ཡེ་ཤེས། | སྤེལ་དུས 2021-06-18 | ལྟ་ཀློག (7682) | རྩོམ་ཁུངས: ངེད་དྲ་བ། | པར་འདེབ། |
|
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་བཞི་བའི་མཐར་ཕྱིན་འཛིན་གྲྭ་གཉིས་ཀྱི་དེབ་གསར་འགྲེམས་བརྡ།
《ལྷ་འདྲེ་གསལ་བའི་མེ་ལོང་》ཞེས་པའི་དེབ་འདི་ནི་༢༠༢༡ལོའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་བཞི་བའི་མཐར་ཕྱིན་འཛིན་གྲྭ་དང་བོའམ་ཤེས་རབ་ཉིན་བྱེད་འཛིན་གྲྭའི་སློབ་མ་དག་གིས་མཐར་ཕྱིན་འབྲས་རྟགས་སུ་ཕུད་པའི་དཔྱད་རྩོམ་དེབ་ཅིག་ཡིན། དེ་ལ་འདིར་ལྷ་འདྲེར་བཟུང་བའི་ལྟ་བ་དང་དད་མོས། དངོས་བྱུང་འདྲེ་སྒྲུང་དང་། ཐེའུ་རང་། མི་ལ་ཙི་ཙི། རོ་ལངས། ཐབ་ལྷ། འདྲེ་དངོས་མཐོང་དང་འདྲེས་དངོས་གནོད་སོགས་ཚན་པ་བརྒྱད་ཙམ་དུ་བཀར་ནས་བོད་ཀྱི་ལྷ་འདྲེའི་རིག་གནས་སྐོར་ལ་ཞིབ་འཇུག་བྱས་པ་ཞིག་ཡིན་ལ། མི་འགྱང་བར་སྤྱི་ཚོགས་སུ་པར་སྐྲུན་འགྲེམ་སྤེལ་བྱེད་འཆར་ཡོད་པས་དགོས་མཁོ་ཅན་དག་གིས་མངགས་ཉོ་གནང་བར་ཞུ།
《ཀུན་འཁོར་ཀུན་གསལ་མེ་ལོང་》ཞེས་པའི་དེབ་འདི་ནི་༢༠༢༡ལོའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་བཞི་བའི་མཐར་ཕྱིན་འཛིན་གྲྭ་དང་བོའམ་ཤེས་རབ་ཉིན་བྱེད་འཛིན་གྲྭས་བསྡུ་བསྒྲིགས་བྱས་པའི་ཀུན་འཁོར་ཕྱོགས་བསྒྲིགས་ཀྱི་དེབ་ཅིག་ཡིན། འདི་ནི་བོད་མདོ་དབུས་ཁམས་གསུམ་གྱི་དགོན་པ་བརྒྱ་ཕྲག་ལྷག་གི་ལྷ་ཁང་དང་འདུ་ཁང་གི་སྒོ་འཕྱོར་དུ་བྲིས་པའི་ཀུན་འཁོར་དང་བོད་སྔ་རབས་མཁས་པ་དག་གིས་མཛད་པའི་ཀུན་འཁོར་རྩ་ཆེ་ལ་ངོ་མཚར་བའི་རིགས་དག་ཕྱོགས་གཅིག་ཏུ་བསྒྲིགས་ཡོད་པས།
འདིས་ཀྱང་བོད་ཀྱི་སྙན་ངག་གི་ཞིང་ས་རུ་ཆུ་ཐིགས་ཤིག་བྲན་པ་དང་ཀུན་ནས་མཚུངས་ལ་བཀྲ་ཤིས་རྟེན་འབྲེལ་སོགས་མཚོན་པའི་ཀུན་འཁོར་འདི་དག་མ་ཡུམ་སློབ་གླིང་གི་མཛད་འཕྲིན་སྔར་ལས་རྒྱས་ཤིང་སློབ་དཔོན་རྣམ་པའི་ཚེ་བསོད་དབང་ཐང་དར་བའི་རྒྱུ་རུ་འགྱུར་བར་ཤོག་ཅེས་ཀུན་སློང་རྣམ་པར་དག་པས་དཔར་དུ་བསྐྲུན་ནས་ད་ཆ་སྒོར་དགྲམ་འཆར་ཡོད་པས་ཁྱེད་ཀློག་པ་བོ་དག་གིས་མངགས་ཉོ་གནང་བར་ཞུ།
<<ལོ་ཟླའི་མེ་ལོང་>>ཞེས་པའི་དེབ་འདི་ནི་༢༠༢༡ལོའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་བཞི་བའི་མཐར་ཕྱིན་དང་བོའམ་ཤེས་རབ་ཉིན་བྱེད་ཚང་གི་སློབ་མ་བརྒྱད་ཅུས་མཉམ་དུ་བྲིས་པའི་ལྷུག་རྩོམ་གྱི་དེབ་ཅིག་ཡིན་ལ། དེབ་འདིའི་རྗོད་བྱེད་ཚིག་གི་ཆ་ནས་བབ་ཆགས་ཤིང་རང་སེམས་ཀྱི་ཚོར་འདུ་ཡིག་འབྲུ་ཡི་རྡང་ལ་བསྟར་ཏེ་ལྷུག་རྩོམ་རྐྱང་བའི་རྣམ་པར་བྲིས་ཡོད་ལ། བརྗོད་བྱ་དོན་གྱི་ཆ་ནས་ཇི་བཞིན་བརྗོད་པའི་ལྷུག་རྩོམ་དང་སྙན་ངག་ལྷུག་རྩོམ། དོན་བརྗོད་ལྷུག་རྩོམ། ཡིད་འགྱུར་མཚོན་པའི་ལྷུག་རྩོམ་བཅས་ཀྱི་ལམ་ནས་རང་ལ་དྲིན་ཆེ་བའི་སློབ་དཔོན་དང་ཕ་མའི་བཀའ་དྲིན་དྲན་པ། སེམས་ཀྱི་དགའ་སྐྱོ་ཆགས་སྡང་མཐའ་དག་ཡི་གེའི་གཟུགས་སུ་ཕབ་སྟེ་འཚོ་བ་ཡི་བདེ་སྡུག་དང་དུས་རབས་ཀྱི་འགྱུར་ལྡོག དེ་བཞིན་འདས་དོན་ལ་ཕྱིར་དྲན་དང་མ་འོངས་པར་རེ་ལྟོས་བཅས་མཚོན་པའི་ལྷུག་རྩོམ་དུ་མ་ཡིས་གྲུབ་ཡོད། དེ་བས་ང་ཡི་ལས་སྐལ་གྱི་ཀློག་མཁན་ལགས། ཁྱོད་ཀྱིས་དར་ཅིག་སྐུ་ངལ་གསོས་ཏེ་དཔེ་དེབ་འདི་ཉིད་ཀྱི་ཡིག་འབྲུ་རེ་རེ་ལ་ཚེ་སྲོག་གི་ཚོན་རྩི་བྱུགས་རོགས།
མཐར་ཕྱིན་དང་བོ།
བློ་བཟང་ཆོས་འཕེལ།
13209740788
དཔལ་ཆེན།
15609753327
བོད་ཀྱི་རི་ཆུའི་རིག་གནས་ཀྱི་འགྲེམས་སྤེལ་བརྡ་སྦྱོར།
རི་ཆུའི་རིག་གནས་ནི་གནའ་རབས་ལྷ་སྒྲུང་དང་འབྲེལ་བའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་གལ་ཆེན་ཞིག་ཡིན།
དེའི་ཕྱིར་ལྷ་ཀླུའི་རིག་གནས་ཀྱང་རི་ཆུའི་རིག་གནས་ཀྱི་ཁོངས་སུ་མ་གཏོགས་པ་མེད། ལྷག་པར་དུ་དེང་དུས་ཀྱི་ན་གཞོན་ཕལ་ཆེ་བ་རང་ས་རང་ཡུལ་གྱི་ས་བདག་དང་།
གཞི་བདག གནས་བདག་སོགས་ལ་རྒྱུས་མངའ་ཅི་ཡང་མེད་པའི་གནས་སུ་གྱུར་དང་འགྱུར་བཞིན་པའི་ཉམས་ཉེས་ལ་དམིགས་ཏེ།
ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་བཞི་བའི་མཐར་ཕྱིན་གཉིས་པའི་སློབ་མ་དག་གིས་<<བོད་ཀྱི་རི་ཆུའི་རིག་གནས>>ཞེས་པའི་མཐར་ཕྱིན་དཔྱད་རྩོམ་ཞིག་པར་དུ་བསྐྲུན་ཡོད་ཅིང་སྤྱི་ལོ་༢༠༢༡ལོའི་ཟླ༦པའི་ཟླ་མཇུག་ཅིག་ལ་འགྲེམས་སྤེལ་བྱེད་རྒྱུ་ཡིན་པས་དགོས་མཁོ་ཅན་དག་གིས་དངོས་བརྒྱུད་ཅི་རིགས་ནས་འབྲེལ་བ་གནང་རོགས་ཞུ།

འབྲེལ་གཏུག་ཁ་པར།
18197435626
15349784092
18467056880
《རྨ་ཀླུང་དལ་འགྲོ་རིང་མོ།》ཞེས་པའི་དེབ་ཆུང་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་བཞི་བའི་མཐར་ཕྱིན་གཉིས་པའི་སློབ་མ་རྣམས་ཀྱིས་བརྩམས་པའི་ལྷུག་རྩོམ་གྱི་དཔེ་དེབ་ཅིག་ཡིན།
དེབ་འདིའི་རྗོད་བྱེད་ཀྱི་ཚིག་གི་ཆ་ནས་ལྷུག་རྩོམ་གྱི་རིགས་སུ་གཏོགས་ཤིང་། བརྗོད་བྱ་དོན་གྱི་ཆ་ནས་ལྷུག་རྩོམ་སྙན་ངག་དང་། ཇི་བཞིན་བརྗོད་པའི་ལྷུག་རྩོམ།
ཡིད་འགྱུར་གྱི་ལྷུག་རྩོམ་སོགས་ཀྱི་སྒོ་ནས་སློབ་བུ་རེ་རེའི་སེམས་ཀྱི་དགའ་སྐྱོ་མཐའ་དག་གདངས་སུ་དྲངས་ཏེ། འཚོ་བའི་མངར་སྐྱུར་དང་། འདུ་བྲལ་གྱི་སྐྱོ་གདུང་། སེམས་ཚོར་གྱི་རྟོག་འགྱུ། དུས་བབ་ཀྱི་འགྱུར་ལྡོག་སོགས་མཚོན་པའི་ལྷུག་རྩོམ་བདུན་བཅུ་ལྷག་གིས་གྲུབ་ཡོད། དེ་བས་དེབ་ཆུང་འདི་ལ་ལྟ་ཀློག་བྱ་འདོད་པ་དག་གིས་གཤམ་གྱི་ཁ་པར་ལས་འབྲེལ་གཏུག་བྱ་ཆོག

ཁ་པར་ཨང་གྲངས།
18197435626
15349784092
18467056880
གསར་འགོད་པ། ཀུན་དགའ་ཚེ་རིང་། བཀྲ་ཤིས་ཚེ་རིང་།
|
| |
སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས། གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས། དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འབའ་སྣང་གྲོལ། རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།
|
|
འདྲེན་བཀོལ: |
|
|
དཔྱད་གཏམ (
0
)ཡོད། |
|
|
|
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་། |
|
|
|
|
|
|
འབྲེལ་གཏུག་བྱ་ཡུལ། ཁ་པར། 15283703999 E-mail:QQ:3267109906 |
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་། |
|
|
|
|