ཐོན་མིའི་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་བརྡ་སྦྱོར།

རྒྱ་ཆེ་བའི་རྩོམ་པ་བོ་རྣམས་ལ་ཞུ་རྒྱུར། ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་འབྲེལ་ཡོད་སྡེ་ཁག་གི་ཆོག་མཆན་སོགས་འགྲོ་ལུགས་ཚད་ལྡན་བརྒྱུད་དེ་ཐོན་མིའི་རིག་གནས་ཞིབ་འཇུག་ལྟེ་གནས་ཞེས་པ་དངོས་སུ་ཚུགས་ཤིང་༼ཐོན་མིའི་སློབ་གསོའི་ཞིབ་འཇུག༽ཅེས་པའི་ཆེད་དེབ་ཅིག་ཀྱང་ཚད་ལྡན་དཔེ་སྐྲུན་ཁང་ནས་བསྐྲུན་ཏེ་དེབ་དང་བོ་2015ལོར་དངོས་སུ་བཀྲམས་ཟིན་ལ། ད་ལོ་ཡང་སྔར་ལྟར་དེབ་གཉིས་པ་དཔར་དུ་བསྐྲུན་རྩིས་ཡོད་པས་ཁྱེད་ཅག་གིས་ཕྱག་རྩོམ་གྱི་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ།
དཔེ་རྟགས་སོགས་ཚད་ལྡན་གྱི་ལམ་ནས་པར་རྩིས་ཡིན་ལ། དཔར་རྗེས་རྩོམ་པ་བོ་སོ་སོར་འབྲེལ་བ་ཞུ་འཆར་ཡིན་པས་རྩོམ་ཡིག་གི་མཇུག་ཏུ་རང་རང་གི་དངོས་མིང་དང་ས་གནས་སོགས་རྒྱ་ཡིག་གི་ལམ་ནས་འབྲི་རོགས།
རྩོམ་ཡིག་གི་ནང་དོན། ཐོན་མིའི་ལོ་རྒྱུས། དགོངས་དོན་དང་འབྲེལ་བའི་སློབ་གསོ། ཐོན་མི་དང་འབྲེལ་ཡོད་ཀྱི་དཔྱད་རྩོམ། ཡིག་གཟུགས། ཧི་གཟུགས་དང་པཎྜི་ཏ།
རྩོམ་བསྐུར་ཡུན། སྤྱི་ཟླ་དྲུག་པའི་ཟླ་སྟོད་བར།
རྩོམ་བསྐུར་ཡུལ། 1029346235@qq.com
འབྲེལ་གཏུག་ཁ་པར་ཨང་གྲངས།
བློ་བཟང་ཤེས་རབ། 131-3913-0288
གྱི་ལིང་འཇིགས་མེད། 13897159266
གནས་ཚུལ་མཁོ་སྤྲོད་པ། གསར་འགོད་པ་གྱི་ལིང་འཇིགས་མེད།
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་།
|