
བཙན་པོའི་མགར་གྱི་དྲ་བ་འོས་སྦྱོར།
བཙན་པོའི་མགར་གྱི་དྲ་བ་ནི་བོད་དུ་ཆ་འཕྲིན་དར་བའི་འགྲོས་དང་བསྟུན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་བའི་མཐར་ཕྱིན་སློབ་མ་ཁཱ་ཤེས་རབ་རྒྱ་མཚོས་གཉེར་བ་ཞིག་ཡིན་ལ་དྲྭ་ཚིགས་ཀྱི་མ་ལག་ཧྲིལ་བོ་བོད་ཡིག་གིས་གྲུབ་པས་སྔོན་ཐོན་དྲྭ་ཚིགས་སུ་བགྲང་ཆོག་ཆོག་ཡིན།
སྤྱི་ལོ་༢༠༡༣ལོའི་ཟླ་༦པའི་ཚེས་༨ཉིན་ནས་ཚེས་༡༢བར་མཚོ་སྔོན་པོའི་འགྲམ་དུ་མཚོ་སྔོན་བརྙན་འཕྲིན་ཁང་དང་མགར་གྱི་མི་རྒྱུད་ཚོགས་པ་གཉིས་ཀྱིས་མཉམ་སྒྲུབ་སྤྲོ་ཚོགས་༼གསེར་ཆེན་དཔང་བསྟོད་༽ཐོག་༼མགར་གྱི་སྦྲ་ནག་ཀ་བརྒྱ་མ་༽འགྲེམ་སྟོན་དང་དྲྭ་ཚིགས་འདི་ཤར་གཏོང་གི་མཛད་སྒོ་བསྡུས་པ་རེད།
རྒྱུས་ལོན་བྱས་པ་ལྟར་ན་དྲྭ་ཚིགས་འདི་ཤར་གཏོང་བྱས་ནས་ད་བར་དུ་རྩོམ་ཡིག་ལེ་ཚན་༦༨གྱི་ནང་རྩོམ་ཡིག་༢༧༤༤བཀོད་པར་མ་ཟད།
དཔྱད་གཏམ་༨༤༥སྤེལ་འདུག ལྟ་ཀློག་གྲངས་ཀ་ནི་༣༢༢༠༥༧༥ལོན་པར་གཞིགས་ན་དགའ་བསུ་ཚད་མཐོན་པོ་ཐོབ་པའི་གྲས་ཡིན།
མ་འོངས་པར་སྔར་ལས་ལྷག་པའི་དྲྭ་ཚིགས་དོ་དམ་བྱ་རྒྱུ་ཡིན་པར་མ་ཟད། བོད་ལ་མཁོ་ངེས་ཀྱི་མཉེན་ཆས་སྐོར་བོད་ཡིག་གི་མ་ལག་ཅན་དུ་བསྒྱུར་བར་ཚོད་ལྟ་དང་སློབ་སྦྱོང་བྱེད་བཞིན་ཡོད་དོ།
།
|