དགེ་རྒན་འོད་ཟེར་བཟང་བོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» དགེ་རྒན་དང་ལས་བཟོ་བ། »དགེ་རྒན་འོད་ཟེར་བཟང་བོ།
དགེ་རྒན་འོད་ཟེར་བཟང་བོ།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-03-30ལྟ་ཀློག (4919)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 དགེ་རྒན་འོད་ཟེར་བཟང་བོ།

དངོས་མིང་། འོད་ཟེར་བཟང་བོ།

པིར་མིང་།  མགར་རྩེ་ཉི་ཟེར།

ཕ་ཡུལ། མཚོ་ལྷོ་ཁུལ་འབའ་རྫོང་།

ཡོན་ཚད། དངོས་གཞི།

ལས་གནས། 


   སྤྱི་ལོ་༡༩༧༤ལོའི་ཟླ་༤བར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་རྨ་བྱང་ཡུལ་ཚོའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཤིང་། བྱིས་དུས་འབྲོག་ཁུལ་གྱི་སློབ་ཆུང་ཞིག་ཏུ་འབྲི་ཀློག་སྦྱངས། ༡༩༨༦ལོར་རྨ་བྱང་ཡུལ་ཚོའི་གོང་མ་བཅའ་སྡོད་སློབ་གྲྭའི་ལོ་རིམ་གསུམ་པར་ཞུགས།༡༩༨༨ལོའི་གོང་མ་བཅའ་སྡོད་སློབ་གྲྭའི་སྐབས་དང་བོའི་ཤེས་རིག་འགྲན་བསྡུར་སྟེང་ཨང་དང་བོའི་དགའ་རྟགས་ཐོབ་པར་མ་ཟད། ལོ་དེར་རྒྱལ་ཡོངས་ཀྱི་མེ་ཏོག་དམར་བོའི་སྔོན་ཐོན་གདོང་ལེན་རུ་མིར་བདམས།  སློབ་གྲྭའི་ནང་དུ་ལོ་གསུམ་གྱི་རིང་ཕྱོགས་གང་ཐད་ལ་འབད་བརྩོན་བྱས་པའི་འབྲས་རྟགས་སུ་གསུམ་བཟང་སློབ་མ་དང་སྔོན་ཐོན་གདོང་ལེན་རུ་མི། ཤེས་རིག་འགྲན་སྡུར་གྱི་ཨང་དང་བོའི་བྱ་དགའ་སོགས་བསྟུད་མར་བླངས་ཏེ་ཕུལ་བྱུང་སློབ་མའི་མཚན་སྙན་དང་བཅས་༡༩༨༩ལོར་སློབ་མཐར་ཕྱིན། ༡༩༩༠ལོར་རབ་ཏུ་བྱུང་སྟེ་རྭ་རྒྱ་དགོན་པའི་ཆོས་སྒོར་ཞུགས།༡༩༩༤ལོའི་དགུན་ཁར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ཏེ་གནའ་སྟེང་ཤེས་རིག་ཀུན་ལ་མཁྱེན་རྒྱ་ཡངས་ཤིང་ལྷག་བསམ་མཆོག་ཏུ་དཀར་བའི་སྐྱེས་ཆེན་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་ཏེ།སུམ་རྟགས་དག་གསུམ་དང་།སྒྲ་ཚད་སྙན་ངག   སྐར་རྩིས་དང་རྒྱ་ཡིག  དབྱིན་ཡིག་དང་གློག་རྡུལ་རྩིས་འཁོར་སོགས་སློབ་གྲྭའི་སྦྱང་བྱ་ཀུན་ལ་འབད་པས་སྦྱངས། སློབ་སྦྱོང་གི་ཞོར་དུ་གྲ་སྒྲིག་འཛིན་གྲྭ་དང་དངོས་གཞི་འཛིན་གྲྭའི་བོད་ཡིག་དགེ་རྒན་བྱས་པར་མ་ཟད་སློབ་གྲྭའི་སློབ་སྟོན་ཁང་དུ་བྱ་བ་བསྒྲུབས།   སློབ་གྲྭར་ཞུགས་པའི་དུས་ཡུན་ནང་གསུམ་བཟང་སློབ་མའི་དགའ་རྟགས་ཐེངས་གསུམ་དང་སློབ་གྲྭའི་འཁྲུངས་སྟོན་རིག་རྩལ་འཁྲབ་སྟོན་ཁྲོད་སྙན་ངག་གྱེར་འདོན་གྱི་ཨང་དང་བོའི་དགའ་རྟགས།   ལྷག་བསམ་ཟླ་ལྟར་དཀར་བའི་སློབ་དོན་པ་ཞེས་པའི་བྱ་དགའ་སོགས་ཐོབ།༡༩༩༩ལོར་སློབ་མཐར་ཕྱིན།༢༠༠༠ལོར་ཕྱིར་མ་ཡུམ་སློབ་གླིང་དུ་གདན་ཞུ་བྱས་པ་ལྟར་དགེ་རྒན་གྱི་འགན་ཁུར་ཏེ་རང་ནུས་ཅི་ལྕོགས་ཀྱིས་སློབ་ཁྲིད་བྱས་པས་༢༠༠༢ལོའི་ཟླ་༩བར་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་ཐོབ།༢༠༠༢ལོར་རྨ་ཆེན་རྫོང་གི་ཕུལ་བྱུང་དགེ་རྒན་དུ་བདམས་ཐོན་བྱུང་སྟེ་དགའ་རྟགས་གནང་།༢༠༠༣ལོ་ནས་༢༠༠༦བར་དགེ་རྒན་འཇིགས་མེད་རྒྱལ་མཚན་གྱི་ཕྱག་རོགས་ཏེ་མགོ་ལོག་ཁུལ་གངས་ལྗོངས་གཅེས་ནོར་ཚད་ཡོད་འགན་ལེན་མཐུན་གཉེར་ཁང་གི་གཞུང་ལས་ཁང་གི་གཙོ་འགན་པ་དང་གངས་ལྗོངས་སྤྲི་ཆུར་བཟོ་གྲྭའི་རྩིས་གཉེར་བ། དགེ་རྒན་རིན་པོ་ཆེའི་ཁ་ལོ་བ་སོགས་ཀྱི་འགན་གཅིག་ལྕོགས་སུ་ཁུར།   ༢༠༡༤ལོ་ནས་༢༠༢༡ལོའི་བར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་གཙོ།  མགོ་ལོག་འཇིགས་མེད་རྒྱལ་མཚན་རིག་གནས་སློབ་གསོའི་བློ་འདྲི་ཚད་ཡོད་མཐུན་གཉེར་ཁང་གི་སྤྱི་གཉེར་གཞོན་པ། གངས་ལྗོངས་ཉི་འོད་ཐེབས་རྩའི་རྒྱུན་ལས། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བོད་རྒྱ་དབྱིན་གསུམ་དྲ་བའི་རྩོམ་སྒྲིག་པ།

འབྲེལ་གཏུག་ཁ་པར།  18197123666



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། da2g བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23504544
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།