མཁས་དབང་གཟན་དཀར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» མི་སྣ།» བོད་ཀྱི་དེང་རབས་མི་སྣ། »མཁས་དབང་གཟན་དཀར།
མཁས་དབང་གཟན་དཀར།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-03-30ལྟ་ཀློག (7588)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མཁས་དབང་གཟན་དཀར་མཆོག་སྤྲུལ་རིན་པོ་ཆེ།

         གངས་ཅན་བོད་ཀྱི་མཁས་པའི་དབང་པོ་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་ནི།  ཡུལ་མདོ་ཁམས་སྒང་དྲུག་གི་ནང་ཚན་མི་ཉག་རབ་སྒང་དཔལ་ལྷ་སྒང་དུ་འབྲོག་ཁྱིམ་ཞིག་ཏུ་སྤྱི་ལོ༡༩༤༣ལ་འཁྲུངས།   སྐུ་ན་ཕྲ་བའི་དུས་ནས་ཚད་ཐུབ་སྐྱེས་ཆེན་དུ་མས་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་ཡང་སྤྲུལ་དུ་ངོས་འཛིན་འཁྲུལ་མེད་མཛད། ཡ་རབས་དམ་པའི་གཤིས་སྤྱོད་ལྷན་སྐྱེས་སུ་རྫོགས་ཤིང་ཐུགས་རིག་གསལ་བའི་ཚད་དུ་གྲགས། དགུང་གྲངས་བཅུ་ཡས་མས་ནས་བཟུང་ཁམས་རྫོགས་ཆེན་ཤྲྰི་སེང་ཆོས་གྲྭ་ཆེན་མོ་དང་། རྫོང་སར་དགོན་སོགས་སུ་ཕེབས་ནས་མཚན་ལྡན་གྱི་དགེ་བའི་བཤེས་གཉེན་དུ་མ་ཚུལ་བཞིན་དུ་བསྟེན་ཏེ་དབང་ལུང་ཁྲིད་གསུམ་གྱིས་ཐུགས་རྒྱུད་རིན་ཆེན་བུམ་བཟང་ཡོངས་སུ་གང་བར་བྱས། དགུང་གྲངས་བཅུ་དྲུག་སྟེང་དཔལ་ལྷ་སྒང་དང་མ་ཧཱ་སྐྱིད་ལུང་དགོན་ཟུང་གི་དགོན་བདག་གི་ཐུགས་འགན་བཞེས་ཏེ།     འཁོར་ལོ་གསུམ་གྱི་བྱ་གཞག་ལ་ཕྱག་རྗེས་བླ་མེད་གནང་།

      དགུང་ལོ་སོ་ལྔ་ཡས་མས་སྐབས<<བོད་རྒྱ་ཚིག་མཛོད་ཆེན་མོ>>རྩོམ་ སྒྲིག་གི་ཕྱག་ལས་དང་།    ལྷག་པར་དུ་ཕྱི་ལོ ༡༩༨༡ ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་གསར་དུ་བཙུགས་པའི་རླབས་ཆེན་ཕྱག་རྗེས་ཀྱིས་ཁ་བ་རི་བའི་ས་ཆེན་ལ་བརྗེད་ཐབས་བྲལ་བའི་ཐམ་ཀ་ཞིག་གསར་དུ་བཏབ། དེ་བཞིན་དུ་ཕྱི་ལོ ༡༩༨༤ ནས་བཟུང་སི་ཁྲོན་ཞིང་ཆེན་མི་རིགས་རིག་གནས་ཞིབ་འཇུག་ཁང་གི་གཙོ་འགན་བཞེས་ཏེ།   རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེའི་གསུང་འབུམ་དང་རྣམ་ཐར། རྒྱལ་བའི་བཀའ་འགྱུར་ཆེན་མོ་སོགས་དག་སྒྲིག་དང་པར་སྐྲུན་གྱི་ཐུགས་འགན་བཞེས། གཞན་ཡང་གླིང་གེ་སར་ཞིབ་འཇུག་གི་གཙོ་འགན་བཞེས་ཏེ་ཕྱག་ལས་ཀྱང་ཆེད་དུ་གནང་ནས་ཁམས་ཁུལ་གཙོ་བོར་གྱུར་བའི་དམངས་ཁྲོད་ནས་གླིང་སྒྲུང་ལག་བྲིས་མ་བཅུ་ཕྲག་གཉིས་ལྷག་དག་བསྒྲིགས་དང་པར་སྐྲུན་ཚད་ལྡན་བྱས་པ་དང་། གླིང་གེ་སར་ཚིག་མཛོད་གསར་སྐྲུན་མཛད། དེ་བཞིན་དུ་གླིང་གེ་སར་སྟོང་ཐང་ཆེན་མོའི་བཟོ་བཀོད་དང་བྲིས་ཆའི་ཐུགས་བཀོད་པ་ སོགས་མདོར་ན་བོད་ཀྱི་དཔའ་བོའི་རྣམ་སྒྲུང་དང་། བསྟོད་སྒྲུང་སྙན་གཞུང་རིང་མོ་ཁྱབ་སྤེལ་ལ་ཕྱག་རྗེས་རྒྱ་ཆེན་བཞག

     ཕྱི་ལོ ༡༩༨༧ ལོར་བཀའ་བསྟན་དཔེ་བསྡུར་ཁང་གི་གཙོ་འགན་བཞེས་ཤིང་ཕྱག་ལས་རབ་དང་རིམ་པ་གནང་བའི་མཚོན། སྔ་རྗེས་སུ་ཕྱི་གླིང་ཨ་རི་དང་། འཇར་མན། ཁ་ན་ཊ་སོགས་ཀྱི་རྒྱལ་ཁབ་ལ་ཕེབས་བཞུགས་བརྒྱུད་གངས་ལྗོངས་བཅུ་ཕྲག་རིག་ག ནས་དར་སྤེལ་གྱི་མཛད་འཕྲིན་བླ་མེད་བསྐྱངས། མདོར་ན་ཁོང་གིས་སྐུ་ཚེ་གང་བོར་རྩོམ་སྒྲིག་དང་། ཕྱོགས་བསྡུས་དག་བསྒྲིགས་གནང་བའི་རིག་གཞུང་ཤིན་ཏུ་མང་ལ།    བསྟན་བཅོས་ཤེས་བྱ་ཀུན་ཁྱབ་ཀྱི་ས་བཅད་སོགས་བོད་ཀྱི་མཁས་དབང་གོང་མའི་གསུང་རྩོམ་རྩ་ཆེན་མང་པོའི་ས་བཅད་གཞུང་དོན་གནད་བསྡུས་དང་།  མཁས་དབང་མང་པོའི་རྣམ་ཐར་དང་ལོ་རྒྱུས་ངོ་སྤྲོད་གནང་བའི་སྐོར་རྐྱང་བ་ཕྱོགས་བཏུས་བྱེད་པའི་དབང་དུ་བཏང་ན་ཡང་གསུང་རྩོམ་པོད་ཆེན་འགའ་ཞིག་བཞུགས་པར་སྣང་། ད་ལྟ་ཡང་སྐུ་མཆོག་མི་ཤིགས་རྡོ་རྗེའི་ངོ་བོར་འཕོ་འགྱུར་མེད་པར་བཞུགས་ཤིང་རླབས་ཆེན་རིག་གནས་ཀྱི་ཕྱག་ལས་གནང་དང་གནང་བཞིན་པའི་སྐབས་འདི་ལེགས་སོ། །


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། qogu བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23529167
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།