འཛིན་བདག་དགེ་རྒན་གྱི་བྱ་བའི་འོས་འགན།
གཅིག
ཀུན་སྤྱོད་དང་ཤེས་རིག
ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འབྱུང་བའི་དགོས་མཁོ་ལྟར་འཛིན་གྲྭའི་བྱ་བ་དར་སྤེལ་གཏོང་དགོས།
ཕྱོགས་ཡོངས་ནས་སློབ་གསོ་གཏོང་བ་དང་དོ་དམ་བྱེད་པ། སློབ་མར་ཕུགས་བསམ་ལྡན་པ་དང་ཀུན་སྤྱོད་ལྡན་པ།
སྒྲིག་ལམ་ལྡན་པ། ལུས་སེམས་བདེ་ཐང་གི་སྤྱི་དམངས་ཤིག་ཏུ་འགྱུར་བར་མཛུབ་སྟོན་བྱེད་དགོས།
གཉིས།
སློབ་མ་རྣམས་ལ་ཆབ་སྲིད་བསམ་བློའི་སློབ་གསོ་དང་ཀུན་སྤྱོད་སློབ་གསོ་བཏང་ནས་སློབ་མའི་ལུས་སེམས་བདེ་ཐང་ཡོང་བར་སྲུང་སྐྱོབ་བྱེད་པ་དང་།
སློབ་མ་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ལ་དགའ་ཞེན་བྱེད་པའི་སློབ་གསོ་བཏང་སྟེ། རིམ་བཞིན་མི་དམངས་ལ་ཞབས་འདེགས་ཞུ་བའི་བསམ་བློ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་པའི་འདུན་པ་བསྐྲུན་དགོས། སྤྱི་ཚོགས་རིང་ལུགས་ཀུན་སྤྱོད་རྒྱུ་སྤུས་དང་ཆེས་ལེགས་པའི་སེམས་ཁམས་ཀྱི་རྒྱུ་སྤུས་སྐྱེད་སྲིང་བྱས་ཏེ།《སློབ་གྲྭ་ཆུང་འབྲིང་གི་སློབ་མའི་སྲུང་བྱ》དང་། 《སློབ་གྲྭ་ཆུང་འབྲིང་གི་སློབ་མའི་དུས་རྒྱུན་སྤྱོད་ལམ་ཚད་གཞི》བརྩི་སྲུང་བྱེད་དགོས།
གསུམ།
འཛིན་གྲྭའི་སློབ་ཁྲིད་བྱ་བ་ལེགས་པོར་སྒྲུབ་པར་འགན་ལེན་བྱེད་པ་དང་།
དུས་རྒྱུན་སློབ་ཁྲིད་དགེ་རྒན་དང་འབྲེལ་འདྲིས་བྱས་ཏེ་སློབ་མའི་གནས་ཚུལ་རྒྱུས་ལོན་དང་ཞིབ་འཇུག་བྱེད་དགོས། སློབ་ཁྲིད་དགེ་རྒན་ལ་སློབ་མས་བསམ་འཆར་དང་རེ་བ་ཞུ་དགོས།
སྡེ་ཚན་སོ་སོའི་དགེ་རྒན་གྱིས་སློབ་མར་སློབ་གསོ་གཏོང་བའི་དགོས་མཁོ་དང་བྱེད་ཐབས་མཐུན་སྦྱོར་བྱས་ཏེ།
སློབ་མར་སློབ་སྦྱོང་གི་དམིགས་ཡུལ་ངེས་གསལ་དང་སློབ་སྦྱོང་བྱེད་ཐབས་ཇེ་ལེགས་སུ་གཏོང་བ། སྦྱང་ཚན་སོ་སོར་ཡག་པོ་སྦྱང་བ། སློབ་སྦྱོང་གི་འབྲས་བུ་མཐོར་འདེགས་བྱེད་པ།
དུས་ལྟར་བདེ་སྲུང་ཁང་ལ་བྱ་བའི་སྙན་ཞུ་བྱེད་དགོས།
བཞི།
སློབ་མའི་ལུས་སེམས་བདེ་ཐང་ཡོང་བར་ཐུགས་ཁུར་བྱེད་པ། སློབ་མ་སློབ་གྲྭའི་གཏན་འཁེལ་གྱི་ངལ་རྩོལ་སྣ་ཚོགས་ལ་ཞུགས་པར་སློབ་གསོ་དང་མཛུབ་སྟོན་བྱེད་དགོས།
ཧུར་ཐག་གིས་རྩ་འཛུགས་བྱས་ཏེ་རིག་གནས་དང་ལུས་རྩལ་གྱི་བྱ་འགུལ་སྣ་ཚོགས་ལ་ཞུགས་རྒྱུ། ཆེས་ལེགས་པའི་ངལ་རྩོལ་གོམས་གཤིས་དང་འཚོ་བའི་གོམས་གཤིས།
འཕྲོད་བསྟེན་གོམས་གཤིས་སྐྱེད་སྲིང་བྱེད་དགོས། འཚོ་བར་དོ་དམ་དང་བདེ་འཇགས་སློབ་གསོར་ཤུགས་སྣོན་བྱེད་དགོས།
ལྔ་བ།
སློབ་མའི་སློབ་གསེང་བྱ་འགུལ་མཐོང་ཆེན་བྱས་ཏེ། སློབ་མར་ཕན་ཁེ་ལྡན་པའི་ཚན་རྩལ་དང་རིག་རྩལ། སྤྱི་ཚོགས་བྱ་འགུལ་སྣ་ཚོགས་ལ་ཞུགས་པར་མཛུབ་སྟོན་བྱ་རྒྱུ། སློབ་མའི་དགའ་ཕྱོགས་དང་ཁྱད་ཆོས་གསོ་སྐྱོང་དང་སྐུལ་འདེད་གཏོང་དགོས།
དྲུག
འཛིན་གྲྭར་དུས་རྒྱུན་དོ་དམ་བཟང་བོ་བྱེད་དགོས་པ་དང་འཛིན་གྲྭའི་རྒྱུན་སྲོལ་འཛུགས་དགོས། འཛིན་གྲྭའི་ཨུ་ཡོན་ལྷན་ཁང་དང་ཚོགས་པའི་བྱ་བར་མཛུབ་སྟོན་གནང་སྟེ་སློབ་མའི་ལས་བྱེད་པ་སྐྱེད་སྲིང་དང་སློབ་མའི་རང་སྐྱོང་གི་ནུས་པ་མཐོ་རུ་གཏོང་དགོས།
འཛིན་གྲྭ་ཡར་རྒྱས་བརྩོན་ལེན་དང་མཐུན་སྒྲིལ་མཛའ་བཤེས་ཀྱི་ཚོགས་པ་ཞིག་ཏུ་བསྒྱུར་དགོས།
བདུན།
སློབ་ཁྲིད་དགེ་རྒན་ལ་འབྲེལ་གཏུག་དང་རྩ་འཛུགས་འགན་ལེན་བྱས་ཏེ་འཛིན་གྲྭའི་སློབ་གསོའི་བྱ་བར་གྲོས་བསྡུར་བྱེད་པ་དང་།
གནས་ཚུལ་བརྗེ་རེས་བྱས་ཏེ་བྱ་འགུལ་སྣ་ཚོགས་དང་སློབ་མར་མང་དྲགས་པའི་བསྐྱར་ཟློས་རང་བཞིན་གྱི་སློབ་ཚན་ཁུར་པོ་ཇེ་ཡང་དུ་གཏོང་བར་མཐུན་སྦྱོར་བྱེད་དགོས།
བརྒྱད།
འཛིན་གྲྭའི་སློབ་མའི་བསམ་བློའི་ཀུན་སྤྱོད་ལ་དཔྱད་བསྡུར་གཏན་འབེབས་དང་འབྲེལ་ཡོད་ཀྱི་བྱ་དགའ་དང་ཆད་པ་ཟིན་འགོད་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས།
དགུ།
འཛིན་གྲྭའི་རྒྱུ་ནོར་བདག་ཉར་གྱི་འགན་ལེན་པ་དང་། སློབ་མར་སྤྱི་རྫས་གཅེས་སྤྲས་བྱེད་པར་སློབ་གསོ་བཏང་སྟེ་མཆོག་ཏུ་གྱུར་པའི་སློབ་གྲྭར་དགའ་བའི་གཤིས་ཀ་བཟང་བོ་བསླབ་དགོས།
བཅུ།
སློབ་སྐབས་རེ་རེར་འཛིན་གྲྭའི་བྱ་བར་འཆར་འགོད་བྱས་ཏེ་སློབ་གྲྭའི་བདེ་སྲུང་ཁང་ལ་ཞུ་དགོས།
ཞིབ་བཤེར་ཆོག་མཆན་གནང་རྗེས་ནན་ཏན་གྱིས་ལག་བསྟར་བྱེད་དགོས། སློབ་སྐབས་མཇུག་སྒྲིལ་གྱི་སྔོན་ལ་ཡིག་ཐོག་ནས་སྤྱི་སྡོམ་བྱེད་དགོས། ཟླ་རེར་སློབ་གྲྭ་ལ་ཟླ་དེའི་བྱ་བ་སྤྱི་སྡོམ་བྱེད་དགོས། ལོ་མཇུག་ཏུ་འཛིན་བདག་དགེ་རྒན་གྱི་ལས་འགན་སྒྲུབ་ཚུལ་གསལ་ཞུ་བྱེད་དགོས།
བཅུ་གཅིག
འཛིན་གྲྭའི་སློབ་མའི་ཁྱིམ་བདག་ལ་འབྲེལ་གཏུག་བྱས་ཏེ་ཁྱིམ་བདག་དང་སྤྱི་ཚོགས་སྟེང་འབྲེལ་ཡོད་ཕྱོགས་ཁག་གི་རམ་འདེགས་བརྩོན་ལེན་བྱས་ཏེ་མཉམ་དུ་སློབ་མའི་སློབ་གསོའི་བྱ་བ་ལེགས་པོར་བསྒྲུབ་དགོས།