གྲུབ་འབྲས་ཁྱད་འཕགས་བླངས་ཚུལ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 24 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་ཁྲིད་སྒྲིག་གཞི། »གྲུབ་འབྲས་ཁྱད་འཕགས་བླངས་ཚུལ།
གྲུབ་འབྲས་ཁྱད་འཕགས་བླངས་ཚུལ།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-03-28ལྟ་ཀློག (21033)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སློབ་གསོའི་སྤུས་ཀ་དམ་དུ་བཟུང་སྟེ་གྲུབ་འབྲས་ཁྱད་འཕགས་བླངས་ཚུལ།

        སློབ་གྲྭའི་ཁྲིད་ཐབས་ཀྱང་གཙོ་བོ་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་སློབ་གྲྭ་ཆེ་འབྲིང་གི་སློབ་ཁྲིད་དང་སྒྲིག་སྲོལ་སོགས་ལ་གཞི་བྱས་པའི་སྟེང་། རྒྱུན་རིང་ཉམས་མྱོང་དང་མི་རིགས་ཀྱི་དགོས་མཁོར་དམིགས་ཏེ། དབྱར་གནང་དང་དགུན་གནང་གི་དུས་ཡུན་ཤིན་ཏུ་ཐུང་ཞིང་གཟའ་འཁོར་རེར་ཉིན་གཅིག་ལས་ངལ་མི་གསོ་བར་སློབ་སྦྱོང་གི་དུས་ཚོད་ཇེ་རིང་དུ་བཏང་ནས།    བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་སྔོན་ཐོན་རིག་གནས་གཉིས་ཟུང་འབྲེལ་སྒོས་སློབ་ཁྲིད་བྱེད།  ལོ་དྲུག་གི་རིང་དུ་བོད་ཀྱི་རིག་གནས་སུམ་རྟགས་དག་གསུམ།   སྒྲ་དང་སྙན་ངག    སྐར་རྩིས་དང་ནག་རྩིས།   སྨན་དང་བསྡུས་གྲྭ།    རྟགས་རིགས་དང་བློ་རིག    གཞན་རྩིས་དང་གསོ་བ་རིག་པའི་གཞུང་ལུགས་བཅས་དགེ་མཚན་བླ་ན་མེད་པའི་བོད་ཀྱི་སྲོལ་རྒྱུན་རིག་གཞུང་མང་བོར་རྩོད་རིག་འགྲན་སྡུར་གྱི་འགྲོས་བཀབ་ནས་རྩོད་པ་དང་བརྡར་ཤ་གཅོད་དུ་བཅུག་པས་ཁ་ལྕེ་བདེ་ཞིང་སྤོབས་པ་ཆེ་བ། ཟབ་གསལ་རིག་པའི་འཆར་སྒོ་མྱུར་བ།  དཀའ་གནད་དག་ལ་ཞིབ་ཆ་ཐོན་པ།   སྡེབ་ལེགས་སྨྲ་བའི་ཚིག་སྦྱོར་རང་ཆས་སུ་གྲུབ་པ།  ཤེས་པ་གོང་འཕེལ་དང་བརྗེད་པ་སླར་གསོ་སོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་འབྲས་དཔག་མེད་བྱུང་།  གཞན་ཡང་འཛིན་གྲྭ་གང་ཞིག་ལ་གཞུང་ཇི་འདྲ་ཞིག་ཁྲིད་ཀྱང་།  དོན་གྱི་རྒན་པོ་ཚིག་གི་འཁར་བ་ལ་བརྟེན་དགོས་པའི་ལེགས་བཤད་དང་རྗེས་སུ་མཐུན་པར།   ཐོག་མར་རྩ་ཚིག་དང་སྡོམ་ཚིག་ཆ་ཚང་བློར་བཟུང་སྟེ་འགྲོས་མཉམ་པའི་ངང་དགོང་རེར་སྐྱོར་སྦྱོང་བྱེད་པ་སོགས་དངོས་ཤུགས་གཉིས་ཀར་ཕན་པའི་ཐབས་ལམ་བཟང་བོ་སྣ་ཚོགས་བཙུགས།   རྒྱ་ཡིག་དང་དབྱིན་ཡིག   དངོས་ལུགས་དང་རྩིས་རིག   རྫས་འགྱུར་སོགས་ཀྱང་རྒྱལ་ཁབ་ཀྱི་གཏན་འཁེལ་ལམ་ལུགས་ཀྱི་ལས་བྱ་ལས་གཞན་སློབ་ཚན་བློར་འཛིན་པ།    སློབ་ཐུན་གཅིག་གི་རིང་ཉིན་དེའི་ཁྲིད་བྱ་གང་ཡིན་གྱི་ཐ་སྙད་གསར་བའི་སྐོར་སློབ་གྲོགས་ཕན་ཚུན་བར་ཉན་འབྲི་དང་དཀའ་གནད་ལ་དྲི་བ་འདོན་པ།   གཟའ་འཁོར་རེའི་གཟའ་ལྷག་པའི་ཕྱི་དྲོའི་སློབ་ཐུན་གཅིག་ལ་དགེ་སློབ་མཉམ་འཛོམས་ཐོག་སློབ་མ་གཉིས་རེ་བྱས་ཏེ་ཉེར་མཁོའི་རྒྱ་སྐད་དང་དབྱིན་སྐད་ཀྱི་ཁ་བརྡ་བྱེད་དུ་འཇུག་པ་སོགས་ཐབས་དུ་མའི་སྒོ་ནས་སློབ་མའི་སློབ་སྦྱོང་གི་སྤུས་ཚད་ཇེ་མཐོ་དང་ཇེ་ལེགས་ལ་བཏང་།    སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་གི་ཞུམ་པ་མེད་པའི་སྙིང་སྟོབས་དང་བོད་ཀྱི་སློབ་གསོའི་བྱ་བཞག་དངོས་སུ་བསྒྲུབས་པའི་ཉམས་མྱོང་འདི་དག་གིས་བོད་ཁུལ་གྱི་སློབ་གྲྭ་ཁག་གིས་ཀྱང་གོང་བཀུར་ཐོབ་སྟེ།    ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་།   རྨ་ཆུ་རྫོང་མི་དམངས་སྲིད་གཞུང་།   ཐུན་ཏེ་རྫོང་ཤིང་ཁྲི་དགོན་པ།  གཞན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་དགོན་སྡེ་སོགས་ཀྱིས་གདན་དྲངས་པ་ལྟར་སློབ་གསོའི་སྐོར་གྱི་གཏམ་བཤད་དང་ཉམས་མྱོང་གང་མང་བསྒྲགས།  རྩོད་རིག་འགྲན་སྡུར་ནི་འཇིག་རྟེན་འདིར་ཆེས་སྔ་མོ་ནས་དར་ཞིང་ལྷག་པར་དུ་རྒྱ་གར་དང་བོད་སོགས་ཀྱི་མཁས་དབང་རིམ་བྱོན་ལ་མཚོན་ན།   གཞུང་ལུགས་གང་ཡིན་རྩོད་བསྡུར་གྱི་སྒོ་ནས་གཏན་ལ་འབེབས་ཤིང་གཙིགས་ཆེན་དུ་འཛིན་ཏེ། རྩོད་བསྡུར་ནི་ཆོས་ལུགས་པ་ཁོ་ན་ལས་སྦྱང་མི་ཆོག་པའམ་སྦྱང་མི་འོས་པ་ཞིག་མ་ཡིན་པར་ང་ཚོའི་འཚོ་བ་དངོས་ཀྱི་ཁྲོད་དུའང་འདི་ཉིད་ངེས་པར་མཁོ་ཞིང་གལ་ཆེ་བའི་ཕྱིར་ཏེ།   བྱ་བ་གང་ཡིན་ཡང་བརྟག་ཅིང་དཔྱད་པས་འཇུག་ན་མཐའ་ལེགས་པས་སོ། །

      ཡིད་ཆེས་དང་དད་སེམས་ཙམ་གྱིས་ཆོག་མི་ཤེས་པའི་དུས་རབས་གཉིས་ཀྱི་བསྣོལ་མཚམས་སུ་སླེབས་པའི་སྐབས་འདིར། འཛམ་གླིང་འཛིན་མའི་ཁོར་ཡུག་ཀུན་ཏུ་རྩོད་རིག་འགྲན་སྡུར་གྱི་རྦ་རླབས་བླ་ལྷག་གིས་འཕྱུར་ཞིང་།   ཀྲུང་གོའི་རྒྱལ་ཁབ་ཆེན་མོར་མཚོན་ནའང་། པེ་ཅིན་སློབ་གྲྭ་ཆེན་མོ།(北京大学)ཧྲང་ཧེ་ཧྥུ་ཏྰན་སློབ་གྲྭ་ཆེན་མོ།(上海复旦大学)ནན་ཅིན་སློབ་གྲྭ་ཆེན་མོ་(南京大学)སོགས་སུའང་རྩོད་རིག་འགྲན་ཚོགས་ཆེད་དུ་བཙུགས་ཏེ་རྩིས་མཐོང་ཆེན་པོས་དར་སྤེལ་བྱེད་བཞིན་ཡོད་མོད།    རང་རེའི་བོད་ཡུལ་དུ་སློབ་གྲྭ་ཆུང་འབྲིང་ལྟ་ཅི།   སློབ་ཆེན་དག་ནའང་རྩོད་རིག་འགྲན་སྡུར་ཞེས་པ་ཕལ་ཆེར་མིང་ངམ་དོན་གྱིས་སྟོང་འདུག་གཤིས། སྒེར་བསྒྲུབས་སློབ་གྲྭ་འདིའི་དགེ་རྒན་རྣམས་ཀྱིས་ཞིབ་གྲོས་དང་དཔྱད་སྡུར་གང་མང་བྱས་མཐར་གཟའ་འཁོར་རེའི་གཟའ་ཕུར་བའི་ཕྱི་དྲོར་༼ཤེས་རིག་འགྲན་གླེང་༽ཞེས་པ་ཞིག་འཚོག་རྒྱུར་གཏན་འཁེལ་བྱས།   སློབ་མའི་ཆུ་ཚད་མཐོར་འདེགས་དང་སློབ་སྦྱོང་ལ་སྤྲོ་བ་བསྐྱེད་པ།   གཞན་སྤྱི་ཚོགས་འཚོ་བ་ལེགས་བཅོས་ཐད་བསམ་གཞིག་གཏོང་བ། ཚན་རིག་ལ་དགའ་ཞིང་རྩ་ཁྲིམས་དང་མཐུན་པ་སོགས་ཕྱོགས་མང་བོ་ཞིག་ལ་དམིགས་ནས་༼ཤེས་རིག་འགྲན་གླེང་༽འདི་དོན་ཚན་བཅུ་ཅན་ཞིག་གཏན་འབེབས་བྱས་ཡོད།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། if8l བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23525126
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།