འཛིན་གྲྭ་སོ་སོའི་བསླབ་གཞིའི་སྐོར།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 21 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་ཁྲིད་སྒྲིག་གཞི། »འཛིན་གྲྭ་སོ་སོའི་བསླབ་གཞིའི་སྐོར།
འཛིན་གྲྭ་སོ་སོའི་བསླབ་གཞིའི་སྐོར།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-03-28ལྟ་ཀློག (11144)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

འཛིན་གྲྭ་སོ་སོའི་བསླབ་གཞིའི་སྐོར། 

        སློབ་གླིང་འདིར་ད་སྐབས་འཛིན་གྲྭ་བཅུ་གཅིག་ཡོད་པ་ལས། གྲ་སྒྲིག་འཛིན་གྲྭའི་སྐབས་སློབ་སྐབས་གཉིས་ལ་བོད་ཡིག་ངོས་འཛིན་སློབ་དེབ་ཚར་དགོས་པས། སློབ་སྐབས་དང་བོར་སྦྱོར་ཀློག་དང་སློབ་སྐབས་གཉིས་པར་རྒྱུན་མཁོའི་མིང་ཚིག་དང་སྒྲུང་གཏམ་ཐུང་བུ་སོགས་ཁྲིད། རྒྱ་ཡིག་སློབ་སྐབས་གཉིས་ལ་དེབ་དང་བོ་དང་གཉིས་པ་ཁྲིད་ཚར་བར་བྱེད། རྩིས་རིག་ཀྱང་སློབ་སྐབས་གཉིས་ལ་དེབ་དང་བོ་དང་གཉིས་པ་ཁྲིད་ཚར་བར་བྱེད། གློག་ཀླད་ལ་ཡིག་གཏགས་མཛུབ་སྦྱོང་ཁྲིད། དམའ་རིམ་འཛིན་གྲྭའི་སྐབས་སློབ་སྐབས་དང་བོར་ལེགས་བཤད་ལྗོན་དབང་དང་། སློབ་སྐབས་གཉིས་པར་དག་ཡིག་མཁས་པ་དགའ་བསྐྱེད་ཁྲིད། དབྱིན་ཡིག་དང་རྒྱ་ཡིག་གཉིས་ལ་དེབ་གསུམ་པ་ནས་ལྔ་བའི་བར་དང་། རྩིས་རིག་ཀྱང་དེབ་གསུམ་པ་ནས་ལྔ་བའི་བར་ཁྲིད། གློག་ཀླད་ལ་རྒྱ་བོད་དབྱིན་གསུམ་གྱི་ཡི་གེ་གཏག་ཚུལ་ཁྲིད། འབྲིང་རིམ་འཛིན་གྲྭར་སློབ་སྐབས་དང་བོར་བསྡུས་གྲྭ་དང་སུམ་རྟགས་གཉིས་ཁྲིད། སློབ་སྐབས་གཉིས་པར་སུམ་ཅུ་བ་རྒྱས་ཁྲིད། རྒྱ་ཡིག་དང་རྩིས་རིག་གཉིས་ཀ་སློབ་སྐབས་གཉིས་ཀྱི་ཡུན་ལ་དེབ་དྲུག་པ་ནས་བརྒྱད་པའི་བར་ཁྲིད། དམའ་རིམ་གྱི་སློབ་སྐབས་ གཉིས་པ་ནས་དབྱིན་ཡིག་ཁྲིད་འགོ་བཟུང་སྟེ་དབྱིན་ཇིའི་རྨང་གཞིའི་ཤེས་བྱ་དང་། རྨང་གཞིའི་བརྡ་སྤྲོད། རྒྱལ་སྤྱིའི་སྒྲ་གདངས་སོགས་ཀྱི་སྐོར་ཁྲིད། རྩིས་འཁོར་ལ་སློབ་སྐབས་དང་བོར་ཡིག་རིགས་གསུམ་གྱི་གཏག་ཚུལ་དང་སྒྲིག་ཚུལ་ཁྲིད་ལ། སློབ་སྐབས་གཉིས་པར་རྒྱ་ཡིག་གི་བཀོལ་སྤྱོད་བྱེད་ཐབས་དང་སྲུང་སྐྱོབ་བྱེད་ཐབས་ཁྲིད། མཐོ་འབྲིང་དང་བོའི་སྐབས་བོད་ཡིག་ལ་རྟགས་ འཇུག་རྒྱས་ཁྲིད། སློབ་སྐབས་གཉིས་པར་སྙན་ངག་སྤྱི་བཤད། དེ་ནས་ཚད་མ་ཁྲིད་འགོ་བརྩམས་ཏེ་རིགས་ལམ་ཆུང་བའི་སྐོར་ རྒྱས་ཁྲིད།སློབ་སྐབས་གཉིས་པར་རིགས་ལམ་འབྲིང་གི་སྐོར།རྒྱ་ཡིག་དང་རྩིས་རིག་ནི་སློབ་སྐབས་གཉིས་ལ་དེབ་དགུ་བ་ནས་བཅུ་གཉིས་བར།དབྱིན་ཡིག་ནི་སློབ་སྐབས་དང་བོར་༼ ཀྲུང་གོའི་འབྲིང་རིམ་དབྱིན་ཡིག༽སློབ་དེབ་དང་ཨ་རིའི་དགེ་རྒན་ཁེ་ཝུན་གྱིས་བརྩམས་པའི་༼ བློ་གསལ་འཇུག་ངོགས ༽ཀྱི་སྟོད་ཆ་ཁྲིད་ལ། སློབ་སྐབས་གཉིས་པར་དེའི་སྨད་ཆ་དང་རྒྱ་བོད་དབྱིན་གསུམ་གྱི་ སྐད་ཡིག་ཕན་ཚུན་ཇི་ལྟར་སྒྱུར་བའི་སྐོར་ཁྲིད། གློག་ཀླད་ནི་སློབ་སྐབས་དང་བོར་རྩིས་འཁོར་གྱི་འཕེལ་རིམ་དང་དབྱེ་བ། མ་ལག་རྩིས་འཁོར་ཆུང་བའི་སྲ་ལྷུ་དང་མཉེན་ལྷུའི་གྲྭབ་སྟངས། རྩིས་འཁོར་གྱི་ཐོག་མའི་ཤེས་བྱ་སྣ་ཚོགས་དང་། སློབ་སྐབས་གཉིས་ པར་རྩིས་འཁོར་གྱི་རྩ་བའི་རིག་གཞུང་མདོར་བསྡུས་དང་སྲུང་སྐྱོང་བྱེད་ཐབས་ཁྲིད་། མཐོ་འབྲིང་གཉིས་པའི་སྐབས་སློབ་ སྐབས་དང་བོར་བོད་ཡིག་གི་སྐོར་ལ་སྙན་ངག་ལེའུ་གཉིས་པ་རྒྱས་ཁྲིད་དང་། སློབ་སྐབས་གཉིས་པར་སྙན་ངག་གི་ལེའུ་ཐོག་ མཐའ་གཉིས་མཇུག་རྫོགས་པར་བྱེད། ཚད་མའི་སྐོར་ལ་སློབ་སྐབས་དང་བོར་རིགས་ལམ་ཆེ་བའི་སྐོར་དང་སློབ་སྐབས་གཉིས་ པར་བློ་རིག་ཁྲིད། རྩིས་རིག་གི་སྐོར་ལ་སློབ་སྐབས་གཉིས་སུ་ཚབ་རྩིས་དེབ་དང་བོ་དང་གཉིས་པ། དབྱིབས་རྩིས་དེབ་དང་བོ། སློབ་སྐབས་གཉིས་ཀྱི་རིང་ལ་རྫས་འགྱུར་གྱི་དེབ་དང་བོ་བཅས་ཁྲིད། གཞན་རྒྱ་ཡིག་ནི་སློབ་སྐབས་གཉིས་ལ་སློབ་འབྲིང་གི་དེབ་དང་བོ་ནས་གསུམ་པའི་བར་ཁྲིད། དབྱིན་ཡིག་ནི་སློབ་སྐབས་གཉིས་ཀྱི་རིང་ལ་༼ཀྲུང་གོའི་འབྲིང་རིམ་དབྱིན་ཡིག༽སློབ་དེབ་ གཉིས་པ་དང་༼བརྡ་སྤྲོད་མཛོད་ཀྱི་ལྡེ་མིག༽སོགས་ཁྲིད། རྩིས་འཁོར་གྱི་སྐོར་ལ་སློབ་སྐབས་དང་བོར་offce2000ལས་ཡི་གེ་ཐག་གཅོད་བྱེད་པའི་མཉེན་ཆས་word2000དང་རེའུ་མིག་བཟོ་བའི་གཉེན་ཆས་Excel2000དང་། སློབ་སྐབས་གཉིས་པར་office2000ལས་Powerpoint2000དང་། Frontpage2000སོགས་ཁྲིད། གཞན་སློབ་སྐབས་གཉིས་ལ་ཀྲུང་གོའི་ལོ་རྒྱུས་འཁྲིད་པར་བྱེད་དོ།།

        མཐར་ཕྱིན་འཛིན་གྲྭའི་སྐབས་སློབ་སྐབས་དང་བོར་སྒྲ་དང་སྔགས་བཀླག་ཐབས། སློབ་སྐབས་གཉིས་པར་སྐར་རྩིས། གཞན་སློབ་སྐབས་དང་བོར་རྟགས་རིགས་དང་སློབ་སྐབས་གཉིས་པར་གྲུབ་མཐའ་དང་ས་ལམ་ཁྲིད། རྩིས་རིག་གི་སྐོར་ལ་སློབ་སྐབས་གཉིས་སུ་ཚབ་རྩིས་དེབ་གསུམ་པ་དང་བཞི་བ། དབྱིབས་རྩིས་དེབ་གཉིས་པ་བཅས་ཁྲིད། དངོས་ལུགས་ལ་སློབ་སྐབས་གཉིས་སུ་དེབ་གཉིས་པ་ཁྲིད། གཞན་ལོ་རིམ་འདིར་རྫས་འགྱུར་ཡང་ཆ་ཚང་རྫོགས་པར་བྱེད། རྒྱ་ཡིག་ལ་སློབ་སྐབས་གཉིས་སུ་སློབ་འབྲིང་ གི་དེབ་བཞི་བ་ནས་དྲུག་པའི་བར་ཙམ་ཁྲིད།  དབྱིན་ཡིག་ལ་སློབ་སྐབས་དང་བོར་བརྡ་སྤྲོད་དང་སྒྲུང་གཏམ་ཐུང་གྲས་ཀྱི་སྐོར་དང་།

        སློབ་སྐབས་གཉིས་པར་དབྱིན་ཇིའི་ཁ་བརྡ་དང་རྩོམ་ཡིག་འབྲི་བའི་སྐོར་རྒྱས་ཙམ་ཁྲིད། རྩིས་འཁོར་གྱི་སྐོར་ལ་སློབ་སྐབས་དང་ བོར་རྩིས་འཁོར་དྲ་སྦྲེལ་དང་ལག་རྩལ། སློབ་སྐབས་གཉིས་པར་རྩིས་འཁོར་ནད་དུག་དང་ནད་དུག་འགོག་པའི་ལག་རྩལ་ སོགས་ཁྲིད། གཞན་ཡང་མཐར་ཕྱིན་གྱི་ལོ་རིམ་འདིར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་སྐབས་དོན་ཆབ་སྲིད། ཀྲུང་གོའི་གསར་རྒྱས་ལོ་རྒྱུས་བཅས་ཁྲིད་དོ།།

      གསོ་རིག་ཆེད་སྦྱོང་འཛིན་གྲྭའི་སློབ་ཡུན་ལོ་གསུམ་ཡིན་ལ། ལོ་དང་བོའི་སློབ་སྐབས་དང་བོར་རྩ་རྒྱུད་དང་ངོས་བཟུང་རྟགས། སློབ་སྐབས་གཉིས་པར་གྲུབ་པ་ལུས་དང་འཕེལ་འགྲིབ་ནད། ལོ་གཉིས་པའི་སློབ་སྐབས་དང་བོར་ཞི་བྱེད་སྨན་དང་སྦྱོར་བ་སྨན། སློབ་སྐབས་གཉིས་པར་ཁོང་ནད་དང་གཉན་རིམས། ལོ་གསུམ་པའི་སློབ་སྐབས་དང་བོར་ཆད་པ་གསོ་བ། བྱིས་པ་གསོ་བ། སློབ་སྐབས་གཉིས་པར་ཆབ་བྱེད་དཔྱད་དང་ཐ་མལ་ནད་མེད་བཅས་འཁྲིད་པར་བྱེད།སྦྱང་བྱ་གཞན་རྣམས་ནི་འབྲིང་རིམ་འཛིན་གྲྭ་ནས་མཐར་ཕྱིན་འཛིན་གྲྭའི་བར་གྱི་སྦྱང་བྱ་རྣམས་དང་གཅིག་མཚུངས་ཡིན་ནོ།།

       གཞན་ཡང་སྟབས་གང་འགྲིག་ལ་གསོ་རིག་དགེ་རྒན་གྱིས་སློབ་བུ་རྣམས་ཁྲིད་དེ་རྫ་རི་དང་སྤང་རི། རི་ལུང་ཤོད་གསུམ་བཅས་སུ་རྩ་སྨན་ངོས་འཛིན་ལ་སོང་སྟེ་ངོས་འཛིན་སློབ་ཁྲིད་བྱེད་དོ། །

       གཞན་འཛིན་གྲྭ་གང་ཡིན་ཡང་གཟའ་ཟླ་བ། ལྷག་པ། པ་སངས་བཅས་ཀྱི་ཕྱི་དྲོའི་སློབ་གསེང་བྱ་འགུལ་སྐབས་ལུས་རྩལ་སྣ་ཚོགས་དང་སྐོར་བྲོ་འཆམ་པ་དང་། གླུ་དབྱངས་ལ་གཟའ་འཁོར་གཅིག་གི་ནང་སློབ་ཐུན་གཅིག་བཀོད་སྒྲིག་བྱས་ཡོད་པར་མ་ཟད་དམངས་གླུ་དང་རྡུང་ལེན་སོགས་མི་རིགས་ཀྱི་ཁྱད་ཆོས་མཚོན་པའི་གནའ་དེང་གླུ་གཞས་མང་བོར་སྦྱོང་བར་བྱེད། རི་མོའི་སྐོར་ལ་གཟའ་འཁོར་གཅིག་གི་ནང་སློབ་ཐུན་གཅིག་རེ་བཀོད་སྒྲིག་བྱས་ཡོད་ཅིང་གཞན་མཛེས་རྩལ་ཚན་ཆུང་ཞིག་རྩ་འཛུགས་བྱས་ཡོད་པ་སོགས་སློབ་ཁྲིད་ཆ་ལག་ཡོངས་སུ་འཛོམས་པས་ཤེས་ལྡན་སློབ་བུ་མང་བོ་སྐྱོན་མེད་ངང་སྐྱེད་སྲིང་དང་འཚར་ལོངས་འབྱུང་བཞིན་མཆིས་སོ།།


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། fc4i བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5942630
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号