ཁྲིད་རྟེན་སློབ་གཞི་དང་སློབ་ཚན་གཙོ་ཕལ་བགོ་སྟངས།
གཅིག སློབ་ཁྲིད་བཀོད་སྒྲིག་དང་སྦྱང་བྱའི་རྣམ་གྲངས།
སློབ་གྲྭ་འདིར་ད་སྐབས་དངོས་ཡོད་འཛིན་གྲྭ་བཅུ་གཅིག
འཛིན་གྲྭ་ལྔ་ནི་ཆེད་སྦྱོང་འཛིན་གྲྭ་ཡིན་ལ། དེའི་སྦྱང་བྱ་སོགས་འོག་ཏུ་དཀྱུས་གཅིག་ཏུ་བཀོད་ཡོད་ལ་དུས་ཡུན་ལོ་དྲུག་གི་རིང་སྦྱང་བྱ་མཐའ་དག་སྦྱང་བརྩོན་གྱིས་རྒྱུགས་འཕྲོད་མཐར་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གིས་གོ་བཞི་ལོར་བཀྲམ་པའི་ཡིག་ཆ་ཨང༥༥བ་དང་ཉིས་སྟོང་དྲུག་ལོར་བཀྲམ་པའི་ཡིག་ཆ་ཨང༢༩བར་ཐག་བཅད་པ་ལྟར་རྒྱ་གཉེར་སློབ་གྲྭ་གཞན་དང་མཚུངས་པའི་ཐོབ་ཐང་སྤྲོད་རྒྱུའི་གཏན་འཁེལ་བྱས་ཡོད། ལས་དོན་ཆེ་ཕྲ་གང་ཡིན་ཡང་དེ་ལ་གྲུབ་འབྲས་འབྱུང་མིན་ནི་གཙོ་བོ་ཐོག་མའི་བཀོད་སྒྲིག་ལ་རག་ལས་པས། སློབ་གྲྭ་འདིས་ཀྱང་དུས་ཡུན་ལོ་དྲུག་གི་ནང་གནའ་དེང་རིག་པའི་གཞུང་ལུགས་ཟུང་འབྲེལ་གྱི་སློབ་ཁྲིད་བྱེད་པར་གྲྭ་སྒྲི་ལེགས་པོ་བྱས་ནས་སློབ་མའི་ཤེས་ཡོན་དང་ཕུགས་བསམ་ཇེ་མཐོར་གཏོང་བཞིན་ཡོད། ལོ་དྲུག་སློབ་ཚན་བཀོད་སྒྲིག་བྱས་པའི་བསྡུར་ཚད་ནི།
བོད་ཀྱི་རིག་གནས་བརྒྱ་ཆའི་བཞི་བཅུ། དེང་རབས་རིག་གནས་བརྒྱ་ཆའི་སུམ་ཅུ། ཡིག་རིགས་གཞན་བརྒྱ་ཆའི་ཉི་ཤུ། ཆབ་སྲིད་བརྒྱ་ཆའི་ལྔ། ལོ་རྒྱུས་སློབ་ཁྲིད་བརྒྱ་ཆའི་ལྔ་ཡིན།
༡ བོད་ཀྱི་རིག་གནས་སྐོར་ལ་སུམ་རྟགས་དག་གསུམ་དང་། སྙན་ངག མངོན་བརྗོད། ཚད་མ་རིིག་པ། སྒྲ་རིག་པ། སྡེབ་སྦྱོར། ལཉྫ། ཝརྟ། དབུ་ཅན་དང་དབུ་མེད་ཀྱི་ཡིག་གཟུགས། སྐར་རྩིས། ས་ལམ།
གྲུབ་མཐའ། དོན་བདུན་ཅུ་བཅས་ལེ་ཚན་རེ་དང་མཁོ་བསྡུས་ཙམ་མ་ཡིན་པར་ཁྲིད་རྒྱུན་དང་བཅས་ཏེ་ཆ་ཚང་བར་སློབ།
༢ དེང་རབས་རིག་གནས་ཀྱི་སྐོར་ལ། ཐིག་རྩིས་རིག་པ། ཚབ་རྩིས་རིག་པ། དངོས་ལུགས་རིག་པ། རྫས་འགྱུར་རིག་པ། ས་རྒྱུས། གློག་རྡུལ་རྩིས་འཁོར་སོགས་ལག་ལེན་དང་བཅས་ཏེ་དངོས་སུ་ཁྲིད་སྤེལ་བྱེད་པ།
༣ མི་རིགས་གཞན་གྱི་ཡི་གེ་སྐོར་ལ། རྒྱ་ཡིག་དང་དབྱིན་ཡིག་རྨང་གཞིའི་སྦྱང་ཚན་ནས་བཟུང་རིམ་པ་བཞིན་དུ་སློབ་ཐུབ།
༤ ཆབ་སྲིད་སྐོར་ལ། སྐབས་དོན་ཆབ་སྲིད། བཅའ་ཁྲིམས་དང་རྩ་ཁྲིམས་རྒྱུན་ཤེས། མི་རིགས་སྲིད་ཇུས་དང་རྒྱལ་གཅེས་སློབ་གསོ་བཅས་ཀྱི་སློབ་ཁྲིད་བྱེད་པ།
༥ ལོ་རྒྱུས་སྐོར་ལ། ཀྲུང་གོའི་ལོ་རྒྱུས། འཛམ་གླིང་ལོ་རྒྱུས་སོགས་ཁྲིད་དེ་གནའ་བཟང་དེང་སྤྱོད་དང་རླངས་ཆེན་མི་སྣའི་བྱས་རྗེས་ལ་བརྩི་མཐོང་ཆེན་པོའི་སློབ་སྦྱོང་བྱེད་བཞིན་ཡོད།
གཉིས་པ། ཉིན་རེའི་སློབ་སྦྱོང་གི་འགྲིག་ལམ།
འཛིན་གྲྭ་གང་ཡིན་ཡང་ཞོགས་པའི་རྩལ་སྦྱོང་གྲོལ་རྗེས་རང་རང་གི་སློབ་ཁང་དུ་འཚོགས་ཤིང་ཡུན་ཚད་ཆུ་ཚོད་གཅིག་རེ་ཡིན། དེ་ན་ས་ཆུ་ཚད་ཕྱེད་ཀའི་ཡུན་ལ་ཚད་མ་རིག་པ་གཙོར་བྱས་ནས་སུམ་རྟགས་དག་གསུམ་དང་།
སྙན་ངག་སྐར་རྩིས། གསོ་བ་རིག་པའི་སྐོར་སོགས་སྦྱངས་ཟིན་པའི་སློབ་ཚན་རྣམས་ལ་དགེ་མཚན་བླ་མེད་པའི་བོད་ཀྱི་སྲོལ་རྒྱུན་སློབ་གསོའི་ཐབས་ལམ་སྟེ་རྩོད་པའི་སྒོ་ནས་བགྲོ་གླེང་དང་ཞིབ་དཔྱོད་བྱེད་དུ་འཇུག ཕྱི་དྲོར་བསྟུད་མར་སློབ་ཐུན་གཉིས་ལ་འཚོགས་ཤིང་ཡུན་ཚད་ཆུ་ཚོད་གཅིག་རེ་ཡིན། དེ་ནས་ཆུ་ཚད་གཅིག་གི་རིང་ལ་རྩོད་པའི་བགྲོ་གླེང་བྱེད།
དགོང་མོར་ཆུ་ཚོད་ཕྱེད་ཀྱི་ཡུན་ལ་འཛིན་གྲྭ་སོ་སོས་བློ་ཐོག་ནས་རྩ་སྡོམ་སློབ་ཚན་སོགས་སྐྱོར་སྦྱོང་ཆེས་ལེགས་པོ་བྱས་རྗེས་མཚན་མོའི་རབ་སྦྱོང་ལ་འཚོགས་ཏེ་ཉིན་རེའི་ལས་བྱ་འབྲི་བ་དང་དཔེ་བལྟས་སོགས་བཟང་བོ་བྱས་ནས་གྲོལ་བ་ཡིན། ཁྱོན་ཉིན་གཅིག་ལ་ཆུ་ཚོད་དགུ་དང་སྐར་མ་ཇི་ཤུ་ཙམ་ལ་སློབ་སྦྱོང་བྱེད་བཞིན་ཡོད་པས།
རྒྱལ་གཉེར་སློབ་གྲྭ་གཞན་དང་བསྡུར་ན་ཉིན་གཅིག་ལ་སློབ་ཐུན་གཉིས་དང་ལོ་གཅིག་ལ་སློབ་ཐུན་ལྔ་བརྒྱར་ཉེ་བ་ཞིག་ལྷག་པོར་སྦྱོང་བཞིན་ཡོད་པས་སློབ་སྦྱོང་གི་དུས་ཡུན་ཤིན་ཏུ་རིང་།