སློབ་གསོའི་ཁ་ཕྱོགས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་ཁྲིད་སྒྲིག་གཞི། »སློབ་གསོའི་ཁ་ཕྱོགས།
སློབ་གསོའི་ཁ་ཕྱོགས།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-03-28ལྟ་ཀློག (21864)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་གསོའི་ཁ་ཕྱོགས།

       སློབ་གྲྭ་འདིས་སློབ་གསོའི་ཁ་ཕྱོགས་ནི་སློབ་དཔོན་རིན་པོ་ཆེ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་དེ་ཡང་འཇིགས་མེད་རྒྱལ་མཚན་སྒེར་བཙུགས་སློབ་གྲྭའི་སློབ་གསོའི་ཁ་ཕྱོགས་དེ་བོད་ཀྱི་སློབ་གྲྭའི་སློབ་གསོའི་ཁ་ཕྱོགས་སུ་བཟུང་ན་དགེ་མཚན་མང་དུ་མཆིས་པར་སྣང་སྟེ། དེ་བོད་མི་དམངས་མང་ཚོགས་ཀྱི་གནས་བབ་དང་མཐུན་ཞིང་འདོད་བློ་སྐོང་ཐུབ་པའི་ཕྱིར་རོ། ། དེའི་རྒྱུ་མཚན་ཡང་སློབ་གྲྭ་འདིས་བོད་ཀྱི་རིགས་གནས་གཞིར་བཞག་ཐོག དེང་རབས་ཀྱི་དགེ་མཚན་གྱི་རྒྱན་དུ་འདོགས་པའི་བྱེད་ཐུབ་བཀོལ་ཤེས་པས་ཡིན་ནོ། ། ཞེས་དང་། ཡང་སྤྱིར་སློབ་གསོའི་ཕྱོགས་འགྲིག་མི་འགྲིག་གི་སྡོམ་ཚིག་དང་། ཕྱི་རབས་ཤེས་ཡོན་ཅན་གྱི་མི་སྣ་མང་བོ་སྐྱེད་སྲིང་བྱེད་པའི་ཐབས་དང་ལག་ལེན་ལེགས་མི་ལེགས་ཀྱི་དབྱེ་བ་སོགས་ནི་གཙོ་བོ་གྲུབ་འབྲས་ཀྱི་ཆ་ནས་བཤད་དགོས་ཀྱི། སྨྲ་གང་ཤེས་ཀྱི་རྣམ་དཔྱོད་ངོམ་པས་མི་འོང་ངོ་། ། བོད་ཀྱི་སློབ་གྲྭ་སྒྲུབ་པའི་ཁ་ཕྱོགས་དང་བོད་ཀྱི་སློབ་མ་སྐྱེད་བསྲིང་བྱེད་ཚུལ་འགྲིག་མི་འགྲིག་གི་རྣམ་དབྱེ་ནི་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པ་གཞིར་བཞག་གི་སྟེང་ནས། གཙོ་བོ་བོད་རིགས་མང་ཚོགས་ཀྱིས་དགའ་བསུ་ཐོབ་ཅིང་དེ་དག་གི་འདོད་བློ་སྐོང་ཐུབ་པ། བོད་སྤྱི་ཚོགས་ལ་ངེས་པ་དོན་གྱི་ཕན་པ་སྒྲུབ་ནུས་ཤིང་། བོད་ཀྱི་རིགས་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་ཐུབ་པའི་སློབ་མ་མང་བོ་བྱུང་དང་འབྱུང་བཞིན་ཡོད་ན་འགྲིག་པ་ཡིན་ལ། དེ་ལྟར་མ་བྱུང་བར་མི་རིགས་གཞན་གྱི་རྗེས་མི་ཆོད། རང་གི་གྲལ་དུ་མི་ཚུད། རང་་རིགས་ལ་ཞེ་སྡང་། སྲོལ་རྒྱུལ་ལ་ཐན་དུ་སྨྲ། བོད་རང་གི་རིག་གནས་ཡོད་ཚད་ལ་དགྲར་བལྟ་བའི་མི་སྣ་མང་བོ་ཞིག་སྐྱེད་བསྲིང་བྱེད་པ་ནི་སློབ་གསོའི་ཁ་ཕྱོགས་དང་བྱེད་ཐུབ་མ་འགྲིག་པ་ཡིན་ཞིང་། མང་ཚོགས་དང་བོད་རིགས་ལས་བྱེད། གྲྭ་བ་དང་སློབ་མ་རྣམས་མཐུན་སྒྲིལ་རྩ་བ་ཕྱུང་བས་ཡར་རྒྱས་ནི་དེ་བས་ཀྱང་བཤད་དུ་མེད། ཅེས་གསུང་བ་ནི་གནད་ལ་ཕུགས་པའི་བསླབ་བྱ་རུས་པ་ཅན་དུ་འཁུམས་སོ། ། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། mjbp བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23528834
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།