ཁོར་ཡུག་འཛུགས་སྐྲུན་གྱི་སྐོར།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 19 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་ཁྲིད་སྒྲིག་གཞི། »ཁོར་ཡུག་འཛུགས་སྐྲུན་གྱི་སྐོར།
ཁོར་ཡུག་འཛུགས་སྐྲུན་གྱི་སྐོར།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-03-28ལྟ་ཀློག (9833)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཤེས་རིག་ནོར་བུའི་སློབ་གླིང་ཕྱག་འདེབས་མཛད་ཚུལ་དང་ཁོར་ཡུག་འཛུགས་སྐྲུན་གྱི་སྐོར།

       དེ་ཡང་ཡུལ་གངས་རིའི་ལྗོངས་ཀྱི་སྔོན་བྱོན་ཡབ་མེས་དག་གི་མཛད་རྗེས་གདུགས་དཀར་གྱི་འོད་སྟོང་འཕྲོ་བའི་བཅུ་ཕྲག་ནོར་བུའི་བང་མཛོད་མང་དུ་བསྐུན་ནའང་། ལྡོག་མེད་དུས་འགྱུར་ནག་པོའི་གདུག་རྩུབ་ཀྱིས་རིན་ཐང་བྲལ་བའི་ཆོས་སྲིད་ཡོངས་ལ་གནོད་ཚབ་སྐྱི་གཡའ་བ་བྱུང་སྟེ། ཉམས་རྒུད་མང་དུ་བཏང་ནང་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ་ནས་བཟུང་། མི་རིགས་ཡོངས་ཀྱི་ཆོས་དང་རིག་གནས་སོགས་ཉམས་པ་སླར་གསོ་དང་གནས་པ་གོང་འཕེལ་དུ་གཏོང་བའི་སྐབས་འདིར། ང་ཚོས་མི་རིགས་འདིས་ཀྱང་སྔོན་བྱོན་མཁས་གྲུབ་རྣམས་ཀྱི་ཤུལ་བཞག་སྲོལ་རྒྱུན་རྒྱུད་འཛིན་དང་། དེང་རབས་རིག་གནས་ནང་དྲེན་བྱེད་དགོས་ཞེས་པའི་འོལ་་གཏམ་སྒྲོགཔ་མ་གཏོགས་ལག་ལེན་ནི་རི་བོང་གི་རྭ་དང་ནམ་ཁའི་པད་མོའི་སྤུན་ཟླ་རུ་སོང་ཡོད་པར་མ་ཟད། གཞན་མི་རིགས་སློབ་གསོ་དང་རིག་གནས་སློབ་གསོའི་དྲིལ་སྒྲོག་དབེན་པ། འགྲིམ་འགྲུལ་སྟབས་མི་བདེ་བ། བུ་ཕྲུག་སློབ་གྲྭར་འགྲོ་འདོད་ཆེ་ཡང་ཁྱིམ་ཚང་གི་འབྱོར་བ་ཞན་པ། རྒྱ་གཉེར་སློབ་གྲྭར་ལོ་ལ་ཚད་བཟུང་ཆེ་བ་སོགས་འགལ་རྐྱེན་མང་ཞིང་མཐུན་རྐྱེན་ཉུང་བ་འདི་དག་དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་གི་ཐུགས་ཀྱིས་མ་བཟོད་པར་དཀའ་བ་རྒྱ་ཕྲག་ཁྱད་དུ་བསད་ནས། མཚོ་སྔོན་ཁྲི་ཤོར་རྒྱལ་མོའིལྷོ་ཕྱོགས། ཨ་རྨྱེ་ཆེན་སྦོམ་རའི་ཉེ་འདབས། ཁྱང་མགོན་ལྷུན་པོའི་མདུན་ཕྱོགས། ཆོས་སྡེ་ཆེནན་མོའི་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་ཀྱི་གཡོན་ཟུར། རྨ་ཁུགས་གཉིས་པའི་ཡ་བུག་འབྲུ་དྲུག་ཐང་དུ་སྒྲུབ་པའི་བོད་ཀྱི་སྒེར་གཙུགས་སློབ་གྲྭ་ཐོག་མ་ཤེས་རིག་ནོར་བུ་སློབ་གླིང་འདི་རབ་བྱུང་བཅུ་བདུན་པའི་དངོས་པོ་ཞེས་པ་ཤིང་ཁྱི་ལོ་སྟེ་༡༩༩༤ལོའི་ཟླ༡༢ པའི་ཚེས༡༥ཉིན་དངོས་སུ་ཕྱག་འདེབས་གནང་སྟེ། མཛད་སྒོའི་སྟེང་དུ་ཁུལ་མི་དམངས་སྲིད་གཞུང་དང་། ཁུལ་སློབ་གསོའི་ཅུའུ། རྫོང་མི་དམངས་སྲིད་གཞུང་། རྫོང་སློབ་གསོ་པུའུ་སོགས་མགོ་་ཁྲིད་མི་སྣ་དངོས་སུ་ཕེབས་ཏེ་གལ་་ཆེའི་གསུངས་བཤད་གནང་བ་དང་། མཚོ་སྔོན་ཞིང་ཆེན་མིིདམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་པད་མ་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དགེ་རྒན་སློབ་གྲྭ་ཆེན་མོ། མི་རིགས་དཔེ་སྐྲུན་ཁང་དང་མི་སྒེར་མང་བོས་སློབ་འགོ་བརྩམས་པའི་དགའ་སྟོན་གློག་འཕྲིན་དང་ཤིས་ཚིག་མང་དུ་འབྱོར། སློབ་གྲྭ་ཕྱི་ནང་གི་བདག་ཐོབ་ས་ཆའི་རྒྱ་ཁྱོན་ལ་མུའུ་གྲུབ་བཞི་མ་ཁྲི་༣༣ཡོད་ཅིང་། སློབ་རའི་རྒྱ་ཁྱོན་ལ་མུའུ་གྲུ་བཞི་མ་༥༠༦༡༦ཡོད། ད་ལྟ་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་༧༧༧༣སློབ་ཁང་ཆེ་ཆུང་གསུམ་དང་ དཔེ་མཛོད་ཁང་། སྤྱི་གཉེར་ཁང་། གཞུང་སྒྲུབ་ཁང་། དཔེ་གཟིགས་ཁང་། དགེ་རྒན་དང་སློབ་མའི་སྡོད་ཁང་། སྒོ་ཆེན་བཅས་སྤྱིལ་བུ་ཆེ་ཆུང་མང་བོ་འཛུགས་སྐྲུན་བྱས་ཤིང་། གཞུང་སྒྲུབ་ཁང་གི་ཡང་ཐོག་ན་སློབ་གླིང་འདིའི་མཚན་དོན་མཚོན་བྱེད་ནོར་བུ་ཆ་དགུ་དང་། སྒོ་ཆེན་གྱི་འགྲམ་གཉིས་སུ་རྒྱ་བོད་ཡིག་རིགས་གཉིས་ཀྱིས་འཇིགས་མེད་རྒྱལ་མཚན་སྒེར་བཙུགས་སློབ་གྲྭ་ཞེས་པའི་སྒོ་བྱང་བཀལ། དབུལ་ཕྱུགས་དང་མཐོ་དམན་མེད་པར་སུ་ཡིན་ཡང་ཤེས་བྱ་རིག་པའི་ནོར་བུ་འདི་ནས་ལེན་ཆོག་པའི་བརྡ་ཐབས་སུ་སྒོ་ཆེན་གྱི་སྟེང་ན་ཤིས་རིག་ནོར་བུའི་སློབ་གླིང་ཞེས་པའི་གསེར་བྲིས་ཀྱི་ཡིག་འབྲུ་རྣམས་ལས་ནམ་ཡང་ལྷག་བསམ་གྱི་རང་མདངས་མ་ཉམས་པར་གནས་ཡོད། ཕྱིས་སུ་ཡང་དཔེ་མཛོད་ཁང་། ཚོད་ལྟ་ཁང་། གློག་སྤྱད་སློབ་ཁྲིད་ཁང་། དགེ་རྒན་བཞུགས་གནས་དང་སློབ་ཁང་བཅས་ཁང་མིག་༢༠༤འཛུགས་སྐྲུན་བྱས། ར་སྐོར་ན་དེང་རབས་ཁྱད་ཆོས་དང་མཐུན་པའི་དྲ་འཕེལ་སྤོ་ལོ་རྩེད་ས་དང་། རྩལ་སྦྱོང་བྱེད་ཡུལ་རྣམས་ཀྱང་ཉམས་དགའ་ཞིང་ཡིད་དུ་འོང་བར་མ་ཟད། ཁོར་ཡུག་གི་བཟོབཀོད་ལེགས་ལ་བོད་མི་རིགས་ཀྱི་ཁྱད་ཆོས་ཚང་བ་བཅས་སོ། །


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 2yq5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5935467
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号