ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་བསྡུའི་གནས་ཚུལ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 19 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་ཞུགས་མིང་ཐོ། »ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་བསྡུའི་གནས་ཚུལ།
ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་བསྡུའི་གནས་ཚུལ།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-03-27ལྟ་ཀློག (49005)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་བསྡུའི་གནས་ཚུལ།


དང་བོ།      སློབ་གླིང་འདིར་ཞུགས་མཁན་རྣམས་ངེས་པར་དུ་སྐྱེས་པ་(འདིར་སྐྱ་སེར་གཉིས་ཀ་འདུ)ཡིན་དགོས།

གཉིས་པ།    མིང་ཐོ་འགོད་སྐབས་དུས་རྒྱུན་རང་ཉིད་དངོས་སུ་ཡོང་བའམ་ཡང་ན་ཚབ་ཏུ་མིང་ཐོ་འགོད་ཆོག་མོད་སློབ་བསྡུའི་དུས་ཚོད་ལ་ཁེལ་ཚེ་ངེས་པར་དུ་གསར་ཞུགས་སློབ་མིའི་ཐོ་བྱང་ཁྱེར་ཏེ་རང་ཉིད་དངོས་སུ་སློབ་གླིང་དུ་ཐོན་དགོས།

གསུམ་པ།   མིང་ཐོ་འགོད་སྐབས་རང་གི་ཉེ་པར་གཅིག་དང་ཐོབ་དཔང་ངམ་ཁྱིམ་ཐོ་གང་རུང་དང་། རྟེན་གྲྭ་བ་ཡིན་ན་དགོན་པའི་གནང་ཡིག་དགོས་པར་མ་ཟད་ཆབ་སྲིད་དང་མ་འགལ་བ་ཞིག་ཡིན་དགོས།  མིང་ཐོ་འགོད་བྱང་སོགས་ལ་སྒོར་བརྒྱ་དགོས།

བཞི་བ།     མིང་ཐོ་འགོད་པའི་དུས་ཡུན་ནི་ལོ་རེའི་སྤྱི་ཟླ་༩ བའི་ཚེས་༩ནས་འགོ་བརྩམས་ཏེ་ལོ་རྗེས་མའི་སྤྱི་ཟླ་༩བའི་ཚེས༨བར་ཡིན།

ལྔ་བ།       སློབ་མ་བསྡུ་ལེན་བྱེད་སྟངས་ནི་མིང་ཐོ་བཀོད་པའི་ཨང་རིམ་དང་རྒྱུགས་གཞིའི་སྐར་གྲངས་བསྡུར་ནས་བསྡུ་ལེན་བྱེད་བཞིན་ཡོད། 

དྲུག་པ།     སློབ་མ་གསར་དུ་བསྡུ་བའི་བརྒྱུད་རིམ་ཁྲོད་ནས་རྒྱུ་ཐོབ་ངོ་གསུམ་གྱི་འབྲེལ་བ་གཏན་འགོག་བྱས་ཡོད། 

བདུན་པ།   མིང་ཐོ་བཀོད་ཀྱང་ལོ་དེར་རྒྱུགས་ལ་མ་ཞུགས་ཚེ་མིང་ཐོ་ནུས་མེད་དུ་གྱུར་བ་ཡིན། 

བརྒྱད་པ།   སློབ་མ་གསར་བསྡུའི་རྒྱུགས་ལ་ཞུགས་པ་ཞིག་ཡིན་ཚེ་ལོ་དེར་རྒྱུགས་མ་འཕྲོད་ཀྱང་ལོ་རྗེས་མར་མིང་ཐོ་ནུས་ལྡན་ཡིན། 

དགུ་བ།     ཉུང་མཐར་ཡང་བསྟུད་མར་ལོ་གསུམ་ལ་རྒྱུགས་ལ་ཞུགས་པ་ཞིག་ཡིན་ཚེ་དམིགས་བསལ་གྱིས་ཞུགས་ཐུབ།

བཅུ་བ།     སློབ་བསྡུའི་རྒྱུགས་ལེན་སྐབས་སྐར་གྲངས་རྩེར་སོན་པ་ཞིག་ལེན་ཐུབ་ན་མིང་ཐོ་ཆེས་རྗེས་སུ་ལྷུང་ཡང་སློབ་གྲྭར་ཞུགས་ཐུབ།

བཅུ་གཅིག་པ།   གསར་ཞུགས་སློབ་མར་མལ་ཆས་ཆ་ཚང་དང་། མལ་ཁང་ནང་གི་མཁོ་ཆས།  ཁྲུས་རྫས་ཆ་ཚང་སོགས་སློབ་གླིང་རང་གིས་བཀོད་བསྒྲིགས་བྱས་ཡོད་པས་གསར་ཞུགས་སློབ་མས་ཕྱི་ནས་ཉོ་མི་དགོས།

བཅུ་གཉིས་པ། སྔར་ཡོད་སློབ་མར་མལ་ཐུལ་དང་སྟན་གྱི་གཡོགས་སོགས་སློབ་གྲྭས་གཅིག་གྱུར་ལྟར་བཀོད་བསྒྲིགས་བྱས་ཡོད་པས་གསར་དུ་ཉོ་མི་དགོས།

བཅུ་གསུམ་པ། སྤྱི་ཟླ་དགུ་བའི་ཚེས་༼༤ -༧༽བར་གསར་ཞུགས་སློབ་མར་རྒྱུགས་ཞུགས་མིང་ཐོ་འགོད་རྒྱུ་དང་།  ཚེས་༨ཉིན་རྒྱུགས་ལེན་རྒྱུ་ཡིན་པས་དུས་ལྟར་ཕེབས་པར་ཞུ།

འདིའི་སྐོར་ཞིབ་ཏུ་ཤེས་འདོད་ན་གཤམ་གྱི་འབྲེལ་གནས་ལ་དྲིས་ཆོག

འབྲེལ་གཏུག་བྱ་ཡུལ།


ཁ་པར། 18097158222  


དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 7 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། pmes བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་བསྡུའི་གནས་ཚུལ།   སྤེལ་མཁན།: སྟོན་པ་སྐྱབས། སྤེལ་དུས:2019/8/26
མ་ཡུམ་སློབ་གྲྭའི་སྐུ་ཚེ་བསྐལ་བརྒྱར་བསྟན་པར་ཤོག
  ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་བསྡུའི་གནས་ཚུལ།   སྤེལ་མཁན།: ཆོས་གྲགས། སྤེལ་དུས:2019/8/26
མ་ཡུམ་སློབ་གྲྭའི་འདས་མ་ད་གསུམ་གྱི་བྱ་བཞག་མཐའ་དག་གེགས་མེད་ཡིད་བཞིན་དུ་འགྲུབ་པའི་བཀྲ་ཤིས་སྨོན་འདུན་སྙིང་ནས་ཞུ།
  ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་བསྡུའི་གནས་ཚུལ།   སྤེལ་མཁན།: གངས་གླག སྤེལ་དུས:2019/8/4
གངས་ལྗོངས་ཤེས་རིག་གླིང•དུས་རྒྱུན་དོ་ཁུར་དང་གདེང་འཇོག་བྱེད་སའི་ཤེས་རིག་གི་དག་ཞིང་དེ་ཡིན
  ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་བསྡུའི་གནས་ཚུལ།   སྤེལ་མཁན།: བོད་འཕྲེང་བ་ཅན། སྤེལ་དུས:2018/6/25
ལོ་རིམ་དང་པོ་ནས་འཇུག་ན་ཅི་འདྲ་བྱེད་དགོསམ།།
  ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་བསྡུའི་གནས་ཚུལ།   སྤེལ་མཁན།: གཟའ་བརྒྱད་པ། སྤེལ་དུས:2017/11/4
གོ་སོང་། བཀའ་དྲིན་ཆེ། ནོར་བུའི་སློབ་གླིང་ནམ་ཡང་ཡིད་ན་ཉར་བའི་ལང་ཚོ་ཡི་མྱུ་གུ་གསར་བ་དེའོ།།
  ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་བསྡུའི་གནས་ཚུལ།   སྤེལ་མཁན།: གངས་རྩེན། སྤེལ་དུས:2017/7/15
ར་རྒྱ་ཤེས་རིག་སློབ་གླིང་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ཏུ་དགེ་སློབ་ཡོངས་ཀྱི་བྱ་བ་ལམ་འགྲོ་དང་རང་རིགས་གཞོན་སྐྱེས་རྣམ་པ་རྐང་འཛིན་འགྱུར་བའི་སྨོན་ལམ་འདེབས།
  ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་བསྡུའི་གནས་ཚུལ།   སྤེལ་མཁན།: བོང་སྟག་ལྷག་ག སྤེལ་དུས:2016/4/30
གོ་སོང་། བཀའ་དྲིན་ཆེ།
prescription discount coupons blog.alpacanation.com discount drug coupon
prednisolone 20 mg posologie waltersgarage.com prednisolone 20 mg posologie
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
5934276
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号