2013---2017ལོའི་བར་སློབ་གྲྭའི་ནང་བྱ་བ་བསྒྲུབས་མྱོང་།
དཀོན་མཆོག་ཆོས་རྒྱན་ནི་སྤྱི་ལོ་༡༩༨༣ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཧང་ང་རྫོང་རྩི་གོར་ཐང་གྲོང་རྡལ་དུ་སྐྱེས།
༡༩༩༠ལོར་མདོ་སྨད་རྫོང་བཞིའི་ཡ་གྱལ་གནས་ཆེན་བྲག་དཀར་སྤྲེལ་རྫོང་དགོན་རྨད་བྱུང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་གི་ཆོས་སྒོར་ཞུགས།
༢༠༠༥ལོ་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ལ་ཞུགས་པ་དང་། འཛིན་གྲྭའི་འཛིན་དཔོན་དང་མཐར་ཕྱིན་ཆེད་རྩོམ་སོགས་ཀྱི་རྩོམ་སྒྲིག་པའི་འགན་ཁུར།
སློབ་གྲྭ་ཡོངས་ཀྱི་རིག་རྩལ་འཁྲབ་སྟོན་དང་ཤེས་རིག་འགྲན་གླེང་སོགས་ཀྱི་འགོ་འཛིན་པའང་བྱས་མྱོང་། སྔ་ཕྱིར་གསུམ་བཟང་སློབ་མའི་བྱ་དགའ་དང་ཕ་སྐད་གཙང་མའི་བྱ་དགའ།
གསེར་སྨྱུག་རྟགས་མའི་རྩོམ་རིག་འགྲན་སྡུར། དབྱངས་ཅན་འགྲིན་སྒྲའི་སྙན་ངག་གྱེར་འདོན་སོགས་ཀྱི་བྱ་དགའ་ཐོབ་མྱོང་།
མཐར་ཕྱིན་ཁར་མ་ཡུམ་སློབ་གྲྭའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པའི་མཚན་སྙན་བྱ་དགའ་ཐོབ།
སློབ་མཐར་ཕྱིན་རྗེས་རང་དགོན་དུ་བསྡད་ཅིང་ཞོར་དུ་ཤེས་རིག་ཀུན་ཕན་གསོ་སྦྱོང་འཛིན་གྲྭ་རྒྱུན་སྐྱོང་ཞོར།
༢༠༡༢ལོར་རང་སྡེའི་ནང་དུ་ཤེས་རིག་སྒྲོན་མེ་གཙོ་སྒྲུབ་ཚན་ཆུང་བཙུགས་ཤིང་མུ་མཐུད་དུ་རྒྱུན་སྐྱོང་བཞིན་ཡོད། ༢༠༡༣ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཡན་ལག་སློབ་གྲྭ་སྟེ་གངས་ལྗོངས་ཤེས་རིག་དར་སྤེལ་སློབ་གླིང་གི་ལས་བཟོ་བའི་འགན་ཁུར། ད་ལྟ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྤྱི་གཉེར་བའི་འགན་འཁུར་བཞིན་ཡོད་ཅིང་༢༠༡༤ལོར་ཕུལ་བྱུང་སྤྱི་གཉེར་བའི་བྱ་དགའ་ཐོབ།