ཐོན་མིའི་སློབ་ཚོགས་ཀྱི་སྒྲིག་གཞི།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 21 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» ཐོན་མིའི་སློབ་གསོ། »ཐོན་མིའི་སློབ་ཚོགས་ཀྱི་སྒྲིག་གཞི།
ཐོན་མིའི་སློབ་ཚོགས་ཀྱི་སྒྲིག་གཞི།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-03-26ལྟ་ཀློག (8268)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཐོན་མིའི་སློབ་ཚོགས་ཀྱི་སྒྲིག་གཞི།

དོན་ཚན་དང་བོ། 

       སློབ་ཚོགས་ཀྱི་མཚན།   ཐོན་མིའི་སློབ་གསོའི་སློབ་གྲོགས་མཐུན་འབྲེལ་ཚོགས་པ་ཞེས་བྱ།

དོན་ཚན་གཉིས་པ།

      ཚོགས་པ་ངོ་སྤྲོད། 

         ཚོགས་པ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མས་རང་གི་མ་ཡུམ་སློབ་གླིང་ལ་བཀའ་དྲིན་ཞུ་མཚོན་དུ་ཞབས་འདེགས་བསྒྲུབ་རྒྱུར་དགེ་སློབ་ཡོངས་གྲོས་མཐུན་བྱུང་སྟེ་རང་འཐད་ངང་རྩ་འཛུགས་བྱས་པའི་སློབ་ཚོགས་ཤིག་ཡིན།
དོན་ཚན་གསུམ་པ།

     རང་རེའི་ཚོགས་པའི་དམིགས་ཡུལ།
    ༡ ཚོགས་པའི་དམིགས་ཡུལ་ནི་འཛམ་གླིང་གི་ཁ་ཕྱོགས་དང་མཐུན་ལ་རྒྱལ་ཁབ་གྱི་ཁྲིམས་ལུགས་དང་མཐུན་པའི་སྒོ་ནས་མ་ཡུམ་སློབ་གླིང་གི་དྲྭ་ཚིགས་དོ་དམ་དང་དཔལ་འབྱོར་འཚོལ་ སྒྲུབ་བྱ་རྒྱུ།
       ༢ སློབ་གྲྭའི་སློབ་གསོ་དྲིལ་སྒྲོག་བྱ་བ་ཤུགས་ཆེ་རུ་གཏང་རྒྱུ་དང་སློབ་གྲྭའི་བྱ་བ་ཡོངས་ལ་རྒྱབ་སྐྱོར་བྱ་རྒྱུ།
      ༣ སློབ་གྲྭའི་སློབ་དེབ་སོགས་རྩོམ་སྒྲིག་དཔར་སྐྲུན་བྱ་རྒྱུ།
      ༤ སློབ་གསོའི་མ་ལག་འཐུས་ཚང་དུ་གཏང་རྒྱུ་དང་ཤེས་རིག་འགྲན་གླེང་སོགས་བྱ་འགུལ་སྣ་ཚོགས་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་རྒྱུ།
      ༥ སློབ་གྲྭའི་ད་ལྟའི་གནས་བབ་ལ་གཞིགས་ཏེ་དགེ་རྒན་གྱི་ཟླ་ཕོག་དང་སློབ་མའི་འཚོ་ཚིས་གནད་དོན་ལ་རམ་འདེགས་བྱ་རྒྱུ།
      ༦ འཛམ་གླིང་གི་སྔོན་ཐོན་སློབ་ཚོགས་དག་གི་ཁ་ཕྱོགས་དང་ཚད་གཞི་མིག་དཔེར་འཛིན་རྒྱུ།
      ༧ ང་ཚོའི་དམིགས་ཡུལ་ནི་དཔལ་འབྱོར་རྐྱང་རྐྱང་ཞིག་མ་ཡིན་པར་རིག་གནས་སློབ་གསོའི་བྱ་བཞག་གོང་འཕེལ་དུ་གཏོང་བ་དང་རིག་གནས་གསར་རྙིང་བར་གྱི་མཐུན་ལམ་འཚོལ་རྒྱུ་བཅས་ཡིན་ནོ།།
དོན་ཚན་བཞི་བ།

        ཚོགས་པའི་ས་གནས།  

         མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་།
དོན་ཚན་ལྔ་བ།

         ལས་སྒོའི་ཁྱབ་ཁུངས།
       ༡ ཐོན་མིའི་སློབ་ཚོགས་ཀྱི་འཐུས་ཚབ་པ་དང་རྒྱུན་ལས་མི་སྣས་གྲོས་མཐུན་བྱས་པ་བརྒྱུད་ཐོན་མིའི་སློབ་གསོའི་བྱ་བཞག་ལ་ཕན་ཐོགས་ཡོད་པའི་བྱེད་སྒོའི་རིགས་ཚོགས་པའི་མཚན་འཛིན་ཚོགས་གཙོ་དང་སློབ་གྲྭའི་རྐང་འཛིན་དགེ་རྒན་དག་ལ་ཡར་ཞུ་བྱས་ཏེ་བསྒྲུབ་རྒྱུ།
       ༢ དྭྲ་ཚིགས་དོ་དམ་དང་སློབ་གསོ་དྲིལ་སྒྲོགདགེ་རྒན་དང་ལས་བཟོ་བའི་ཟླ་ཕོག  སློབ་མའི་འཚོ་བ་དང་སློབ་སྦྱོང་གི་མཁོ་ཆས། བདེ་སྲུང་བ་དང་སློབ་མའི་ཚོགས་པ་བཅས་ལ་རོགས་སྒྲུབ་མཐུན་རྐྱེན་སྦྱར་རྒྱུ།
དོན་ཚན་དྲུག་པ།

        ཚོགས་མིའི་ཆ་རྐྱེན་དང་དབང་ཆ།
       ༡  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་དཔང་ཡིག་ཡོད་པའི་སློབ་གྲོགས་ཚང་མ་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་མི་ཡིན།
       ༢ སློབ་གླིང་འདིར་སློབ་མཐར་མ་ཕྱིན་ཀྱང་སློབ་གྲྭའི་བྱ་བར་རྒྱབ་སྐྱོར་བྱ་འདོད་ཀྱི་ཀུན་སློང་གཙང་མ་ཡོད་མཁན་ཚོས་ཚོགས་ཞུགས་རེ་ཞུ་ཕུལ་ན་རང་རེའི་ཚོགས་མིའི་དཔང་ཡིག་སྤྲད་ཆོག
       ༣ ཚོགས་མི་སུ་ཡིན་ཡང་རང་རེའི་སློབ་ཚོགས་ཀྱི་བྱེད་སྒོར་ཞུགས་པའི་དབང་ཆ་ཡོད་ལ།ཚོགས་པའི་བྱ་བར་སྐྱོན་བརྗོད་དང་གྲོས་གཞི་འདོན་པའི་དབང་ཆའང་ཡོད།
       ༤ ཚོགས་དངུལ་མི་སྤྲོད་པ་དང་སློབ་ཚོགས་ཀྱི་དགོངས་དོན་དང་འགལ་བའི་བྱ་སྤྱོད་རིགས་སྤེལ་མཁན་བྱུང་ཚེ་ཚོགས་པ་ལས་རང་འགུལ་གྱིས་ཕྱིར་བུད་པ་ཡིན།
       ༥  ཐོན་མིའི་སློབ་ཚོགས་ལ་ཁ་གཡར་ནས་ཁྲིམས་འགལ་གྱི་ནག་ཉེས་བཟོ་མཁན་རིགས་བྱུང་ཚེ་ངེས་པར་དུ་ཐོན་མིའི་སློབ་ཚོགས་ཀྱི་འཐུས་ཚབ་རྒྱུན་ལས་ཚོགས་པར་ཡར་ཞུ་བྱ་དགོས།
      ༦ ཚོགས་མི་གང་ཞིག་ཚོགས་པ་ལས་ཕྱིར་འབུད་འདོད་ཡོད་ཚེ་ཚོགས་མིའི་དབང་ཡིག་ཕྱིར་ཚོགས་པའི་གཞུང་ལ་སྤྲོད་དགོས།
དོན་ཚན་བདུན་པ།

        རྒྱུ་ནོར་དོ་དམ་དང་བེད་སྤྱོད་ཀྱི་རྩ་དོན།
       ༡ རང་རེའི་ཚོགས་པའི་གྲོན་དངུལ་གྱི་ཡོངས་ཁུངས། ཚོགས་དངུལ། ཞལ་འདེབས། དངུལ་གྱི་སྐྱེད་ཀ ཁྲིམས་མཐུན་གྱི་ཡོང་སྒོ་གཞན།
       ༢ རྒྱལ་ཕྱི་ནང་གི་སློབ་ཚོགས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཚོགས་མིའི་ཚོགས་དངུལ་བསྡུ་རྒྱུ་ཡིན།
       ༣ རང་རེའི་ཚོགས་པའི་གྲོན་དངུལ་རྣམས་སྒྲིག་ཡིག་འདིས་གཏན་འབེབས་བྱས་པའི་ལས་སྒོའི་ཁྱབ་ཁོངས་སམ་སློབ་གྲྭའི་ལས་དོན་སྟེང་བེད་སྤྱོད་བྱེད་པ་ལས་ཆུད་ཟོས་སུ་གཏོང་བའམ་ཚོགས་མིའི་ཁྲོད་བགོ་བཤའ་གཏན་ནས་བྱ་མི་ཆོག
       ༤ རང་རེའི་ཚོགས་པའི་གྲོན་དངུལ་གྱི་གཏོང་ཡོང་རྣམས་རྩིས་གཉེར་བས་ཐོན་མིའི་འཐུས་ཚབ་ཚོགས་མི་དང་རྒྱུན་ལས་ཚོགས་མིའི་མདུན་སར་རྩིས་སྤྲོད་གསལ་བོ་བྱེད་དགོས་པར་མ་ཟད།ཕན་ཚུན་བར་ངོས་ལེན་དཔང་ཡིག་ཀྱང་གསལ་བོར་བྲི་དགོས།
       ༥ རང་རེའི་ཚོགས་པའི་གྲོན་དངུལ་རྣམས་མ་ཡུམ་སློབ་གྲྭའི་མཐུན་རྐྱེན་དུ་གཏོང་བ་ལས་འཐུས་ཚབ་ཚོགས་མི་དང་རྒྱུན་ལས་ཚོགས་མི་སོགས་མི་སྒེར་སུས་ཀྱང་ཧམ་འཛིན་དང་སྒེར་བཀོལ་བྱ་མི་ཆོག
      ༦ ལོ་རེ་རེའི་ལོ་མཇུག་ཏུ་ཚོགས་དངུལ་དང་གྲོན་དངུལ།གཞན་གྱི་འགྲོ་སོང་ཐམས་ཅད་རྩིས་སྤྲོད་བྱས་ཏེ་སློབ་གྲྭའི་དྭྲ་ཚིགས་དང་བརྡ་འཕྲིན་གྱི་བརྒྱུད་ལམ་ཁག་ཏུ་ཁྱབ་སྒྲོག་བྱ་དགོས།
དོན་ཚན་བརྒྱད་པ།

          སྒྲིག་ཡིག་བཟོ་བཅོས་དང་དོ་དམ་བརྒྱུད་རིམ།
        ༡ སློབ་ཚོགས་ཀྱི་སྒྲིག་ཡིག་བཟོ་བཅོས་བྱ་ན་ངེས་པར་དུ་སློབ་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་དང་སློབ་གྲྭའི་རྐང་འཛིན་དགེ་རྒན་དག་འཐད་པ་བྱུང་རྗེས་སློབ་མའི་འཐུས་ཚབ་ཚོགས་མི་དང་།    རྒྱུན་ལས་འཐུས་ཚབ་པས་ཚོགས་འདུ་བསྡུས་ཏེ་གྲོས་ཐག་གཅད་དགོས།
        ༢ ཚོགས་པའི་སྒྲིག་ཡིག་མི་སྒེར་གྱིས་སྣོན་འཕྲི་བྱ་མི་ཆོག་ལ། སྒྲིག་ཡིག་དང་འགལ་བའི་བྱ་སྤྱོད་ཚབས་ཆེན་ཡོད་ན་རྒྱུན་ལས་ཚོགས་པས་གྲོས་བསྡུར་བྱས་པ་བརྒྱུད་ནས་ཚོགས་མིའི་ཐོབ་ཐང་ལེན་རྒྱུ་ཡིན།
       ༣ ཚོགས་པའི་སྒྲིག་ཡིག་ལ་ཁ་གཡར་ནས་སྤྱི་ཚོགས་སྟེང་གཞན་ལ་བརྙས་བཅོས་བྱེད་པ་དང་མགོ་སྐོར་གཏོང་བ་སོགས་ཁྲིམས་འགལ་གྱི་རིགས་བྱུང་ཚེ་ཉེས་པ་བཟོ་མཁན་ལ་རྒྱལ་ཁབ་གྱི་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱ་རྒྱུ་དང་།ཉེས་བསགས་ཀྱི་གནས་ཚུལ་ཕྱིར་སྒྲོག་བྱ་རྒྱུ་ཡིན།


དོན་ཚན་དགུ་བ།

         ལས་འཛིན་པའི་འགན་འཁུར་དུས་ཡུན།
        ༡ ལས་འཛིན་ཚོགས་མིའི་འགན་འཁུར་དུས་ཡུན་ལོ་གསུམ་ནས་ལྔ་བར་ཡིན་པ་དང་།གནས་ཚུལ་ཁྱད་པར་བའི་དབང་གིས་སྔ་ཕྱིར་བསྣུར་དགོས་ཚེ་འཐུས་ཚབ་ཚོགས་མི་དང་རྒྱུན་ལས་ཚོགས་མིས་གྲོས་བསྡུར་བྱས་པ་བརྒྱུད་ནས་ཐག་གཅོད་བྱ་དགོས།
       ༢ ལས་འཛིན་གསར་རྙིང་གི་འགན་སྤྲོད་ལེན་སྐབས་ཚོགས་མིས་བདམས་ཐོན་བྱུང་རྗེས་འཐུས་ཚབ་ཚོགས་མི་དང་རྒྱུན་ལས་ ཚོགས་མིས་ཞིབ་བཤེར་བྱས་པ་བརྒྱུད་ནས་གཏན་འབེབས་བྱ་དགོས།
      ༣ ཚོགས་མི་རྣམས་ཀྱིས་གཞན་དང་འབྲེལ་བ་བརྒྱུད་ནས་ཚོགས་པའི་ཞལ་འདེབས་མ་དངུལ་སྡུད་སྐབས་འཐུས་ཚབ་ཚོགས་མི་དང་རྒྱུན་ལས་ཚོགས་མིས་ཞིབ་བཤེར་ནན་མོ་བྱས་ཏེ་བརྐུས་རྫས་སོགས་ཁྲིམས་མཐུན་མིན་པའི་མ་དངུལ་གཏན་འགོག་བྱ་དགོས།
       ༤ ཚོགས་མི་སུ་ཡིན་ལ་ཁྲིམས་མཐུན་མིན་པའི་གནས་ཚུལ་འདྲ་མིན་བྱུང་ཚེ་ཚོགས་པས་འགན་མི་འཁུར་བར་ཟད་ལས་དོན་དེར་ཐེར་རྟོགས་བྱ་མི་ཆོག

དོན་ཚན་བཅུ་བ།

        འཐུས་ཚབ་ཚོགས་མིའི་འགན་དབང་།

       ༡ རྒྱུན་ལས་ཚོགས་མིའི་གྲོས་ཆོད་ལག་བསྟར་བྱ་རྒྱུ།
       ༢ འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ཚོགས་མི་ཡོངས་ལ་བརྒྱུད་སྒྲོག་བྱ་རྒྱུ།
       ༣ ནང་ཁུལ་གྱི་དོ་དམ་ལམ་ལུགས་གཏན་འབེབས་བྱེད་པ།
       ༤ དོན་དག་གལ་ཆེན་གཞན་དག་ཐག་གཅོད་བྱེད་པ།
       ༥ སྤྱི་བའི་ལས་དོན་ཐད་བསམ་གཞིག་དང་གྲོས་མོལ་བྱ་རྒྱུ།
       ༦ ལས་འཛིན་ཚོགས་མི་དང་འཐུས་ཚབ་ཚོགས་མིའི་ཚོགས་འདུ་བསྡུ་སྐོང་བྱ་རྒྱུ།
       ༧ གྲོས་ཐག་བཅད་པའི་ལས་དོན་ལག་བསྟར་བྱ་རྒྱུ།
       ༨ མཐུན་སྒྲིལ་གཅིག་གྱུར་སྒོས་རང་ནུས་མངོན་འགྱུར་བྱ་རྒྱུ་བཅོས་སོ།།
དོན་ཚན་བཅུ་གཅིག་པ།

        རྒྱུན་ལས་དང་ལས་འཛིན་པ་ངོ་སྤྲོད།
        མཚན་འཛིན་ཚོགས་གཙོ།             དགེ་རྒན་འཇིགས་མེད་རྒྱལ་མཚན།
        ཚོགས་གཙོ།                         དགེ་རྒན་འོད་ཟེར་བཟང་བོ།
        རྒྱུན་ལས་ཚོགས་གཙོ་གཞོན་པ།       ཁཱ་ཤེས་རབ་རྒྱ་མཚོ། 

        ཚོགས་གཙོ་གཞོན་པ།                མགོན་པོ་རྡོ་རྗེ།
        དྲུང་ཡིག་ཆེན་མོ།                    ནག་བཟའ་བློ་བཟང་ཆོས་འཕེལ།
        དྲུང་ཡིག་པ།                        བན་ཤུལ་འཇམ་དབྱངས་ཡེ་ཤེས།
རྒྱུན་ལས་ཚོགས་མི

         འོད་ཟེར་བཟང་བོ། འཇིགས་མེད་རྡོ་རྗེ། དམ་ཆོས་ཕུན་ཚོགས། བསོད་ནམས་ཚེ་རིང་། བན་ཤུལ་འཇམ་དབྱངས། ཀ་རྒྱའི་ལྷ་རིག་རྒྱལ། ནག་བཟའ་བློ་བཟང་ཆོས་འཕེལ། རྔ་བ་བློ་བཟང་། ཀ་རྒྱའི་བློ་བཟང་། ཁཱ་ཤེས་རབ་རྒྱ་མཚོ། བློ་བཟང་འོད་ལྡན། མགོན་པོ་རྡོ་རྗེ། བཀྲ་ཤིས་རབ་བརྟན།བློ་གསལ། དཀོན་མཆོག་ཆོས་རྒྱུན། བློ་བཟང་མཁས་མཆོག སྐལ་བཟང་ཡར་འཕེལ། མགར་པདྨ། ཆོས་སྐྱོང་འགྱུར་མེད་བཅས་ཡིན་ནོ།  །


རྩོམ་སྒྲིག་འགན་འཁུར་བ།    མགར་རྩེ་ཉི་ཟེར།   འབའ་སྣང་གྲོལ།  བན་ཤུལ་འཇམ་དབྱངས།  ཨ་བུ་འབྲོང་།

དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། tqjw བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
5942776
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号