དགེ་རྒན་དོན་གྲུབ་རྒྱལ་ནི་མདོ་སྨད་ཅོ་ནེའི་ཁོངས་གཏོགས་གསེར་གཞོང་སྡེ་བར་སྐྱེས་ཤིང་། ཆུང་དུས་ནས་སློབ་གྲྭ་ཆུང་འབྲིང་འགྲིམས་ཤིང་སྤྱི་ལོ་༢༠༡༠ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དབྱིན་ཡིག་ཆེད་སྦྱོང་འཛིན་གྲྭར་གསར་ཞུགས་བྱས་ཏེ་༢༠༡༣ ལོར་སློབ་མཐར་ཕྱིན། ༢༠༡༡ ལོ་ནས་བཟུང་སློབ་གྲྭའི་སློབ་སྲིད་ཁང་དུ་སྒྲིག་འཛིན་པ་དང་འཛིན་གྲྭ་ནང་ཁུལ་གྱི་ཐ་སྙད་རྩོམ་སྒྲིག་པའི་འགན་བཅས་མཉམ་དུ་ཁུར། སྔ་གཞུག་ཏུ་སློབ་གྲྭ་སྤྱིའི་གསར་བྱུང་ཐ་སྙད་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་བོ་དང་གཉིས་པ་ཐོབ་ཅིང་༢༠༡༢ ལོར་མཐོ་འབྲིང་རིམ་པའི་ཕུལ་བྱུང་སློབ་མ་དང་གསུམ་བཟང་སློབ་མའི་བྱ་དགའ་ཐོབ། ༢༠༡༣ ལོར་མགོ་ལོག་ཁུལ་རྨ་ཆེན་རྫོང་གི་སློབ་གྲྭ་སྤྱིའི་དབྱིན་ཡིག་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་བོ་ཐོབ། ༢༠༡༣ ལོར་སློབ་མཐར་ཕྱིན་རྗེས་ཟི་ལིང་ཁོའོ་ཇེ་མ་(kojima)ཕྱི་སྐད་སློབ་གླིང་ནས་ལོ་གཅིག་ལ་སློབ་གཉེར་བྱས་རྗེས་༢༠༡༤ ལོར་ཕྱིར་མ་ཡུམ་སློབ་གླིང་དུ་ཡོང་ཞིང་ལོ་དེར་རང་སློབ་གྲྭའི་ཕུལ་བྱུང་དགེ་རྒན་གྱི་བྱ་དགའ་ཐོབ་ཅིང་ད་ལྟ་དབྱིན་ཡིག་དང་རྒྱ་ཡིག རྩིས་རིག འཛིན་བདག་དགེ་རྒན་ཡིན།
༢༠༡༥ལོ་ནས་སློབ་གྲྭའི་སློབ་སྟོན་ཁང་གི་འགོ་གཙོའི་འགན་བཞེས།
༢༠༡༩ལོར་སློབ་གྲྭའི་སློབ་སྟོན་སློབ་གཙོ་གཞོན་པར་བསྐོས།