རྒྱ་ལོ་དོན་གྲུབ།
རྩིས་འཕྲུལ་དགེ་རྒན་རྒྱ་ལོ་དོན་གྲུབ་ལགས་ནི་སྤྱི་ལོ་༡༩༦༩ལོར་མཚོ་སྔོན་ལུང་མདོ་(乐都)ནས་སྐྱེས། ༡༩༩༢ལོར་ནན་ཅིན་གནམ་གཤིས་བརྟག་དཔྱོད་སློབ་གྲྭ་ཆེན་མོའི་གནམ་གཤིས་འགུལ་སྐྱོད་ཆེད་གཉེར་ནས་སློབ་མཐར་ཕྱིན། ༡༩༩༦ལོར་མཚོ་སྔོན་གནམ་གཤིས་བརྟག་དཔྱོད་ཅུས་ནས་གནམ་གཤིས་ཞབས་ཞུ་སྔོན་ཐོན་མི་སྣ་ཞེས་པའི་མཚན་སྙན་ཕུལ། ལོ་དེར་ད་དུང་བཟོ་འགོད་པར་བདམས། ༡༩༩༧ལོར་མཚོ་སྔོན་གནམ་གཤིས་བརྟག་དཔྱོད་ཅུས་ཀྱིས་ཕུལ་བྱུང་ན་གཞོན་ཆེད་ལས་ལག་རྩལ་ཅན་དུ་བདམས། དེ་ནས་མགོ་ལོག་ཁུལ་གྱི་གནམ་གཤིས་བརྟག་དཔྱོད་ཁང་གི་འགོ་གཙོར་བསྐོས། ༡༩༩༨ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་རྩིས་འཁོར་དགེ་རྒན་དུ་གདན་དྲངས་པ་དང་ལེན་གནང་སྟེ་ཟླ་འགར་སློབ་ཁྲིད་བྱས།
|