སློབ་སྲིད་སློབ་གཙོ་གཞོན་པ་དགེ་རྒན་གཙུག་ཕུད་ངོ་སྤྲོད་མདོར་བསྡུས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གི་དབུ་ཁྲིད། »སློབ་སྲིད་སློབ་གཙོ་གཞོན་པ་དགེ་རྒན་གཙུག་ཕུད་ངོ་སྤྲོད་མདོར་བསྡ
སློབ་སྲིད་སློབ་གཙོ་གཞོན་པ་དགེ་རྒན་གཙུག་ཕུད་ངོ་སྤྲོད་མདོར་བསྡུས།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-03-26ལྟ་ཀློག (13696)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

         གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་སྲིད་ཁང་གི་འགོ་བ་གཞོན་པ་དགེ་རྒན་གཙུག་ཕུད་རྒྱ་མཚོ་ནི་སྤྱི་ལོ་༡༩༧༨ལོར་རྨ་ལྷོ་རྫོང་ཨ་རིག་གཙང་དཀར་མ་ཞེས་པའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས།  ལོ་བཅུ་གཉིས་སྟེང་ངུར་སྨྲིག་གི་ཞིང་ཁམས་ལ་སྨོན་པ་ཤོར་ནས་གཙང་དགོན་དགའ་ལྡན་དོན་འགྲུབ་རབ་བརྟན་གླིང་དུ་ལྔ་རིག་སྨྲ་བའི་དབང་ཕྱུག་ཆེན་མོ་༧རྗེ་ཆོས་འཕེལ་རྒྱ་མཚོ་མཆོག་གི་མདུན་ནས་རབ་ཏུ་བྱུང་སྟེ་དུས་འཁོར་གྲྭ་ཚང་དུ་ཞུགས།ཕ་ཡུལ་ཁ་བ་རུ་བའི་བདེ་སྡུག་ལ་མིག་ཟུང་གཏད་ནས་རྔུལ་ཆུ་སྟོང་ཕྲག་གི་ཕྲེང་ཐག་དཔྱངས་ནས་ཡུལ་གྱར་བའི་མཚན་བྱང་ཁུར་ཏེ་ཕྱི་ནང་གི་རིག་གནས་ཀུན་ལ་སྦྱངས་པའི་སྐལ་བཟང་ཐོབ། 

        སྤྱི་ལོ་༢༠༠༢ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་པར་མ་ཟད་སློབ་གླིང་དེའི་སྤྱི་གཉེར་ཚོགས་པའི་ཚོགས་གཙོ་དང་།   སྐབས་བརྒྱད་པའི་མཐར་ཕྱིན་འཛིན་གྲྭའི་འཛིན་དཔོན་བྱས་ནས་ཕ་སྐད་གཙང་མ་བཤད་མཁན་རྣམས་ལ་རྒྱལ་ཁའི་དར་ཆ་སྟེར་བའི་སྲོལ་བཟང་བཙུགས།  རྨ་རྒྱལ་མྱུག་གསར་སྤྱིའི་དེབ་གྲངས་གསུམ་པའི་ལག་བསྟར་རྩོམ་སྒྲིག་པའི་འགན་ཁུར།

       སྤྱི་ལོ་༢༠༠༥ལོར་སློབ་གླིང་དེ་ནས་མཐར་ཕྱིན།   བརྩམས་ཆོས་འགའ་རེ་ཕྱི་ནང་གི་དུས་དེབ་དང་ཚགས་པར་སོགས་ཀྱི་སྟེང་དུ་བཀོད་མྱོང་།   ད་སྐབས་སློབ་གླིང་དེ་ན་དགེ་རྒན་དང་སློབ་སྲིད་ཁང་གི་འགོ་བ་གཞོན་པའི་འགན་ཁུར་ཡོད་པར་མ་ཟད།  བསྟུད་མར་ལོ་བཞི་ལ་ཕུལ་བྱུང་དགེ་རྒན་གྱི་བྱ་དགའ་ཐོབ།

      སྤྱི་ལོ༢༠༡༥ལོ་ནས་ཤེས་རིག་སློབ་གླིང་གི་སློབ་སྲིད་ཁང་གི་འགོ་གཙོའི་འགན་བཞེས།

      སྤྱི་ལོ་༢༠༡༩ལོར་སློབ་གྲྭའི་སློབ་སྲིད་སློབ་གཙོ་གཞོན་པར་བསྐོས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། gd5j བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23501714
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།