དགེ་རྒན་ཀརྨ་ལམ་བཟང་ནི་སྤྱི་ལོ་༢༠༠༠ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་མཐར་ཕྱིན་ཅིང་ལོ་དུ་མར་གསུམ་བཟང་སློབ་མའི་བྱ་དགའ་ཐོབ་མྱོང་། སློབ་མཐར་ཕྱིན་རྗེས་འཛིན་གྲོགས་རྣམས་དང་ལྷན་དུ་མཚོ་ལྷོའི་འཕྲོད་བསྟེན་སློབ་གྲྭའི་བོད་སྨན་འཛིན་གྲྭར་སློབ་སྦྱོང་བྱས་ཤིང་༢༠༠༢ལོར་གསུམ་བཟང་སློབ་མའི་མཚན་སྙན་དང་བཅས་སློབ་མཐར་ཕྱིན།
དེ་ནས་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དུ་ཞུགས་ཤིང་དེར་ཕུལ་བྱུང་འཛིན་དཔོན་གྱི་བྱ་དགའ་ཐོབ་ཅིང་༢༠༠༥ལོར་སློབ་མཐར་ཕྱིན།
༢༠༠༥ལོའི་ཟླ་བཅུ་བ་ནས་བཟུང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་བོད་ལུགས་གསོ་བ་རིག་པ་དང་སུམ་རྟགས་སོགས་རིག་གནས་སློབ་ཁྲིད་ཀྱི་དགེ་རྒན་དང་། སློབ་གླིང་སྨན་རྩིས་ཁང་གི་ལས་འགན་གཙོ་བོར་ཁུར། སྔ་ཕྱིར་ཕུལ་བྱུང་འཛིན་བདག་དགེ་རྒན་དང་། འཇིགས་མེད་ཀུན་སྤྱོད་བྱ་དགའ་སོགས་མང་དུ་ཐོབ་མྱོང་། ལས་ཞོར་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་དམར་ཁྲིད་དང་། གཞན་ཡང་མདོ་དབུས་ཁམས་གསུམ་གྱི་གསོ་རིག་མཁས་ཆེན་དུ་མའི་མདུན་དུ་བཅར་ནས་གསོ་རིག་སྐོར་གྱི་དབང་ལུང་དང་ལག་ལེན་མན་ངག་མང་བོ་ཐོབ་མྱོང་།
|