སློབ་གཙོ་གཞོན་པ་ལྡོང་ཡོན་ཏན་རྒྱ་མཚོ།
  ༄༅། །ངེད་དྲ་བར་ཕེབས་པར་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 19 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གི་དབུ་ཁྲིད། »སློབ་གཙོ་གཞོན་པ་ལྡོང་ཡོན་ཏན་རྒྱ་མཚོ།
སློབ་གཙོ་གཞོན་པ་ལྡོང་ཡོན་ཏན་རྒྱ་མཚོ།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-03-25ལྟ་ཀློག (12981)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


       ༄༅། །གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་རྐང་འཛིན་དགེ་རྒན་དང་སློབ་གཙོ་གཞོན་པ་སྟེ།  དེང་རབས་བོད་ཀྱི་གྲྭ་བཙུན་སློབ་གསོ་བ་དང་རྩོམ་པ་བོ་གྲགས་ཅན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ནི།  ༡༩༧༤ ལོར་སི་ཁྲོན་རྔ་བར་སྐྱེས། སློབ་ཆུང་མཐར་ཕྱིན་རྗེས་རབ་ཏུ་བྱུང་སྟེ་སྒོ་མང་དགོན་ཆེན་གྱི་ཚོགས་གྲལ་དུ་ཞུགས། ལོ་བཅུ་ཕྲག་ལྷག་ལ་ཚོགས་དང་ཆོས་གྲྭར་ཆད་མེད་དུ་ཕེབས། གསང་བདེ་འཇིགས་གསུམ་སོགས་དགོན་པའི་ཚོགས་འདོན་དང་བཅའ་བཟོ།  ཐིག་རྡུལ་ཚོན།   དབྱངས་བར་རྟ་སོགས་ཞིབ་རྒྱས་སུ་བསླབས་རྗེས་སློབ་དཔོན་ཆེན་མོ་དམུ་དགེ་བསམ་གཏན་སོཊ་བཤེས་མཁས་པ་མང་དུ་བསྟེན་ནས་མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་གཞུང་ལུགས་དུ་མར་སློབ་གཉེར་གཤའ་མ་བྱས། དགེ་འདུན་པ་སྟོང་ཕྲག་གཉིས་ལ་ཉེ་བའི་དབུས་སུ་བྱང་ཆུབ་ལམ་རིམ་ཆེན་མོ་ཡོངས་རྫོགས་བློ་རྒྱུགས་སུ་ཕུལ་བས་ཨང་དང་བོའི་གསེར་གྱི་རྟགས་མ་ཐོབ།

       སྤྱི་ལོ་༡༩༩༣ལོ་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་རྩིས་རམས་པ་རྗེ་བསམ་འགྲུབ་རྒྱ་མཚོ་སོགས་ངེས་དོན་དྲན་དབང་དུ་མའི་སྤྱན་སྔར་སྒྲ་དང་ཚད་མ།   ནང་དོན་རིག་པ། རྩིས་དཀར་ནག་སོགས་ལ་སྦྱངས་ཤིང་དབང་ལུང་མན་ངག་གི་སྐོར་མང་དུ་གསན།    སྤྱི་ལོ་༡༩༩༥ལོ་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ཆེན་མོའི་དགེ་རྒན་དུ་གདན་འདྲེན་ཞུས་པ་བཞིན་ཕེབས་ཏེ་ད་བར་དུ་འཆད་ཁྲིད་ཀྱི་ལས་ཁོ་ན་གཉེར་བས་ཀུན་སྤྱོད་ལེགས་ལ་ཤེས་རིག་གིས་ཕྱུག་པའི་བུ་སློབ་སྟོང་ཕྲག་ལྷག་བསྐྱེད་བསྲིངས་བྱས།   ད་ལྟ་སློབ་གླིང་དེའི་རྐང་འཛིན་དགེ་རྒན་དང་སློབ་གཙོ་གཞོན་པའི་འགན་བཞེས་ཡོད། དབྱར་དགུན་གྱི་ངལ་གསོའི་སྐབས་སུ་དགོན་སྡེ་བཅུ་ཕྲག་ཙམ་ལ་འཆད་ཁྲིད་དུ་ཕེབས་ཤིང་གཅིག་སྒྲིལ་རྫོང་ཁང་སར་དགོན་དང་ཁྱུང་མཆུ་རྫོང་ཁང་དམར་དགོན་གཉིས་ལ་ལོ་ལྟར་ཆད་མེད་དུ་དཔེ་ཁྲིད་གནང་བཞིན་ཡོད།

        སྤྱི་ལོ་༡༩༩༥ལོ་ནས་ཁོང་དང་གྲྭ་བཙུན་སྙན་ངག་པ་ཨར་མའི་དགའ་བ་རྒྱ་མཚོ་སོགས་ཀྱིས་བོད་ཀྱི་སྒེར་གཉེར་དུས་དེབ་ཐོག་མ་གུར་ཀུམ་ཆུན་པོ་ཞེས་པའི་ལོ་དེབ་ཅིག་གསར་སྤེལ་གནང་སྟེ་རྩོམ་པ་བོ་སྟོང་ཕྲག་ལྷག་ཅིག་གི་རྩོམ་ཡིག་ཆེད་བཀོད་དང་གསར་སྐྱེས་སྨྱུག་ཐོགས་པ་དུ་མ་བསྐྱེད་བསྲིངས་བྱས་པས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་བཞག སྤྱི་ལོ་༢༠༠༤ལོར་རྔ་བ་ཁུལ་ནས་མཁས་དབང་དམུ་དགེ་རིན་པོ་ཆེའི་རྗེས་དྲན་དང་འབྲེལ་ཏེ་གུར་ཀུམ་ཆུན་པོའི་རྩོམ་རིག་བྱ་དགའི་ཚོགས་ཆེན་དུ་ཞིང་ཆེན་སོ་སོ་ནས་མི་སྣ་ལྔ་བརྒྱ་ཙམ་བསྡུས་ཏེ་བོད་ཀྱི་རྩོམ་རིག་བགྲོ་གླེང་གི་ཐད་ཞབས་ཕྱི་དྲོན་མོ་ཞིག་བསྒྲུབས།

      མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་སོགས་བོད་ཁུལ་གྱི་སློབ་གྲྭ་ཆེས་མང་བོ་དང་བརྙན་འཕྲིན་ཁང་དང་རྒྱང་བསྒྲགས་ཁང་དག་གིས་གདན་འདྲེན་ཞུས་པ་བཞིན་ཉེ་བར་མཁོ་ཞིང་དུས་སུ་བབས་པའི་འཆད་ཁྲིད་ཡང་ཡང་གནང་བས་དགེ་སློབ་དང་ཉན་མཁན་གཞན་དག་གི་དགའ་བསུ་ཚད་མེད་ཐོབ། སྔ་ཕྱིར་ཤེས་རིག་ནོར་བུའི་སློབ་གླིང་ནས་བོད་ཡིག་རྐང་འཛིན་དགེ་རྒན་གྱི་འཛིན་གྲྭ་ཐེངས་བཞིར་བསྒྲུབས་པར་འཆད་ཁྲིད་དགེ་རྒན་གྱི་འགན་ཁུར་ཞིང་སྤྱི་ལོ་༢༠༠༧ལོར་ཕ་ཡུལ་རྔ་བ་ནས་གཟའ་འཁོར་གཉིས་ཙམ་ལ་དགེ་རྒན་གསོ་སྦྱོང་འཛིན་གྲྭ་ཞིག་བསྒྲུབས་ པར་དགེ་སློབ་བཞི་བརྒྱ་ལྷག་འཆད་ཁྲིད་ལ་ཞུགས་པས་རྔ་བའི་སློབ་གསོར་ཕན་འབྲས་བླ་མེད་ཐོན་ཞེས་ཀུན་གྱིས་གླེང་བཞིན་ཡོད། ད་བར་དུ་སློབ་གྲྭ་དང་དགོན་སྡེ།   རྫོང་དང་སྡེ་བ་སོགས་བརྒྱ་ཕྲག་ལྷག་ཅིག་གིས་གདན་འདྲེན་ལྟར་དུས་ཐུང་འཆད་ཁྲིད་ལ་ཕེབས་པས་མིག་མཐོང་ལག་ཟིན་གྱི་ཕན་བསྐྱེད་ཐོབ་ཅེས་སྤྱི་ཚོགས་ཁྲོད་ན་གླེང་།

         བརྩམས་ཆོས་ཀྱི་སྐོར་ལ་སྙན་རྩོམ་ལེགས་བཏུས་དུས་རབས་ཉེར་གཅིག་པའི་སྙིང་གཏམ་དང་།   རྔ་ཡུལ་སྒོ་མང་དགོན་གྱི་གདན་རབས་ཆེན་མོ།  ཤིང་བཟའ་པཎ་ཆེན་གྱི་རྟོགས་བརྗོད།  མཛོད་དགེ་གླིང་བ་དགོན་གྲོང་གི་ལོ་རྒྱུས་རྒྱས་པ།(གཞན་དང་ལྷན་དུ་བྲིས།)སུམ་རྟགས་དག་གསུམ་གྱི་ཁྲིད་ཐབས་དང་ཁྱད་ཆོས་ལས་འཕྲོས་ཏེ་བོད་ཀྱི་སྤྱི་སྐད་གླེང་བ། ལྷུག་རྩོམ་སྐད་ཆའི་ལང་ཚོ།  བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས་ཀྱི་ཟུར་འདེབས་སྟོང་ཐུན་ངག་གི་ལྡེ་མིག   སྙན་འགྲེལ་ཡང་གསལ་སྣང་མཛོད་ཀྱི་ཟུར་རྒྱན་ངག་རིག་སྒྱུ་འཕྲུལ་འགུགས་པའི་ལྕགས་ཀྱུ།   བཅོས་མིན་སེམས་ཀྱི་འཕར་སྒྲ།   ཤར་འོད་དགོན་གྱི་གདན་རབས།    བོད་ཆེན་པོའི་རྒྱལ་རབས་དེབ་ཐེར་དཀར་བོའི་མཆན་འགྲེལ་དཔྱོད་ལྡན་སྨྲ་བའི་འབབ་སྟེགས། བོད་ཀྱི་སྐར་རྩིས་རིག་པའི་བྱུང་འཕེལ།   སྐར་རྩིས་ཀུན་འདུས་ནོར་བུའི་སྔོན་འགྲོའི་འགྲེལ་བ། སྙན་རྩོམ་མུ་ཏིག་སུམ་བརྒྱ་བ། ནག་རྩིས་ལས་སྔོན་འགྲོའི་སྐོར་གསལ་བར་བཤད་པ་བཅས་པོད་བཅུ་ལྷག་དཔར་བསྐྲུན་བྱས་ཟིན་ཅིང་།   ཡང་དག་པའི་སློབ་གསོ།   མངོན་བརྗོད་ཀྱི་གཞུང་དང་དེའི་རང་འགྲེལ།    ལྷ་ལས་ཕུལ་བྱུང་གི་འགྲེལ་བ།   བཤེས་སྤྲིངས་རྒྱས་བཤད་སོགས་པོད་བཅུ་ཕྲག་ལྷག་ད་དུང་དཔར་བསྐྲུན་བྱེད་རྒྱུར་ལྷག་ཡོད།  གཞན་དཔྱད་རྩོམ་དང་སྙན་རྩོམ།  ལྷུག་རྩོམ།  འཁྲབ་གཞུང་།   སྤྱི་ཚོགས་གླེང་བརྗོད་སོགས་རྩོམ་ཡིག་སྟོང་ཕྲག་ལྷག་ཅིག་བྲིས་པ་ལས་འགའ་རེ་ཡིག་རིགས་གཞན་དུའང་བསྒྱུར་ཡོད།   ཁོང་གིས་རྩོམ་སྒྲིག་བྱས་པའི་དཔེ་ཆ་བཅུ་ཕྲག་ལྷག་མཆིས།

         རྒྱལ་ཡོངས་ཐེངས་གཉིས་པའི་གངས་རྒྱན་རྟགས་མའི་རྩོམ་ཡིག་གསར་རྩོམ་གྱི་གསེར་གྱི་རྟགས་མ་དང་། ཕུལ་བྱུང་དགེ་རྒན། ཕུལ་བྱུང་རྩོམ་པ་བོ་སོགས་ཞིང་ཆེན་དང་ཁུལ་རིམ་པའི་བྱ་དགའ་ཆེ་ཆུང་བཅུ་ཕྲག་ལྷག་ཙམ་ཐོབ་མྱོང་།

       ད་ལྟའང་སྔར་བཞིན་མི་རིགས་སློབ་གསོའི་བྱ་བཞག་དང་རྩོམ་རིག་འཕེལ་རྒྱས་སོགས་ཀྱི་ཆེད་དུ་ཐུགས་བྲེལ་ཤིན་ཏུ་ཆེ་ནའང་ཀློག་པ་བོ་དག་གི་སེམས་ཀྱི་གསོས་སྨན་དུ་འགྱུར་བའི་རྩོམ་ཡིག་སྣ་ཚོགས་ཆད་མེད་དུ་སྤེལ་བཞིན་ཡོད་དོ། །



དྲ་རྒྱ་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། འོད་ཟེར་བཟང་བོ། སྦྲ་ནག་འཇིགས་མེད་རྡོ་རྗེ། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 11 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 1xp4 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  སློབ་གཙོ་གཞོན་པ་ལྡོང་ཡོན་ཏན་རྒྱ་མཚོ།   སྤེལ་མཁན།: མར་མེ། སྤེལ་དུས:2018/11/1
ཁྱེད་ཀྱི་སྐུ་ཚེ་རྒྱལ་མཚན་བརྟན་པའི་སྨོན།
  སློབ་གཙོ་གཞོན་པ་ལྡོང་ཡོན་ཏན་རྒྱ་མཚོ།   སྤེལ་མཁན།: སེམས། སྤེལ་དུས:2018/5/26
དྲིན་ཆེན་དྲིན་དུ་མི་གོ་ཡིད་རེ་སྐྱོ།། དྲིན་ལན་ལོག་འཇལ་བྱས་པ་དེ་བས་སྐྱོ།། འུག་པ་རྒན་པོས་ཉི་འོད་སྡིང་པ་བཞིན།། ཐ་ཤལ་སྐྱེ་བོའི་ཚོགས་རྣམས་སྙིང་རེ་རྗེ།། སྨྲ་བའི་ཁྱུ་མཆོག་ལྡོང་གི་མིང་འཛིན་པ།། ངལ་བ་མེད་པར་འགྲོ་བའི་དོན་དུ་རྒྱུག ། ཁྱེད་ནི་གངས་ཅན་བོད་ལ་དྲིན་ཆེ་པས།། སྙིང་ནས་གུས་པར་འདུད་དོ་ཐུགས་རྗེ་ཆེ།།
  སློབ་གཙོ་གཞོན་པ་ལྡོང་ཡོན་ཏན་རྒྱ་མཚོ།   སྤེལ་མཁན།: འཚོལ་སྙེག སྤེལ་དུས:2018/5/26
ཁྱེད་ཀྱི་ལ་སྤོབས་དང་སྨྲ་ལྕེས་གངས་རིའི་ཚེ་སྲོག་ལ་གཟི་བརྗིད་བསྐྲུན་པར་མངོན་པར་བསྟོད་ནས་ཡོད། བཀའ་དྲིན་ཆེ། སྐུ་ཚེ་བརྟན།
  སློབ་གཙོ་གཞོན་པ་ལྡོང་ཡོན་ཏན་རྒྱ་མཚོ།   སྤེལ་མཁན།: མགོན་པོ་སྐྱབས་ནས། སྤེལ་དུས:2017/7/18
བཀའ་དྲིན་ཆེ་སོང་།
  སློབ་གཙོ་གཞོན་པ་ལྡོང་ཡོན་ཏན་རྒྱ་མཚོ།   སྤེལ་མཁན།: གཅན་ཙག་སྒྲ། སྤེལ་དུས:2017/4/2
ངོ་མ་བཀའ་དྲིན་ཆེ། ཁོང་གི་གསུང་ཚིག་རེ་རེ་ལ་དུས་རབས་ཀྱི་ཁྱད་ཆོས་དང་བསམ་བློའི་རིན་ཐང་ལྡན་པར་མ་ཟད། མི་རིགས་ཀྱི་འདུ་ཤེས་དང་འགན་འཁྲི་བསམ་བློས་ཡོངས་སུ་ཕྱུག་འདུག་གོ།། ཆང་དང་ཐ་མག་གི་དྲི་མ་མི་དྲོ་ཞིང་།། ཨ་ཕའི་ཁ་ཕོར་ལ་གཅིན་སྐྱག་མི་གཏོང་བར།། མེས་པོའི་དྭངས་གཙང་གི་སེམས་པའི་བཞུད་ཤུལ་དུ།། དེང་རབས་རྐང་འགྲོས་ཀྱིས་བསྐྱོད་པ་ཁྱེྱེད་རང་ཙམ།།
  སློབ་གཙོ་གཞོན་པ་ལྡོང་ཡོན་ཏན་རྒྱ་མཚོ།   སྤེལ་མཁན།: ཁབ། སྤེལ་དུས:2017/1/3
མི་རིགས་དཔའ་བོ། ཆེས་གཞི་རིམ་ན་ཡོད་པའི་མི་དམངས་ཀྱི་སྒྲོན་མེ། གུཔས་འདུད་དོ།།སྐུ་ཚེ་བརྟན།
  སློབ་གཙོ་གཞོན་པ་ལྡོང་ཡོན་ཏན་རྒྱ་མཚོ།   སྤེལ་མཁན།: ཁུར་ལེན་པ། སྤེལ་དུས:2016/11/7
མི་མང་ལ་སྨན་པའི་སློབ་གསོ་མང་པོ་གནང་དང་གནང་བཞིན་ཡོད་པས་བཀའ་དྲིན་ཆེ།
  སློབ་གཙོ་གཞོན་པ་ལྡོང་ཡོན་ཏན་རྒྱ་མཚོ།   སྤེལ་མཁན།: ཁྲག་མིག སྤེལ་དུས:2016/11/4
སྨྲ་བའི་ཁྱུ་མཆོག་ཁྱེད་ལ་ཕྱག་འཚལ་ལོ། ་་་སྐུ་ཚེ་རྒྱལ་མཚན་བརྟན་པའི་སྨོན་ལམ་འདེབས།།
  སློབ་གཙོ་གཞོན་པ་ལྡོང་ཡོན་ཏན་རྒྱ་མཚོ།   སྤེལ་མཁན།: བབབ སྤེལ་དུས:2016/9/28
འབྲོག་པ་དང་ཞིང་བ་ཁོ་ནའི་དགེ་བཤེས་སུ་བསྙད་པའི་ལྡོང་ཡོན། ཕྱུག་པོ་དང་དཔོན་ལ་གུས་ཕྱག་འདུད་པའི་ལྡོང་ཡོན། མྱི་གཞིའི་རྩིས་ཐང་ལ་རྡོག་བརྫིས་གཏོང་བའི་ལྡོང་ཡོན།
  སློབ་གཙོ་གཞོན་པ་ལྡོང་ཡོན་ཏན་རྒྱ་མཚོ།   སྤེལ་མཁན།: ལུག སྤེལ་དུས:2016/8/26
ངའི་ཕ་ཡུལ་དུ་ཡོང་ནས་རྫུན་མི་ལབ་རོགས།
prednisolone 20 mg posologie waltersgarage.com prednisolone 20 mg posologie
  པར་ངོས1/2 པར་ཡོད།  འོག་མ།  པར་ངོས་ཐ་མ།
ལྟ་ཀློག་གྲངས་ཀ
5784783
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:www.jmjzjy@126.com
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།
网站备案号:青ICP备15000002号 青公网安备 63262102000011号