སློབ་དོན་ཁང་ངོ་སྤྲོད།
སློབ་དོན་ཁང་གིས་སློབ་དཔོན་རྣམས་ལ་རམ་འདེགས་བྱས་ནས་སློབ་གྲྭའི་སློབ་གསོ་དང་། སློབ་ཁྲིད་ལས་དོན་གྱི་འཆར་གཞི་ལག་བསྟར་བྱེད་པ། སློབ་གྲྭའི་སློབ་གསོ་དང་ལས་དོན་ལ་ལྟ་ཞིབ་དང་སྤྱི་སྡོམ་བྱེད་པ། སློབ་དཔྱོད་ཁང་དང་འཛིན་བདག་དགེ་རྒན་གྱི་ལས་དོན་འཆར་གཞི་ལ་ལྟ་ཞིབ་བྱེད་པ། སློབ་ཁྲིད་ལས་དོན་གྱི་དོ་དམ་རྩ་འཛུགས་བྱེད་པ། ལས་རིགས་དགེ་རྒན་གྱིས་སློབ་ཁྲིད་རྩ་དོན་དང་སློབ་ཁྲིད་འཆར་གཞིའི་གནས་ཚུལ་ལག་ལེན་མཐར་ཕྱིན་བྱས་ནས་གཙོ་སྐྱོང་བྱེད་པ། སློབ་ཁྲིད་སྤུས་ཀ་མཐོར་འདེགས་བྱེད་པ་གཙོ་བོར་བཟུང་ནས་སློབ་ཁྲིད་སྣ་ཚོགས་དང་། སློབ་ཁྲིད་ཞིབ་དཔྱོད། དགེ་རྒན་དང་སློབ་ཨུ་ཚོགས་པ་ལ་རོགས་རམ་བྱས་ནས་སློབ་མ་རྣམས་ལ་སློབ་གསོ་གཏོང་བ་དང་། དམིགས་ཡུལ་ཡོད་པའི་སྒོ་ནས་སློབ་གསོའི་བྱེད་སྒོ་སྤེལ་བ། འཛིན་བདག་དགེ་རྒན་གྱི་ལས་དོན་ལ་ལྟ་ཞིབ་བྱེད་པ། སློབ་མ་རྣམས་ལ་ངལ་རྩོལ་སློབ་གསོ་བྱེད་པ། སློབ་གྲྭའི་སློབ་གསོའི་བྱེད་སྒོ་དང་ཁྱིམ་བདག་ཚོགས་འདུ་རྩ་འཛུགས་བྱེད་པ། སློབ་མའི་ལུས་རྩལ་དང་གཙང་སྦྲ། མང་ཚོགས་རང་བཞིན་གྱི་ལུས་རྩལ་འཛིན་སྐྱོང་བྱེད་པ། གཙང་སྦྲའི་བདེ་ཐང་ལས་དོན་བཟང་བོར་འཛིན་པ། དགེ་སློབ་ཀྱི་ལུས་སེམས་བདེ་ཐང་ལ་སེམས་ཁུར་བྱེད་པ། འབྲེལ་ཡོད་མི་སྣ་ལ་སྣེ་ཁྲིད་དང་རྩ་འཛུགས་བྱས་ནས་སློབ་མ་སྡུད་པ། འཛིན་གྲྭ་བཀོད་སྒྲིག སློབ་གྲྭའི་སྐྱིད་སྡུག་ལ་དོ་དམ་བྱེད་པ། སློབ་མའི་བརྩོན་པ་དང་བྱས་རྗེས་ལ་རྟོག་ཞིབ་བྱེད་པ། སློབ་ཁྲིད་བཀོད་སྒྲིག་རེའུ་མིག་དང་ཡིག་ཆ་དཔར་བ། ད་དུང་ཡིག་ཚགས་ཁང་། དཔེ་མཛོད་ཁང་། དངོས་གཤེར་ཁང་། གློག་ཁྲིད་ཁང་བཅས་ཀྱི་འབྲེལ་ཡོད་ལས་དོན་དམ་པོར་འཛིན་པ། སློབ་སྐབས་རེ་ལ་སློབ་ཁྲིད་ལས་དོན་དང་། བསམ་བློ། ཆབ་སྲིད་སློབ་གསོའི་ལས་དོན། ལུ་རྩལ། གཙང་སྦྲའི་ལས་དོན་དག་ལ་དཔེ་ཐོག་ནས་སྤྱི་བསྡོམས་ཐེངས་གཅིག་བྱེད་པ་དང་། དགེ་རྒན་རྣམས་ཀྱི་སློབ་གསོའི་སྤྱི་སྡོམ་དང་། སློབ་ཁྲིད་ཉམས་མྱོང་ཡར་ཞུ་བྱེད་པ། རྩ་འཛུགས་བྱེད་པ། ཧུར་བརྩོན་གྱིས་སློབ་འཇུག་དང་ལོ་མཇུག་གི་ཕུལ་བྱུང་མི་སྣར་གཟེངས་རྟགས་འབུལ་བ་སོགས་སྐབས་བབས་ཀྱི་འོས་འགན་གང་ཡིན་འཐུས་ཤོར་མེད་པར་ལག་བསྟར་ཚུལ་བཞིན་བྱེད་ཀྱིན་ཡོད་དོ། །
|