རྒྱུན་ལས་སློབ་གཙོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 16 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གི་དབུ་ཁྲིད། »རྒྱུན་ལས་སློབ་གཙོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག
རྒྱུན་ལས་སློབ་གཙོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-03-24ལྟ་ཀློག (31521)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་རྒྱུན་ལས་སློབ་གཙོ་དང་ནུབ་བྱང་

མི་རིགས་སློབ་གྲྭ་ཆེན་མོའི་གདན་ཞུས་སློབ་དཔོན་ཆེན་མོ།


        བཛྲ་ཚུལ་ཁྲིམས་མཆོག་ནི་མདོ་སྨད་བསྟན་པའི་འབྱུང་གནས་དཔལ་ལྡན་བཀྲ་ཤིས་གཡས་སུ་འཁྱིལ་བའི་ཆོས་སྡེ་ཆེན་པོའི་ཤར་ཕྱོགས།   ས་ལ་དགེ་བཅུ་ཚང་བའི་ཡུལ་ཕྱོགས་མཛོད་དགེ་རུ་སྟོད་མ་ཞེས་པའི་སར་སྤྱི་ལོ་༡༩༦༥ ལོའི་དབོ་ཟླ་བའི་དམར་ཕྱོགས་རྒྱལ་བ་གཉིས་པའི་ཉིན་སྐུ་འཁྲུངས།   གཞོན་ནུ་ཉིད་ནས་ཐོས་པ་འཚོལ་བའི་འདུན་པ་འགོག་མེད་ཅིག་མངའ་བས་སློབ་གྲྭ་ཆུང་འབྲིང་རིམ་པར་བརྒྱུད།   སྐབས་དེར་ཁོང་ཕེབས་སའི་སློབ་གྲྭ་དེ་དག་ཏུ་སྦྱང་བྱ་ཡོད་ཚད་རྒྱ་ཡིག་ཡིན་གཤིས།   ཁོང་ལྟ་བུའི་འབྲོག་ཕྲུག་རྣལ་མ་ཞིག་ལ་མཚོན་ན་དཀའ་ངལ་མི་ཉུང་བར་འཕྲད་མྱོང་བ་ནི་སྨོས་མ་དགོས་མོད།  འོན་ཀྱང་ཟླ་མེད་ཀྱི་རྣམ་དཔྱོད་དང་ལྷོད་མེད་ཀྱི་བརྩོན་པ་ཟུང་དུ་སྦྲེལ་བས་དཀའ་ཁག་ཀུན་ལས་རྒྱལ་ཞིང་དགེ་སློབ་ཡོངས་ཀྱི་བསྔགས་ཡུལ་དུ་གྱུར།

       སྤྱི་ལོ་༡༩༨༠ལོར་དལ་འབྱོར་ལ་སྙིང་བོ་འཚོལ་ཕྱིར་བཤད་སྒྲུབ་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་འདུལ་བ་འཛིན་པའི་ཁྱུ་མཆོག་འཕགས་པ་ཉེ་བར་འཁོར་གཉིས་པ་རྗེ་དགེ་འདུན་རྒྱ་མཚོའི་སྤྱན་སྔར་རབ་ཏུ་བྱུང་སྟེ་རྨད་བྱུང་ཐོས་བསམ་གླིང་གི་ཚོགས་གྲལ་དུ་ཞུགས།   ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་དགེ་འདུན་རྒྱ་མཚོ།  གནས་ལྔ་རིག་པའི་པཎ་ཆེན་རྗེ་དམུ་དགེ་བསམ་གཏན་ཚང་།  སྨད་སོག་བཛྲ་ཚང་།   བཤེས་གཉེན་ཆེན་པོ་རྗེ་འཇམ་དབྱངས་རྒྱ་མཚོ།  ཁྲི་ཆེན་གུང་ཐང་སྐུ་འཕྲེང་བདུན་པའི་ཡོངས་འཛིན་རྗེ་འཇིགས་མེད་དཔལ་ལྡན་ཚང་སོགས་དམ་པ་མང་བོ་བསམ་སྦྱོར་རྣམ་པར་དག་པས་ཚུལ་བཞིན་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པ་ལེགས་པར་སྦྱངས།

      སྤྱི་ལོ་༡༩༨༥ལོར་ཀན་སུའུ་ནང་བསྟན་སློབ་གླིང་དུ་ཞུགས་ཤིང་ལོ་ལྔའི་རིང་ལ་ཕར་ཕྱིན་དང་དབུ་ཚད་འདུལ་མཛོད་ཀྱིས་མཚོན་པའི་མཚན་ཉིད་ཀྱི་སྐོར་དང་།   གཞན་ཡང་ཐ་སྙད་རིག་གནས་དང་། ལོ་རྒྱུས། ཆབ་སྲིད།   རྒྱ་ཡིག་སོགས་ལ་ལེགས་པར་སྦྱངས་ནས་མཐར་ཕྱིན་ཆེད་རྩོམ་ལ་༼རྟོགས་བརྗོད་འདུན་ལེགས་མའི་འགྲེལ་བ་དད་པའི་དྲི་གསུང་འཐུལ་བའི་རྫིང་བུ་༽བྲིས་པར་དགེ་བའི་བཤེས་གཉེན་རྣམས་ཀྱིས་བསྟོད་བསྔགས་ཆེས་ཆེར་གནང་ཞིང་སློབ་གྲྭ་ཆེན་མོའི་མཐར་ཕྱིན་དཔང་རྟགས་བཞེས།  དེ་ནས་སླར་ཡང་ཆོས་གྲྭར་འགྲིམས་ཤིང་མཁས་མང་ལི་ཁྲིའི་ཆུ་གཏེར་མཁའ་ལ་འཕྱོ་བའི་དབུས་སུ་ཕར་ཕྱིན་དམ་བཅའ་བཞག

     སྤྱི་ལོ་༡༩༩༢ལོར་སླར་ཡང་ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་ཞུགས་ཤིང་ལོ་གསུམ་གྱི་རིང་ལ་རིག་གནས་སྤྱི་དང་ཁྱད་པར་དུ་སྒྲ་ཀཱ་ཙན་དབྱངས་གསུམ་ལ་སྦྱངས་པས་ནང་བསྟན་སྒྲ་རིག་ཆེད་སྦྱོང་གི་འཛིན་ཡིག་ཐོབ།  ཆེད་རྩོམ་ལ་༼སྒྲ་རིག་དར་སྤེལ་དང་བརྒྱུད་འཛིན་བྱེད་པར་བསྐུལ་བའི་ཅོང་སྒྲ༽ ཞེས་པ་བྲིས།   དེ་ནས་གྲོང་ཁྱེར་གྱི་འཚོ་བ་སོགས་ལ་ཐུགས་མ་ཞེན་པར་མདོ་སྔགས་ཀྱི་གཞུང་ལ་སྔར་བས་ཐོས་བསམ་གཏིང་ཟབ་མོ་ཞིག་བགྱི་འདུན་གྱིས་སླར་ཡང་བཀྲ་ཤིས་འཁྱིལ་དུ་ཕེབས།  ཡིན་ནའང་མདོ་སྨད་བསྟན་པའི་མངའ་བདག༧ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་དང་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ཁྲི་ཆེན་གུང་ཐང་བསྟན་པའི་དབང་ཕྱུག་རྣམ་གཉིས་ཀྱིས་བཀའ་ནན་སྤྱི་བོར་བསྩལ་བའི་ངོ་མ་བཟློག་པར་རང་ཁོ་ནའི་ཐོས་བསམ་གྱི་བྱ་བ་ཅམ་གྱིས་བཞག་སྟེ་སྤྱི་ལོ་༡༩༩༥ནས་བཟུང་ད་ལྟའི་བར་མི་ལོ་བཅུ་ཕྲག་གཉིས་ལ་ཉེ་བའི་རིང་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་དུ་ཕེབས་ཤིང་མཚན་ཉིད་དང་ཐུན་མོང་རིག་གནས་སྐོར་སོགས་དཔེ་ཁྲིད་རྒྱུན་མ་ཆད་པར་གནང་སྟེ་སློབ་བུ་བརྒྱ་ཕྲག་མང་བོ་བསྐྱངས་དང་སྐྱོང་བཞིན་ཡོད་དོ།  །

     སློབ་གླིང་འདི་ཉིད་རྨང་བཙུགས་མ་ཐག་པའི་སྐབས་སུ་དགེ་རྒན་གྱིས་དཀའ་ངལ་ཡོད་གཤིས།  དབྱིན་ཡིག་དང་རྒྱ་ཡིག་གི་དགེ་རྒན་གྱི་འགན་ཡང་བཞེས།  དེ་ལྟར་མི་ལོ་མང་བོའི་བར་དུ་དཔེ་ཁྲིད་ཀྱི་བགྱི་བ་ཁོ་ནར་བྲེལ་ཆེ་བས་སྐུ་བསྙུང་བཞེས་ཏེ་སྐྱེ་བོ་ཕལ་བ་རྣམས་ཉི་མ་འགར་ཡང་བཟོད་པར་དཀའ་བའི་ཚོད་དུ་ལྷུང་ན་ཡང་ཁོང་གི་ལྷག་བསམ་ལ་འགྱུར་བ་དང་དམ་བཅའ་ལ་ཞུམ་པ་མེད་པར་སྔར་བཞིན་དཔེ་ཁྲིད་སྣ་མང་ལ་རྒྱུན་ཕེབས་གནང་བར་མ་ཟད་ད་དུང་མི་རིགས་སློབ་གསོའི་ལས་དོན་ལའང་ཐུགས་འགན་བཞེས་མུས་སོ། །

        ཁོང་གིས་རྟག་ཏུ་གསུང་རྒྱུར་༼ང་ནི་རིག་གནས་མདོ་སྔགས་ཀུན་ལ་ནང་བྱན་ཆུད་པའི་དགེ་བའི་བཤེས་གཉེན་ཞིག་མིན་རུང་།   སྐྱབས་གསུམ་ལ་མོས་པ་བརྟན་པའི་ཆོས་ལུགས་པ་ཞིག་ཡིན་པས་བསྟན་འགྲོའི་དོན་དུ་ལུས་ངག་ཡིད་གསུམ་ཕུལ་ཟིན་པ་ཡིན།༽ཞེས་དང་།  ཡང་༼ང་ལ་ཡོན་ཏན་དང་ནུས་པ་ཆེས་ཆེར་མེད་ཀྱང་བཤེས་གཉེན་དམ་པ་རྣམས་ཀྱི་བཀའ་དྲིན་ལས་ཅུང་ཟད་ཤེས་པ་དེའང་ནང་བསྟན་བརྒྱུད་འཛིན་དང་མི་རིགས་སློབ་གསོའི་བྱ་བཞག་ལ་ཡོངས་སུ་འབུལ་འདོད་ཀྱི་དམ་བཅའ་སྙིང་ནས་བཞག་ཡོད་༽ཅེས་གསུངས་མྱོང་བ་བཞིན། ཁ་བཤད་ཙམ་མ་ཡིན་པར་ཕྱག་ལེན་དུའང་དེ་ཁོ་ན་ལྟར་མཛད་དང་མཛད་མུས་སོ།  ། འདི་ལྟར་ལོ་ངོ་མང་བོ་ཉི་མ་གཅིག་ནང་བཞིན་ནམ་རྒྱུན་གྱི་དཔེ་ཁྲིད་ལས་གཞན།  དབྱར་གནང་དང་དགུན་གནང་སོགས་ཅུང་ཙམ་ཁོམ་སྐབས་སུའང་རྒྱལ་ཡོངས་ས་གནས་སོ་སོའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་།   རོང་འབྲོག་མང་ཚོགས།  དགོན་སྡེའི་གྲྭ་བ་སོགས་སེར་སྐྱ་མང་བོའི་འདོད་བློ་བཞིན།   རྒྱ་བོད་གཉིས་ཀྱི་སྐད་ལ་བརྟེན་ནས་གང་ལ་གང་འཚམ་གྱི་ཆོས་སྦྱིན་བདུད་རྩིའི་ཆར་རྒྱུན་བསྩལ་དང་སྩོལ་བཞིན་མཆིས་སོ། །
        གསུང་རྩོམ་གྱི་སྐོར་ལ་༼ཡང་དག་པའི་སློབ་གསོའི་ཁ་ཕྱོགས་གླེང་བ་རྫོགས་ལྡན་བསུ་བའི་སྐྱ་རེངས་༽དང་།༼ནང་བསྟན་གྱི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པའི་དགའ་སྟོན།༽ ༼མཛེས་སྡུག་གི་ཡང་རྩེ་ནི་ནང་སེམས་རྒྱུད་ཀྱི་མཛེས་པ་ཡིན།༽༼ཚན་རིག་དང་འགལ་བ་ཙམ་གྱིས་གནས་ལུགས་མ་ཡིན་པར་བརྗོད་དུ་རུང་ངམ་༽སོགས་བོད་ཡིག་དང་དེ་མིན་རྒྱ་ཡིག་གི་ལམ་ནས་ཀྱང་བརྩམས་ཆོས་མང་པོ་མཛད་ཀྱང་པར་དུ་འཁོད་མེད།   གཞན་ཡང་དེབ་ཏུ་བསྐྲུན་ཟིན་པ་ལའང་༼སེམས་སེམས་བྱུང་གི་རྣམ་གཞག་རྨོངས་མུན་འཇོམས་པའི་འོད་སྣང་།༽༼བསྡུས་གྲྭའི་ཟིན་བྲིས་ཚད་མའི་གཞུང་ལ་འཇུག་ཚུལ་བློ་གསལ་བྱིས་པ་དགའ་བའི་མེ་ལོང་།༽༼ཁྱད་པར་འཕགས་བསྟོད་ཀྱི་ཚིག་འགྲེལ་དད་གསུམ་གསལ་བའི་འོད་སྣང་།༽༼སྒྲ་གཞུང་དབྱངས་ཅན་མ་ལས་མཚམས་སྦྱོར་ལྔ་བའི་སྐོར་གྱི་ཟིན་བྲིས་བྱིས་བློ་གསལ་བའི་མེ་ལོང་༽སོགས་བཞུགས་སོ། །

རྩོམ་འབྲི་བ།   དགའ་ཕ་ལམ།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 3 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། yvn2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  རྒྱུན་ལས་སློབ་གཙོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག   སྤེལ་མཁན།: འཚོལ་སྙེག སྤེལ་དུས:2018/5/25
མ་འོངས་གངས་རིའི་གསོན་རྩ་ཚོའི་ཆེད་དུ་ཡོད་ཚད་བློས་བཏང་དྲགས་ཏེ་མཐའ་ན་སྙུན་གཞི་ལྕི་མོས་ཁ་བརྡ་ལྷོད་མོ་ཞིག་བྱེད་དཀའ་ནའང་། སློབ་ཕྲུག་ཚོ་ཐུགས་ནས་མ་དར་བར་འཆད་ཁྲིད་ལྟ་སྐྱོང་གི་བགྱི་བས་མི་ལོ་ཉི་ཤུར་ཞབས་རྗེའི་གསེར་ཡིག་བཀོད་པར་སུ་ཞིག་ཡི་མི་རང་ངམ། ཁྱེད་ལྟ་བུའི་དོན་གྱི་དགེ་བཤེས་ཚོ་ས་གང་དུ་བཞུགས་པ་ཙམ་གྱིས་སྐྱེ་དགུའི་བསོད་ནམས་ཡིན་པས་སློབ་གྲྭ་ལ་ཐུགས་ཁྲལ་མི་མཛད་པར་སྐུ་ཉིད་ཀྱིས་རང་གི་འཕྲོད་བསྟེན་ལ་དོ་སྣང་གནང་བར་མཛོད། ངོ་མས་བཀའ་དྲིན་ཆེ། སྐུ་ཚེ་བརྟན་པར་ཤོག
  རྒྱུན་ལས་སློབ་གཙོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག   སྤེལ་མཁན།: འཚོལ་སྙེག སྤེལ་དུས:2018/5/25
མ་འོངས་གངས་རིའི་གསོན་རྩ་ཚོའི་ཆེད་དུ་ཡོད་ཚད་བློས་བཏང་དྲགས་ཏེ་མཐའ་ན་སྙུན་གཞི་ལྕི་མོས་ཁ་བརྡ་ལྷོད་མོ་ཞིག་བྱེད་དཀའ་ནའང་། སློབ་ཕྲུག་ཚོ་ཐུགས་ནས་མ་དར་བར་འཆད་ཁྲིད་ལྟ་སྐྱོང་གི་བགྱི་བས་མི་ལོ་ཉི་ཤུར་ཞབས་རྗེའི་གསེར་ཡིག་བཀོད་པར་སུ་ཞིག་ཡི་མི་རང་ངམ། ཁྱེད་ལྟ་བུའི་དོན་གྱི་དགེ་བཤེས་ཚོ་ས་གང་དུ་བཞུགས་པ་ཙམ་གྱིས་སྐྱེ་དགུའི་བསོད་ནམས་ཡིན་པས་སློབ་གྲྭ་ལ་ཐུགས་ཁྲལ་མི་མཛད་པར་སྐུ་ཉིད་ཀྱིས་རང་གི་འཕྲོད་བསྟེན་ལ་དོ་སྣང་གནང་བར་མཛོད། ངོ་མས་བཀའ་དྲིན་ཆེ། སྐུ་ཚེ་བརྟན་པར་ཤོག
  རྒྱུན་ལས་སློབ་གཙོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག   སྤེལ་མཁན།: གངས་རྩེན། སྤེལ་དུས:2015/10/2
དགེ་རྒན་རྣམ་པའི་མཛད་བཟང་མི་ནུབ་རྟག་བརྟན་ཡོང་བར་ཤོག།
looking for affair women who cheat on relationships why men cheat
wifes cheat tracyawheeler.com why does husbands cheat
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23481430
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།