གནས་གཙང་ཕྱུགས་ཐོན་དངོས་རྫས་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» གངས་ལྗོངས་གཅེས་ནོར། »གནས་གཙང་ཕྱུགས་ཐོན་དངོས་རྫས་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེ།
གནས་གཙང་ཕྱུགས་ཐོན་དངོས་རྫས་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེ།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-03-24ལྟ་ཀློག (6094)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྨ་ཆེན་རྫོང་གནས་གཙང་ཕྱུགས་ཐོན་དངོས་རྫས་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེ།

       རྨ་ཆེན་རྫོང་གནས་གཙང་ཕྱུགས་ཐོན་དངོས་རྫས་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེ་ནི་མགོ་ལོག་ཁུལ་རྨ་ཆེན་རྫོང་དང་མཚོལྷོ་ཁུལ་འབའ་རྫོང་གཉིས་ཀྱི་ས་མཚམས་ཏེ་རྨ་ཁུགས་གཉིས་པར་འབོད་པའི་རྭ་རྒྱ་གྲོང་རྡལ་དུ་ཡོད།  དེ་ནི་༢༠༠༩ལོའི་ཟླ་༡༢བའི་ཚེས་༡ཉིན་ལ་དབུ་བརྙེས། ཁོངས་མི་ཡོངས་གྲོས་མཐུན་གྱིས་ལག་དངུལ་སྒོར་ཁྲི་ ༡༣༠བཏང་བ་དང་་ཁོངས་མི་ཁྱིམ་ཚང་༡༡༣གྱིས་གྲུབ། མཉམ་སྒྲུབ་ཚོང་སྡེས་དེང་རབས་འབྲོག་ལས་འཕེལ་རྒྱས་གཏོང་བ་དང་འབྲོག་མིའི་ཡོང་སྒོ་འཕར་སྣོན་བྱུང་བར་སྐུལ་འདེད་བྱེད་པར་རང་གིས་འགན་ཁུར་ཏེ། ཚོང་ར་ཅན་གྱི་འཁོར་སྐྱོད་དང་། ཁེ་ལས་ཅན་གྱི་ལས་གཉེར། སྤྱི་ཚོགས་ཅན་གྱི་ནང་ཞུགས་ཞེས་པའི་དགོས་མཁོ་ལྟར། ཁོངས་མི་ཞབས་ཞུ་བྱེད་ཡུལ་གཙོ་བོར་བྱས་ཏེ་ཚོགས་པར་བརྟེན་ནས་འཕེལ་རྒྱས་བྱུང་བ་རྒྱུན་འཁྱོངས་དང་། རང་མོས། མཉམ་འབྲེལ།  ལེགས་བསྡུས་ཞིབ་གཉེར།  ཐུན་མོང་ལ་ཁེ་ཕན་ཐོབ་པ་ཞེས་པའི་ལས་གཉེར་རྒྱུན་ འཁྱོངས་བྱས་ཏེ་ཁོངས་མི་ཡོངས་ཀྱིས་ལག་རྩལ་མཉམ་མྱོང་དང་མཉམ་དུ་ཚོང་ར་སྐྲུན་པ། མཉམ་དུ་རྟགས་སྐྲུན་ པ་མངོན་གྱུར་བྱུང་དུ་བཅུག  དེ་བས་དངོས་གནས་ཉེན་ཁ་མཉམ་ཁུར་དང་ཁེ་ཕན་མཉམ་རེག་གི་ཧྲིལ་གཟུགས་ གཅིག་ཏུ་གྲུབ་ལ་དམངས་ཡོད་དང་། དམངས་གཉེར། དམངས་ཀྱིས་དོ་དམ་ཀྱི་ཁྱད་ཆོས་མངོན། དེའི་ནང་དུ་ལས་ འཛིན་ལྷན་ཚོགས་ལ་མི་༩དང་། ལྟ་ཞིབ་ལྷན་ཚོགས་ལ་མི་༣་བསྐོ་བཞག་བྱས་ཡོད། རྨ་ཆེན་རྫོང་གི་རྭ་རྒྱ་གྲོང་རྡལ་ དང་ཡ་རྫི་རྫོང་གི་རྡོ་སྦིས་ཡུལ་ཚོ། འབའ་རྫོང་གི་རྨ་བྱང་ཡུལ་ཚོ་དང་ཞོལ་མ་ཡུལ་ཚོ་སོགས་ཉེ་འཁོར་གྱི་གྲོང་རྡལ་ དང་ཡུལ་ཚོ་བཞི་ལ་ཁྱབ་ཡོད།  གནས་འདི་ཁོར་ཡུག་མཛེས་ལ་ས་བབ་བཟང་ཞིང་འགྲིམ་འགྲུལ་སྟབས་བདེ།   མཉམ་སྒྲུབ་ཚོང་སྡེས་རང་མོས་དང་གཉིས་ཕན། དམངས་གཙོ་འདྲ་མཉམ་གྱི་རྩ་དོན་ལ་བརྩི་སྲུང་བྱས་ཏེ་ཧུར་བརྩོན་ཆེན་པོས་རྒྱ་ཆེར་ཁོངས་མི་ལ་ཕྱུགས་ལས་ཐོན་སྐྱེད་ལས་གཉེར་དང་འབྲེལ་བ་ཡོད་པའི་ཐོན་སྐྱེད་རྒྱུ་ཆ་དང་ལག་རྩལ། བརྡ་འཕྲིན། སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་ཀྱི་བློ་འདྲི་དང་ཞབས་ཞུའི་བྱ་བ་སྒྲུབ་བཞིན་ཡོད། ཁྲིམས་མཐུན་གྱིས་ཁོངས་མི་ཁྱིམ་ཚང་གི་འགན་གཙང་ལེན་བྱེད་པའི་ཕྱུགས་ལས་ཐོན་རྫས་ལ་ལས་སྣོན་དང་ཐུམ་རྒྱག་པ། རྟགས་སྐྲུན་པ། སྐྱེལ་འདྲེན། གསོག་འཇོག་སོགས་ཚོང་རའི་ལས་གཉེར་སྤེལ་བཞིན་ཡོད། མཉམ་སྒྲུབ་ཚོང་སྡེའི་འཁོར་སྐྱོད་དང་དེང་རབས་འབྲོག་ལས་འཕེལ་རྒྱས།  གཞི་ཁྱོན་ཅན་གྱི་ལས་གཉེར་བརྒྱུད་ནས་དེང་ རབས་འབྲོག་ལས་ལ་སྐུལ་འདེད་དང་རིམ་བཞིན་དུ་འབྲོག་དམངས་ཀྱི་ཡོང་སྒོ་འཕར་སྣོན་དང་འབྲོག་ལས་རྩོལ་ ཕྱོད་ཁ་སྣོན་ཡོང་བ་མངོན་འགྱུར་བྱུང་དུ་འཇུག་རྒྱུ། མཉམ་སྒྲུབ་ཚོང་སྡེས་འཚོང་མཁན་སྐོར་ཞིག་རྩ་འཛུགས་ཀྱིས་འབྲོག་པ་ཁོངས་མིའི་ཆུར་བ་དང་རྩམ་པ། དབྱར་རྩྭ་དགུན་འབུ། བལ་དང་པགས་པ། ཁུལ་སོགས་ཕྱུགས་ལས་ཐོན་ རྫས་དང་རྒྱུ་ཆ་གཅིག་གྱུར་གྱིས་རྒྱལ་ནང་གི་ཕྱུགས་ལས་ཐོན་རྫས་བཟོ་གྲྭ་དང་ཡང་ན་ཁེ་ལས་ལ་འཚོང་བཞིན་ ཡོད། ལྷག་པར་དུ་དབྱི་ཁྲ་ལིས་ལ་ཕྱིར་གཏོང་བྱེད་བཞིན་ཡོད་པས་འབྲོག་དམངས་ཀྱི་ཡོང་སྒོ་ལ་མཐོར་འདེགས་ ཆེན་པོ་བྱུང་། ད་དུང་རྨ་ཆེན་རྫོང་གི་རྭ་རྒྱ་གྲོང་རྡལ་དང་འབའ་རྫོང་གི་རྨ་བྱང་ཡུལ་ཚོ། ཞོལ་མ་ཡུལ་ཚོ་དག་ནས་ ཕྱུགས་ལས་ཐོན་རྫས་བསྡུ་ཉོ་ཚོང་ཁང་བཙུགས་ཡོད། དེས་མཐའ་འཁོབ་ས་ཁུལ་གྱི་འབྲོག་པ་མང་ཚོགས་ལ་ སྟབས་བདེ་བཟོས་ཡོད་པར་མ་ཟད་མཉམ་སྒྲུབ་ཚོང་སྡེ་ཡི་དཔལ་འབྱོར་ཡོང་སྒོ་ཡང་འཕར་སྣོན་བྱས་ཡོད། དེར་མ་ཟད་རྭ་རྒྱ་གྲོང་རྡལ་ནས་མ་དངུལ་བཏང་སྟེ་ཅུང་ཆ་ཚང་བའི་བཟོ་སྐྲུན་རྒྱུ་ཆ་བཙོང་སའི་སྒོ་བསྟེན་ཁང་ ཞིག་བཙུགས་ཡོད། མཉམ་སྒྲུབ་ཚོང་སྡེས་བརྡ་འཕྲིན་དང་ལག་རྩལ།ལས་སྣོན། ཕྱིར་འཚོང་སོགས་ཕྱོགས་ཀྱི་ ཞབས་ཞུ་མཁོ་སྤྲོད་བྱེད་པ་བརྒྱུད་ནས་དུས་ཐོག་ཏུ་འབྲོག་དམངས་ལ་འབྲོག་ལས་སྒྲིག་གཞི་ལེགས་སྒྲིག་གི་ མཛུབ་སྟོན་བྱེད་བཞིན་ཡོད། ངས་ཅི་ཞིག་ཐོན་སྐྱེད་བྱེད་ཐུབ་ན་ཚོང་རར་དེ་འགྲེམ་འཚོང་བྱེད་རྒྱུ་ཞེས་པ་ ནས་ཚོང་རར་ཅི་ཞིག་དགོས་མཁོ་ཡོད་ན་ངས་དེ་ཐོན་སྐྱེད་ལས་གཉེར་བྱེད་རྒྱུ་ཡིན་ཞེས་པར་བསྒྱུར།  བདག་གཉེར་རགས་ལས་ཀྱི་རྣམ་པ་བསྒྱུར་ནས་ཚན་རྩལ་གྱི་འདུས་ཚད་མཐོར་འདེགས་གཏོང་བ་དང་།  ཕན་ ནུས་ལྡན་པའི་ངང་ནས་འབྲོག་ལས་ཐོན་ལས་ཀྱི་སྒྲིག་གཞི་ལེགས་སྒྲིག་དང་འབྲོག་དམངས་ཡོང་སྒོའི་འཕར་སྣོན་ལ་སྐུལ་འདེད་བྱས།  མཉམ་སྒྲུབ་ཚོང་སྡེའི་འཕེལ་རྒྱས་ནི་འགན་ཁུར་ལྕི་ལ་ལམ་ཐག་རིང་བ་ཞིག་ཡིན་པས་འབྲོག་ ཁུལ་གྱི་བརྡ་འཕྲིན་རང་བཞིན་གྱི་འཛུགས་སྐྲུན་དང་རྩ་འཛུགས་རང་བཞིན་གྱི་འཛུགས་སྐྲུན་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཡུན་རིང་བའི་བརྒྱུད་རིམ་ཞིག་ཡིན།  རྒྱུ་མཚན་དེའི་དབང་གིས་དེ་ལས་མང་བའི་ཕུགས་བསམ་ཡོད་མཁན་ ཚོ་ནང་དུ་ཞུགས་ཏེ་མཉམ་དུ་འཕེལ་རྒྱས་ལ་འཆར་གཞི་འདོན་རྒྱུར་སྙིང་ཐག་པ་ནས་རེ་སྒུག་བྱེད་བཞིན་ཡོད།

ཚོང་སྡེའི་ལས་ཀའི་ནང་དོན།

     མཉམ་སྒྲུབ་ཚོང་སྡེ་འདིས་ཁོངས་མི་ཞབས་འདེགས་ཞུ་ཡུལ་བྱས་ཏེ་ཁོངས་མི་ཡོངས་ལ་མཉམ་སྒྲུབ་ཚོང་སྡེ་ལས་གཉེར་བརྒྱུད་ནས་ཚོང་རའི་ཁེ་ཕན་ཐོབ་པ་དང་འཆམ་མཐུན་ལས་ཁུལ་འཛུགས་སྐྲུན། མཉམ་དུ་འབྱོར་ཕྱུག་གི་ལམ་ལ་འགྲོ་བར་བསྙེག་པའི་དགོངས་དོན་གཞིར་བཟུང་ཡོད།   ཁྲིམས་མཐུན་གྱིས་ཁོངས་མི་ཁྱིམ་ཚང་གི་འགན་གཙང་ལེན་བྱེད་པའི་ཕྱུགས་ལས་ཐོན་རྫས་ལ་ལས་སྣོན་དང་ཐུམ་རྒྱག་པ། རྟགས་སྐྲུན་པ། ཕྱིར་འཚོང་། སྐྱེལ་འདྲེན། གསོག་འཇོག་སོགས་ཚོང་རའི་ལས་གཉེར་སྤེལ་བཞིན་ཡོད་པ་དང་། ཕྱུགས་ལས་ཐོན་སྐྱེད་ལས་གཉེར་དང་འབྲེལ་ བ་ཡོད་པའི་ཐོན་སྐྱེད་རྒྱུ་ཆ་དང་ལག་རྩལ། བརྡ་འཕྲིན། སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་ཀྱི་བློ་འདྲི་དང་ཞབས་ ཞུའི་བྱ་བ་སྤེལ་བཞིན་ཡོད།

གཙོ་བོའི་ལས་ཀའི་ནང་དོན་གཤམ་ལྟར།

དང་བོ།

     ཁོངས་མི་ལ་རྒྱུ་ཆ་དང་དེར་མ་ཟད་ཐོག་མའི་ཐོན་རྫས་ཀྱི་ལས་སྣོན་དང་སྐྱེལ་འདྲེན། གསོག་འཇོག  ཕྱིར་འཚོང་།  ཐུམ་རྒྱག  རྟགས་སྐྲུན་པ། མ་དངུལ་རྒྱབ་སྐྱོར་སོགས་ཀྱི་ཚོང་རའི་ལས་གཉེར་བྱ་འགུལ་སྤེལ་བ།

གཉིས་པ།

      ཉོ་སྒྲུབ་རྩ་འཛུགས་བྱས་ཏེ་འབྲོག་པ་ཁོངས་མི་ལ་དགོས་མཁོ་ཡོད་པའི་ཐོན་སྐྱེད་རྒྱུ་ཆ་མཁོ་སྤྲོད་བྱེད་པ། 

གསུམ་པ།  

      བསྡུ་ཉོ་རྩ་འཛུགས་བྱས་ཏེ་ཁོངས་མིས་ཐོན་སྐྱེད་བྱེད་པའི་ཕྱུགས་ལས་ཐོན་རྫས་འཚོང་བ།

བཞི་བ། 

      ཁོངས་མིའི་བར་དང་དཔལ་འབྱོར་དངོས་ཡོད་སྒྲིག་གཞི་སོ་སོའི་བར་བརྡ་འཕྲིན་བློ་འདྲི་དང་ལག་རྩལ་ འདོན་སྤེལ་དང་ནང་འདྲེན། ཚོང་ར་གསོ་སྐྱོང་། ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་རྒྱ་ཆེར་སྤེལ་བ།

ལྔ་བ། 

     སྙིང་རྗེ་དང་ཕན་བདེ། ཉེན་སྲུང་ཞབས་ཞུ། སྨན་བཅོས་དང་བདེ་ཐང་ལས་དོན་འཕེལ་རྒྱས་སུ་གཏོང་བ།

དྲུག་པ། 

    ཆེད་ལས་དང་སྤྱིར་བཏང་སློབ་གསོ་འཕེལ་རྒྱས་གཏོང་བ་དང་ཁོངས་མིའི་ཕྱོགས་ཡོངས་ཀྱི་སྤུས་ཚད་ མཐོར་འདེགས་གཏོང་བ། ཆ་མཐུན་སྤྱི་ཚོགས་འཛུགས་སྐྲུན་སྤེལ་བ་དང་། དེར་མ་ཟད་གཞན་པའི་སྤྱི་ཚོགས་ཀྱི་ ཞབས་ཞུའི་བྱ་བ་སྤེལ་བ།


རྩོམ་སྒྲིག་འགན་འཁུར་བ།    མགར་རྩེ་ཉི་ཟེར།   འབའ་སྣང་གྲོལ།    ཨ་བུ་འབྲོང་།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། liao བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23531625
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།