ཞིང་འབྲོག་འཕྲུལ་ཆས་གསོ་གཉེར་ཆེད་ལས་མཉམ་སྒྲུབ་ཚོང་སྡེ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» གངས་ལྗོངས་གཅེས་ནོར། »ཞིང་འབྲོག་འཕྲུལ་ཆས་གསོ་གཉེར་ཆེད་ལས་མཉམ་སྒྲུབ་ཚོང་སྡེ།
ཞིང་འབྲོག་འཕྲུལ་ཆས་གསོ་གཉེར་ཆེད་ལས་མཉམ་སྒྲུབ་ཚོང་སྡེ།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-03-24ལྟ་ཀློག (6634)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྨ་ཆེན་རྫོང་རྨ་འགྲམ་ཞིང་འབྲོག་འཕྲུལ་ཆས་གསོ་གཉེར་ཆེད་ལས་མཉམ་སྒྲུབ་ཚོང་སྡེ།

       རྨ་ཆེན་རྫོང་རྨ་འགྲམ་ཞིང་འབྲོག་འཕྲུལ་ཆས་གསོ་གཉེར་ཆེད་ལས་མཉམ་སྒྲུབ་ཚོང་སྡེ་ནི་མགོ་ལོག་ཁུལ་རྨ་ཆེན་རྫོང་དང་མཚོ་ལྷོ་ཁུལ་འབའ་རྫོང་གཉིས་ཀྱི་ས་མཚམས་ཏེ་རྨ་ཁུགས་གཉིས་པར་འབོད་པའི་རྭ་རྒྱ་གྲོང་རྡལ་དུ་ཡོད།   མཉམ་སྒྲུབ་ཚོང་སྡེ་འདིས་མཉམ་སྒྲུབ་ཚོང་སྡེའི་ཁེ་ལས་ལས་གཉེར་གཙོ་བོར་བྱས་ཏེ་ཁོངས་མི་ལ་ཞབས་འདེགས་ཞུ་བ་དང་ཁོངས་མི་ཡོངས་ལ་མཉམ་སྒྲུབ་ཚོང་སྡེ་ལས་གཉེར་བརྒྱུད་ཚོང་རའི་ཁེ་ཕན་ཐོབ་པ་དང་འཆམ་མཐུན་ལས་ཁུལ་འཛུགས་སྐྲུན།    མཉམ་དུ་འབྱོར་ཕྱུག་གི་ལམ་ལ་འགྲོ་བར་བསྙེག་པའི་དགོངས་དོན་གཞིར་བཟུང་ཡོད།  མཉམ་སྒྲུབ་ཚོང་སྡེ་འདིས་ནང་ཞུགས་རང་མོས་དང་།   ཕྱིར་འབུད་རང་དབང་།   གོ་གནས་འདྲ་མཉམ།   རང་བདག་ལས་གཉེར།   ཁེ་གྱོང་རང་ཁུར།   ཉེན་ཁ་མཉམ་ཁུར།   ཁེ་ཕན་མཉམ་རོལ་གྱི་མཉམ་སྒྲུབ་ཚོང་སྡེ་སྒྲུབ་པའི་རྩ་དོན་གཞིར་བཟུང་སྟེ་༢༠༠༩ལོའི་ཟླ་༡༢བའི་ཚེས་༡ཉིན་དབུ་བརྙེས།   མཉམ་སྒྲུབ་ཚོང་སྡེ་ལ་ཞུགས་པའི་ཁོངས་མི་ཁྱིམ་ཚང་༩༨དང་།   མ་དངུལ་སྒོར་ཁྲི་༡༡༥བཏང་སྟེ་བཙུགས། དེའི་ནང་དུ་ལས་འཛིན་ལྷན་ཚོགས་ལ་མི་༩དང་། ལྟ་ཞིབ་ལྷན་ཚོགས་ལ་མི་༣བསྐོ་བཞག་བྱས་ཡོད།   ཁོངས་མི་རྨ་ཆེན་རྫོང་གི་རྭ་རྒྱ་གྲོང་རྡལ་དང་འབའ་རྫོང་གི་རྨ་བྱང་ཡུལ་ཚོ་དང་ཞོལ་མ་ཡུལ་ཚོ་སོགས་ཉེ་འཁོར་གྱི་གྲོང་རྡལ་དང་ཡུལ་ཚོ་གསུམ་ལ་ཁྱབ་ཡོད།    གནས་འདིའི་ཁོར་ཡུག་མཛེས་ལ་ས་བབ་ལེགས་པ་དང་འགྲིམ་འགྲུལ་སྟབས་བདེ།

        རྩ་འཛུགས་ཞིག་བཙུགས་ཏེ་ཐོན་ལས་ཞིག་སྤེལ་ན།    ས་ཕྱོགས་ཤིག་གི་དཔལ་འབྱོར་སླར་གསོ་བྱེད་པ་དང་།    ས་ཕྱོགས་ཤིག་གི་མང་ཚོགས་ཕྱུག་པོར་འགྱུར་ཏུ་འཇུག་ཐུབ་ཞེས་པ་ལྟར།   མཉམ་སྒྲུབ་ཚོང་སྡེས་དམངས་སྒྲུབ་དང་དམངས་ཀྱིས་དོ་དམ། དམངས་ལ་ཁེ་ཕན་ཐོབ་པའི་རྩ་དོན་གཞིར་བཟུང་།   ཧུར་བརྩོན་ཆེན་པོའི་རྒྱ་ཆེར་ཁོངས་མི་ལ་ཞིང་འབྲོག་ལས་འཕྲུལ་ཆས་ལག་རྩལ་གསོ་སྦྱོང་སོགས་དང་འབྲེལ་བ་ཡོད་པའི་ཐོན་སྐྱེད་རྒྱུ་ཆ་དང་ལག་རྩལ།   བརྡ་འཕྲིན།   སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་ཀྱི་བློ་འདྲི་དང་ཞབས་ཞུའི་བྱ་བ་སྒྲུབ་བཞིན་ཡོད།   ཁྲིམས་མཐུན་གྱིས་ཁོངས་མི་ཁྱིམ་ཚང་གི་འགན་གཙང་ལེན་བྱེད་པའི་འཕྲུལ་སྒུལ་རླངས་འཁོར་གྱི་རིགས་ལ་ཞིག་གསོ་དང་འབྲོག་ལས་འཕྲུལ་ཆས་ལ་ཞིག་གསོ་དང་ཚ་ལ་བྱེད་པ་སོགས་ཚོང་རའི་ལས་གཉེར་བྱེད་བཞིན་ཡོད།

       མཉམ་སྒྲུབ་ཚོང་སྡེས་ད་དུང་མ་དངུལ་བཏང་སྟེ་རྭ་རྒྱ་གྲོང་རྡལ་ནས་འཕྲུལ་སྒུལ་རླངས་འཁོར་དང་ཞིང་འབྲོག་འཕྲུལ་ཆས་ཞིག་གསོ་སྡེ་ཁག་ཞིག་བཙུགས་ཡོད།(འབའ་རྫོང་གི་རྨ་བྱང་ཡུལ་ཚོ་དང་ཞོལ་མ་ཡུལ་ཚོ་ནས་སོ་སོར་སྒོ་བསྟེན་ཁང་ཞིག་བཙུགས་ཡོད) དེས་མཉམ་སྒྲུབ་ཚོང་སྡེའི་དཔའ་འབྱོར་ཡོང་སྒོ་ལ་ཁ་སྣོན་བྱས་པར་མ་ཟད་མཐའ་འཁོབ་ས་ཁུལ་གྱི་འབྲོག་པ་མང་ཚོགས་ལ་སྟབས་བདེ་བཟོས་ཡོད།

      མཉམ་སྒྲུབ་ཚོང་སྡེའི་འཕེལ་རྒྱས་ནི་འགན་ཁུར་ལྕི་ལ་ལམ་ཐག་རིང་བ་ཞིག་ཡིན་པས་འབྲོག་ཁུལ་གྱི་བརྡ་འཕྲིན་རང་བཞིན་གྱི་འཛུགས་སྐྲུན་དང་རྩ་འཛུགས་རང་བཞིན་གྱི་འཛུགས་སྐྲུན་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཡུན་རིང་བའི་བརྒྱུད་རིམ་ཞིག་ཡིན། རྒྱུ་མཚན་དེའི་དབང་གིས་དེ་ལས་མང་བའི་ཕུགས་བསམ་ཡོད་མཁན་ཚོ་ནང་དུ་ཞུགས་ཏེ་མཉམ་དུ་འཕེལ་རྒྱས་ལ་འཆར་གཞི་འདོན་རྒྱུར་སྙིང་ཐག་པ་ནས་རེ་སྒུག་བྱེད་བཞིན་ཡོད།

ལས་ཀའི་ནང་དོན།

མཉམ་སྒྲུབ་ཚོང་སྡེ་འདིས་ཁོངས་མི་ཞབས་འདེགས་ཞུ་ཡུལ་བྱས་ཏེ་ཁོངས་མི་ཡོངས་ལ་མཉམ་སྒྲུབ་ཚོང་སྡེ་ལས་ གཉེར་བརྒྱུད་ནས་ཚོང་རའི་ཁེ་ཕན་ཐོབ་པ་དང་འཆམ་མཐུན་ལས་ཁུལ་འཛུགས་སྐྲུན།མཉམ་དུ་འབྱོར་ཕྱུག་གི་ལམ་ལ་འགྲོ་བར་བསྙེག་པའི་དགོངས་དོན་གཞིར་བཟུང་ཡོད། ཁྲིམས་མཐུན་གྱིས་ཁོངས་མི་ཁྱིམ་ཚང་གི་འགན་གཙང་ ལེན་བྱེད་པའི་འཕྲུལ་སྒུལ་རླངས་འཁོར་གྱི་རིགས་ལ་ཞིག་གསོ་དང་འབྲོག་ལས་འཕྲུལ་ཆས་ལ་ཞིག་གསོ་དང་ཚ་ལ་བྱེད་པ་སོགས་ཀྱི་ཚོང་རའི་ལས་གཉེར་དང་ཞིང་འབྲོག་ལས་འཕྲུལ་ཆས་སྣ་ཚོགས་ཀྱི་ལག་རྩལ་གསོ་སྦྱོང་སོགས་ འབྲེལ་ཡོད་ཀྱི་ཐོན་སྐྱེད་རྒྱུ་ཆ་དང་བརྡ་འཕྲིན། སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་ཀྱི་བློ་འདྲི་དང་ཞབས་ཞུའི་བྱ་ བ་སྒྲུབ་བཞིན་ཡོད།

ལས་ཀ་གཙོ་བོའི་ནང་དོན་གཤམ་ལྟར།

དང་བོ། 

       ཁོངས་མིའི་འཕྲུལ་སྒུལ་རླངས་འཁོར་གྱི་རིགས་ལ་ཞིག་གསོ་དང་འབྲོག་ལས་འཕྲུལ་ཆས་ལ་ཞིག་གསོ་དང་ཚ་ལ།    ཞིང་འབྲོག་ལས་འཕྲུལ་ཆས་སྣ་ཚོགས་ཀྱི་ལག་རྩལ་གསོ་སྦྱོང་སོགས་ཚོང་རའི་ལས་ཀ་སྤེལ་བ།

གཉིས་པ།

       ཞིག་གསོ་རྩ་འཛུགས་བྱས་ཏེ་འབྲོག་པ་ཁོངས་མི་ལ་དགོས་མཁོ་ཡོད་པའི་ཞིག་གསོའི་ཞབས་ཞུ་སྒྲུབ་པ།

གསུམ་པ།

       ལག་རྩལ་གསོ་སྦྱོང་རྩ་འཛུགས་བྱས་ཏེ་ཁོངས་མི་ལ་འཕྲུལ་ཆས་ཀྱི་སྲུང་སྐྱོབ་དང་བཀོལ་སྤྱོད་ཀྱི་ལག་རྩལ་སྤེལ་བ།

བཞི་བ།

      ཁོངས་མིའི་བར་དང་དཔལ་འབྱོར་དངོས་ཡོད་སྒྲིག་གཞི་སོ་སོའི་བར་བརྡ་འཕྲིན་བློ་འདྲི་དང་ལག་རྩལ་འདོན་སྤེལ་དང་ནང་འདྲེན།    ཚོང་ར་གསོ་སྐྱོང་།   ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་རྒྱ་ཆེར་སྤེལ་བ།

ལྔ་བ།

     སྙིང་རྗེ་དང་ཕན་བདེ།   ཉེན་སྲུང་ཞབས་ཞུ།   སྨན་བཅོས་དང་བདེ་ཐང་ལས་དོན་འཕེལ་རྒྱས་སུ་གཏོང་བ།

དྲུག་པ། 

     ཆེད་ལས་དང་སྤྱིར་བཏང་སློབ་གསོ་འཕེལ་རྒྱས་གཏོང་བ་དང་ཁོངས་མིའི་ཕྱོགས་ཡོངས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བ།འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་སྤེལ་བ་དང་། གཞན་པའི་སྤྱི་ཚོགས་ཀྱི་ཞབས་ཞུའི་བྱ་བ་སྤེལ་བ།


རྩོམ་སྒྲིག་འགན་འཁུར་བ།    མགར་རྩེ་ཉི་ཟེར།   འབའ་སྣང་གྲོལ།    ཨ་བུ་འབྲོང་།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། hf7l བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23530975
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།