གཡུ་འབྲུག་ཞིང་འབྲོག་སྐྱེལ་འདྲེན་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» གངས་ལྗོངས་གཅེས་ནོར། »གཡུ་འབྲུག་ཞིང་འབྲོག་སྐྱེལ་འདྲེན་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེ།
གཡུ་འབྲུག་ཞིང་འབྲོག་སྐྱེལ་འདྲེན་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེ།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས 2015-03-24ལྟ་ཀློག (5987)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྨ་ཆེན་རྫོང་གཡུ་འབྲུག་ཞིང་འབྲོག་སྐྱེལ་འདྲེན་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེ།

       རྨ་ཆེན་རྫོང་གཡུ་འབྲུག་ཞིང་འབྲོག་སྐྱེལ་འདྲེན་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེ་ནི་མགོ་ལོག་ཁུལ་རྨ་ཆེན་རྫོང་དང་མཚོ་ལྷོ་ཁུལ་འབའ་རྫོང་གཉིས་ཀྱི་ས་མཚམས་ཀྱི་རྨ་ཁུགས་གཉིས་པར་འབོད་པའི་རྭ་རྒྱ་གྲོང་རྡལ་གྱི་རྔམ་བརྗིད་ལྡན་པའི་ཁྱུང་མགོན་རི་བོའི་འདབས་སུ་ཡོད།    མཉམ་སྒྲུབ་ཚོང་སྡེ་འདིའི་མཉམ་སྒྲུབ་ཚོང་སྡེ་ཁེ་ལས་གཉེར་བ་གཙོ་བོར་བྱས་ཏེ་ཁོངས་མི་ལ་ཞབས་ཞུ་སྒྲུབ་པ་དང་།   ཁོངས་མི་ཡོངས་ལ་མཉམ་སྒྲུབ་ཚོང་སྡེ་ལས་གཉེར་བརྒྱུད་ནས་ཚོང་རའི་ཁེ་ཕན་ཐོབ་པ་དང་།   འཆམ་མཐུན་ལས་ཁུལ་འཛུགས་སྐྲུན།   འབྱོར་ཕྱུག་གི་ལམ་ལ་འགྲོ་བ་དགོངས་དོན་དུ་དམིགས་བཞིན་ཡོད།   མཉམ་སྒྲུབ་ཚོང་སྡེའི་ནང་ཞུགས་རང་མོས་དང་ཕྱིར་འབུད་རང་དབང་།   གོ་གནས་འདྲ་མཉམ།   དམངས་གཙོ་དོ་དམ།   རང་བདག་ལས་གཉེར། ཁེ་གྱོང་རང་ཁུར།   ཉེན་ཁ་མཉམ་ཁུར།   ཁེ་ཕན་མཉམ་རོལ་གྱི་མཉམ་སྒྲུབ་ཚོང་སྡེ་སྒྲུབ་པའི་རྩ་དོན་ལ་བརྩི་སྲུང་བྱས་ཏེ་༢༠༠༩ལོའི་ཟླ་༡༢བའི་ཚེས་༡ཉིན་དབུ་བརྙེས། མཉམ་སྒྲུབ་ཚོང་སྡེ་ལ་ཞུགས་པའི་ཁོངས་མི་ཁྱིམ་ཚང་༡༡༣ཡོད་ལ།མ་དངུལ་སྒོར་ཁྲི་༡༣༠བཏང་སྟེ་བཙུགས།

       ཚོང་ར་ཅན་གྱི་འཁོར་སྐྱོད་དང་ལས་ཁུངས་ཅན་གྱི་བདག་གཉེར།   སྤྱི་ཚོགས་ཅན་གྱི་ནང་ཞུགས་ཞེས་པའི་རེ་བ་ལྟར་ཁོངས་མི་ཞབས་ཞུ་བྱེད་ཡུལ་གཙོ་བོར་བྱེད་པ་དང་། ཚོགས་པ་ལ་བརྟེན་ནས་འཕེལ་རྒྱས་བྱུང་བ་རྒྱུན་འཁྱོངས་བྱས་ཏེ་རང་མོས་དང་མཉམ་འབྲེལ།    ལེགས་བསྡུས་ཞིབ་གཉེར།    སྤྱི་ཕན་ཞེས་པའི་བདག་གཉེར་འདུ་ཤེས་ལ་རྒྱུན་འཁྱོངས་བྱས་ཏེ་དངོས་གནས་ཉེན་ཁ་མཉམ་ཁུར་དང་ཁེ་ཕན་མཉམ་རེག་ཏུ་གྱུར་བ་དང་།    དམངས་ཡོད་དང་དམངས་གཉེར།   དམངས་བདག་དང་དམངས་སྤྱོད་ཀྱི་ཁྱད་ཆོས་མངོན་པ།   མཉམ་སྒྲུབ་ཚོང་སྡེ་ལ་ལས་འཛིན་ལྷན་ཚོགས་མི་༩དང་། ལྟ་ཞིབ་ལྷན་ཚོགས་མི་༣་བསྐོ་བཞག་བྱས་ཡོད།   ཁོངས་མི་རྨ་ཆེན་རྫོང་གི་རྭ་རྒྱ་གྲོང་རྡལ་དང་རྟ་བོ་གྲོང་རྡལ།    འབའ་རྫོང་གི་རྨ་བྱང་ཡུལ་ཚོ་དང་ཞོལ་མ་ཡུལ་ཚོ་སོགས་ཉེ་འཁོར་གྱི་ཡུལ་ཚོ་དང་གྲོང་རྡལ་བཞི་ལ་ཁྱབ་ཡོད།   གནས་དེ་ཁོར་ཡུག་མཛེས་ལ་ས་བབ་ལེགས་པ་དང་འགྲིམ་འགྲུལ་སྟབས་བདེ།   མཉམ་སྒྲུབ་ཚོང་སྡེས་རང་མོས་དང་གཉིས་ཕན།   དམངས་གཙོ་འདྲ་མཉམ་གྱི་རྩ་དོན་ལ་བརྩི་སྲུང་བྱས་ཏེ་ཧུར་བརྩོན་ཆེན་པོའི་རྒྱ་ཆེར་ཁོངས་མི་ལ་སྐྱེལ་འདྲེན་དང་འབྲེལ་བ་ཡོད་པའི་ཐོན་སྐྱེད་རྒྱུ་ཆ་དང་ལག་རྩལ།   བརྡ་འཕྲིན།    སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་ཀྱི་བློ་འདྲི་དང་ཞབས་ཞུའི་བྱ་བ་མཁོ་སྤྲོད་བྱེད་བཞིན་ཡོད་པར་མ་ཟད།    ཁྲིམས་མཐུན་གྱིས་ཁོངས་མི་ལ་ཕྱུགས་ལས་ཐོན་རྫས་སྐྱེལ་འདྲེན་དང་ཚོང་རྫས་སྣ་ཚོགས་སྐྱེལ་འདྲེན།   འགྲུལ་སྐྱེལ། མ་དངུལ་རྒྱབ་སྐྱོར་སོགས་ཀྱི་ཚོང་རའི་ལས་གཉེར་མཁོ་སྤྲོད་བྱེད་བཞིན་ཡོད། མཉམ་སྒྲུབ་ཚོང་སྡེ་འཁོར་སྐྱོད་བརྒྱུད་ནས་རིམ་བཞིན་དུ་འབྲོག་དམངས་ཀྱི་ཡོང་སྒོ་འཕར་སྣོན་དང་འབྲོག་ལས་ཀྱི་ཕན་ནུས་འཕར་སྣོན་མངོན་འགྱུར་བྱེད་ཀྱིན་ཡོད།

        མཉམ་སྒྲུབ་ཚོང་སྡེས་སྒོར་ཁྲི་༦༦གི་མ་དངུལ་བཏང་སྟེ་ཤར་རླུང་མཁའ་འབྲུག་རྟགས་ཅན་གྱི་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་གཉིས་ཉོས་པ་དང་ད་དུང་སྒོར་ཁྲི་༣༥མ་དངུལ་བཏང་སྟེ་རྭ་རྒྱ་གྲོང་རྡལ་ནས་ཟ་ཁང་ཞིག་བཙུགས། དེས་མཉམ་སྒྲུབ་ཚོང་སྡེའི་དཔལ་འབྱོར་ཡོང་སྒོ་འཕར་སྣོན་བྱུང་བར་མ་ཟད་མཐའ་འཁོབ་ས་ཁུལ་གྱི་ འབྲོག་པ་མང་ཚོགས་ལ་སྟབས་བདེ་བཟོས།

      མཉམ་སྒྲུབ་ཚོང་སྡེའི་འཕེལ་རྒྱས་ནི་འགན་ཁུར་ལྕི་ལ་ལམ་ཐག་རིང་བ་ཞིག་ཡིན་པས་འབྲོག་ཁུལ་གྱི་བརྡ་འཕྲིན་རང་བཞིན་གྱི་འཛུགས་སྐྲུན་དང་རྩ་འཛུགས་རང་བཞིན་གྱི་འཛུགས་སྐྲུན་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཡུན་རིང་བའི་བརྒྱུད་རིམ་ཞིག་ཡིན། རྒྱུ་མཚན་དེའི་དབང་གིས་དེ་ལས་མང་བའི་ཕུགས་བསམ་ཡོད་མཁན་ཚོ་ནང་དུ་ཞུགས་ཏེ་མཉམ་དུ་འཕེལ་རྒྱས་ལ་འཆར་གཞི་འདོན་རྒྱུར་སྙིང་ཐག་པ་ནས་རེ་སྒུག་བྱེད་བཞིན་ཡོད།


རྩོམ་སྒྲིག་འགན་འཁུར་བ།    མགར་རྩེ་ཉི་ཟེར།   འབའ་སྣང་གྲོལ།    ཨ་བུ་འབྲོང་།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། yvn2 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23504522
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།