ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་དུ་བརྙན་ལམ་ཐོག་ནས་ཨ་རིའི་ཙུང་ཐུང་པའེ་ཏེང་དང་མཇལ་འཕྲད་གནང་།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་དུ་བརྙན་ལམ་ཐོག་ནས་ཨ་རིའི་ཙུང་
ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་དུ་བརྙན་ལམ་ཐོག་ནས་ཨ་རིའི་ཙུང་ཐུང་པའེ་ཏེང་དང་མཇལ་འཕྲད་གནང་།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2021-11-16ལྟ་ཀློག (3928)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་དུ་བརྙན་ལམ་ཐོག་ནས་ཨ་རིའི་ཙུང་ཐུང་པའེ་ཏེང་དང་མཇལ་འཕྲད་གནང་།

     ཟླ11པའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིང་དང་མཉམ་དུ་བརྙན་ལམ་ཐུག་འཕྲད་གནང་།

     ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། ཀྲུང་གོ་དང་ཨ་མེ་རི་ཁའི་འཕེལ་རྒྱས་ནི་གནད་འགག་གི་དུས་མཚམས་སུ་སླེབས་ཤིང་། མིའི་རིགས་ཀྱི“སའི་གོ་ལའི་གྲོང་ཚོ”བསྐྲུན་པར་འགྲན་སློང་མང་པོ་འཕྲད་པ་རེད། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ནི་འཛམ་གླིང་གི་དཔལ་འབྱོར་འདུས་གཟུགས་ཀྱི་སྔོན་གྲས་གཉིས་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པའི་ཆ་ནས། ཕན་ཚུན་གྱི་འབྲེལ་འདྲིས་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། རང་རང་རྒྱལ་ཁབ་ནང་ཁུལ་གྱི་དོན་དག་ལེགས་པོ་བསྒྲུབ་རྒྱུ་མ་ཟད། འཁུར་འོས་པའི་རྒྱལ་སྤྱིའི་འགན་འཁྲི་དག་འཁུར་ཅི་ཐུབ་བྱས་ནས། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་གྱི་རླབས་ཆེན་ལས་དོན་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། འདི་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་ཡིན་ལ། ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་མི་སྣའི་ཐུན་མོང་གི་འགན་འཁྲིའང་རེད། 

    ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཨ་སོ་སོ་རང་རང་གི་འཕེལ་རྒྱས་ལ་སྐུལ་འདེད་དང་། ཞི་བདེ་བརྟན་བརླིང་གི་རྒྱལ་སྤྱིའི་ཁོར་ཡུག་ལ་སྲུང་སྐྱོང་བྱ་དགོས་ཏེ། དེའི་ཁྲོད་ནུས་ཡོད་སྒོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་བཅོག་པ་དང་། པྲོག་གསར་གློ་ཚད་ཀྱི་རིམས་ནད་ཚུད་པའི་གོ་ལ་རང་བཞིན་གྱི་འགྲན་སློང་ཚང་མར་བདེ་ཐང་དང་བརྟན་བརླིང་གི་ཀྲུང་ཨ་འབྲེལ་བ་མཁོ་བ་མ་ཟད། ཀྲུང་ཨ་གཉིས་བར་ཕན་ཚུན་བརྩི་བཀུར་དང་། ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བྱ་འོས།  ངེད་ཀྱིས་སྐུ་ཞབས་ཙུང་ཐུང་དང་མཉམ་དུ། ལྟ་བ་གཅིག་མཐུན་ཡོང་བ་དང་། བྱ་སྤྱོད་ལ་ཧུར་ཐག་བྱས་ནས་ཀྲུང་ཨའི་འབྲེལ་བར་སྣེ་ཁྲིད་དེ་ཧུར་ཐག་སྒོས་མདུན་ཕྱོགས་སུ་གོང་སྤེལ་གཏོང་འདོད་ཡོད། འདི་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་དགོས་མཁོ་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་སྒུག་ཅིག་ཀྱང་རེད།  །


 

ཀྲུང་ཨའི་གཙོ་བདག་གིས་གནང་བའི་བཀའ་མོལ་ཆ་ཚང་འདིར་བཀོད་ཡོད།

    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་11པའི་ཚེས་16ཉིན་གྱི་སྔ་དྲོ་ཨ་རིའི་ཙུང་ཐུང་པའེ་ཏེང་དང་བརྙན་མཐོང་བརྒྱུད་མཇལ་འཛོམས་གནང་བ་རེད། ཕྱོགས་གཉིས་པོས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་གོང་སྤེལ་ཐད་ཀྱི་འཐབ་ཇུས་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། རྩ་བའི་རང་བཞིན་བཅས་ཀྱི་གནད་དོན་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོནགལ་ཆེན་ཐད་འབྲེལ་གཏུག་དང་སྤེལ་རེས་གང་ལེགས་དང་གཏིང་ཟབ་གནང་ཡོད་པ་རེད། 

    ཞི་ཅིན་ཕིང་གིས། མིག་སྔར་ཀྲུང་གོ་དང་ཨ་རིའི་འབྲེལ་བ་གོང་འཕེལ་དེ་འགག་རྩའི་དུས་རིམ་ལ་སླེབས་ཡོད་པ་དང་། མིའི་རིགས་ཀྱི་ས་གོ་ལའི་གྲོང་ཚོར་ཡང་འགྲན་རྩོད་མང་པོ་འཕྲད་ཡོད། ཀྲུང་གོ་དང་ཨ་རི་གཉིས་ནི་འཛམ་གླིང་ཐོག་གི་དཔལ་འབྱོར་མ་ལག་ཆེ་ཤོས་གཉིས་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པས། འབྲེལ་གཏུག་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་ངེས་ཡིན། གཅིག་ནས་ང་ཚོ་རྒྱལ་ཁབ་སོ་སོའི་དོན་དག་ཡག་པོ་སྒྲུབ་པ་དང་། གཉིས་ནས་འཁུར་དགོས་ངེས་ཀྱི་རྒྱལ་སྤྱིའི་འགན་འཁྲི་འཁུར་ནས། མིའི་རིགས་ཞི་བའི་ངང་གོང་འཕེལ་འགྲོ་བ་བྱེད་པའི་བླ་ན་མེད་པའི་བྱ་གཞག་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། དེ་ནི་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་བསམ་འདུན་ཡིན་ལ། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱི་ཐུན་མོང་འོས་འགན་ཡང་ཡིན་ཞེས་བསྟན་འདུག     ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རི་ཁག་སོ་སོའི་རང་ངོས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། ཞི་བདེ་བརྟན་ལྷིང་གི་རྒྱལ་སྤྱིའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ནང་། གནམ་གཤིས་འགྱུར་ལྡོག་དང་ཏོག་གསར་གློ་ཚད་ལ་ཁ་གཏད་ཡག་པོ་གཅོག་རྒྱུ་ཚུད་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་རྩོད་ཚུད་ཡོད་ཅིང་། ཚང་མར་སྐྱོན་བྲལ་བརྟན་ལྷིང་གི་ཀྲུང་ཨའི་འབྲེལ་བ་དགོས་ཀྱི་ཡོད། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས་ཕན་ཚུན་བརྩི་བཀུར་དང་། ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་ཡོང་བ་བྱ་དགོས། ངས་ཙུང་ཐུང་སྐུ་ཞབས་དང་ལྷན་དུ། གྲོས་ཁ་མཐུན་པ་བྱེད་པ་དང་། བྱ་སྤྱོད་ཧུར་ཐག་སྤེལ་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་མདུན་ཕྱོགས་སུ་གོང་འཕེལ་ཡག་པོ་འགྲོ་རྒྱུར་ཁྲིད་སྟོན་བྱེད་འདོད་ཡོད། འདི་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་དགོས་མཁོ་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་བ་ཡང་ཡིན་ཞེས་ནན་སྟོན་གནང་འདུག

       ཞི་ཅིན་ཕིང་གིས། འདས་ཟིན་པའི་ལོ་50ཡི་ནང་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་ཀྱི་གལ་འགངས་ཆེ་ཤོས་ཀྱི་དོན་ཆེན་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བ་སླར་གསོ་དང་གོང་འཕེལ་བྱུང་བ་དེ་ཡིན་ཞིང་། དེས་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ལ་ཕན་བདེ་བསྐྲུན་ཡོད། མ་འོངས་པའི་ལོ་50ཡི་ནང་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་ཀྱི་གལ་ཆེ་ཤོས་ཀྱི་དོན་ཆེན་ཞིག་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ཐད་ངེས་པར་དུ་ཡང་དག་པའི་མཉམ་གཤིབ་ལམ་བུ་རྙེད་པ་བྱ་རྒྱུ་དེ་རེད།  ལོ་རྒྱུས་ནི་གཞུང་དྲང་ཞིག་རེད། ཆབ་སྲིད་མཁས་པ་ཞིག་གི་བྱ་སྤྱོད་ལེགས་ཉེས་ཅི་ཞིག་ཡིན་རུང་ལོ་རྒྱུས་ཀྱིས་ཐོ་འགོད་བྱེད་ངེས་རེད། རེ་བར་ཙུང་ཐུང་སྐུ་ཞབས་ནས་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་བཏོན་ནས་ཨ་རིས་ཀྲུང་གོར་འཛིན་པའི་སྲིད་ཇུས་དཔྱོད་ཤེས་དངོས་སྒྲུབ་ཀྱི་ལམ་བུའི་ཐོག་ལོག་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་འདུག     ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རིའི་འབྲེལ་བ་གོང་འཕེལ་གྱི་ཉམས་མྱོང་དང་བསླབ་བྱར་ཕྱོགས་བསྡོམས་བྱེད་སྐབས། དུས་རབས་གསར་པར་ཀྲུང་གོ་དང་ཨ་རི་མཉམ་གཤིབ་ཐད་རྩ་དོན་གསུམ་རྒྱུན་འཁྱོངས་བྱེད་དགོས་པ་སྟེ། གཅིག་ནི་ཕན་ཚུན་བརྩི་བཀུར་བྱ་དགོས་པ་དེ་རེད།  དེ་ཡང་ཕན་ཚུན་གྱི་སྤྱི་ཚོགས་ལམ་ལུགས་དང་གོང་འཕེལ་ལམ་བུར་བརྩི་བཀུར་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་གཞི་གལ་ཆེན་ལ་བརྩི་བཀུར། ཕན་ཚུན་གྱི་གོང་འཕེལ་ཁེ་དབང་ལ་བརྩི་བཀུར་བཅས་བྱ་དགོས་པ་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། འགལ་བར་སྟངས་འཛིན་བྱེད་པ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱ་དགོས། གཉིས་ནི་ཞི་བདེ་མཉམ་གནས་ཐུབ་པ་བྱ་དགོས་པ་དེ་ཡིན། གདོང་ཐུག་མི་ཤོར་བ་དང་དགྲ་ཁ་གཏད་དུ་མི་འགྱུར་བ་བྱ་རྒྱུ་ནི་ཕྱོགས་གཉིས་པོས་ངེས་པར་བརྟན་སྲུང་བྱ་དགོས་པའི་མཐའ་ཐིག་རེད། ཨ་རིས་ཀྲུང་གོ་དང་ཨ་རི་མཉམ་གནས་བྱེད་ཐུབ་ཅེས་བཤད་ཡོད། དེའི་ཐོག་ད་དུང་ཚིག་གཉིས་བསྣན་ཆོག་པ་སྟེ། ཞི་བདེ་མཉམ་གནས་ཞེས་པ་དེ་ཡིན། གསུམ་ནི་མཉམ་ལས་མཉམ་རྒྱལ་ཡོང་བ་བྱ་རྒྱུ་དེ་ཡིན། ཀྲུང་གོ་དང་ཨ་རིའི་ཁེ་ཕན་མཉམ་འདྲེས་གཏིང་ཟབ་པོ་བྱས་ཡོད་པས། མཐུན་ན་གཉིས་ཕན་དང་། འཐབ་ན་གཉིས་གནོད་ཡིན། ས་གོ་ལ་ནི་ཆེ་ཐག་ཆོད་ཡོད་པས། ཀྲུང་གོ་དང་ཨ་རི་ཁག་སོ་སོའི་གོང་འཕེལ་དང་ཐུན་མོང་གོང་འཕེལ་དེ་དེའི་ནང་ཤོང་ངེས་རེད། གཉིས་ཕན་རྒྱུན་འཁྱོངས་དང་། མཐུན་མེད་འགྲན་རྩོད་དོར་བ། གཞན་ཕམ་རང་རྒྱལ་གྱི་བསམ་བློ་དོར་བ་བཅས་བྱ་དགོས་ཞེས་ནན་སྟོན་གནང་འདུག     ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རིས་ཕྱོགས་བཞིའི་ཐད་ཀྱི་སྔོན་འགྲོའི་དོན་དག་ཡག་པོ་བསྒྲུབ་དགོས་པ་སྟེ། གཅིག་ནི་རྒྱལ་ཁབ་ཆེན་མོའི་འགན་སེམས་མངོན་པར་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་ལ་བརྟེན་ནས་མངོན་གསལ་དོད་པའི་དཀའ་ཉེན་ལ་ཁ་གཏད་གཅོག་རྒྱུར་སྣེ་ཁྲིད་བྱ་དགོས་པ་དེ་ཡིན། དེའི་ཐད་ཀྲུང་གོ་དང་ཨ་རིའི་མཉམ་ལས་ནི་ནུས་པ་ཀུན་འཛོམས་ཤིག་མིན་རུང་། ཀྲུང་གོ་དང་ཨ་རིའི་མཉམ་ལས་མེད་ན་འགྲིག་ཐབས་མེད། ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོས་ཨ་རིར་ཡང་སྒོ་མོ་ཕྱེ་ཡོད། ཨ་རིས་ཀྱང་དེ་ལྟར་བྱེད་པའི་རེ་བ་ཡོད། གཉིས་ནི་འདྲ་མཉམ་གཉིས་ཕན་གྱི་སྙིང་སྟོབས་ཐོག་ནས་བང་རིམ་ཁག་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཨ་རིའི་འབྲེལ་བར་དྲང་ནུས་དེ་བས་མང་བ་སྣོན་རྒྱུ་དེ་ཡིན། ང་རང་ནས་ཐབས་ལམ་སྣ་མང་ཐོག་ནས་ཙུང་ཐུང་སྐུ་ཞབས་བར་འབྲེལ་གཏུག་བྱས་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བར་ཁ་ཕྱོགས་སྟོན་པ་དང་སྒུལ་ཤུགས་སྣོན་འདོད་ཡོད། ཀྲུང་གོ་དང་ཨ་རིའི་བར་དཔལ་འབྱོར་དང་། ནུས་རྒྱུ། དམག་གཉིས། ཁྲིམས་འཛིན། སློབ་གསོ། ཚན་རྩལ། དྲ་སྦྲེལ། ཁོར་ཡུག་སྲུང་སྐྱོབ། ས་གནས་སོགས་ཁྱབ་ཁོངས་མང་པོའི་ནང་ཐུན་མོང་ཁེ་ཕན་རྒྱ་ཆེན་པོ་གནས་ཡོད་པས། ཕན་ཚུན་བར་ཡོད་མེད་སྤེལ་རེས་དང་བཟང་ཆ་གསབ་རེས་ཀྱིས། ཀྲུང་གོ་དང་ཨ་རིའི་མཉམ་ལས་ཀྱི་བག་ལེབ་དེ་ཇེ་ཆེར་གཏོང་དགོས། ཀྲུང་གོ་དང་ཨ་རིས་རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་བདེ་འཇགས་དང་དཔལ་འབྱོར་ནོར་སྲིད་དང་དངུལ་རྩ། གནམ་གཤིས་འགྱུར་ལྡོག་ཚོགས་པ་སོགས་སྐད་ཆ་ཤོད་རེས་ཀྱི་ཐབས་ལམ་དང་སྒྲིག་གཞིའི་སྟེགས་བུ་སྤྱད་དེ། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་པ་དང་ཞིབ་ཕྲའི་གནད་དོན་ཐག་གཅོད་བྱེད་དགོས། གསུམ་ནི་དགེ་མཚན་ལྡན་པའི་ཐབས་ལམ་གྱི་ཐོག་ནས་འགལ་ཟླ་དང་ཚོར་སྣང་སྐྱེན་པའི་གནད་དོན་ལ་དོ་དམ་ཚོད་འཛིན་བྱས་ནས། ཀྲུང་གོ་དང་ཨ་རིའི་འབྲེལ་བ་ལོག་ལམ་དུ་གྱར་བ་དང་ཁ་ལོ་ཤོར་བར་བཀག་འགོག་བྱེད་དགོས་པ་དེ་ཡིན། ཀྲུང་གོ་དང་ཨ་རིའི་བར་འགལ་ཟླ་ལྷག་ཡོད་པ་ནི་ཤོད་མི་དགོས་པ་ཞིག་རེད། འགག་རྩ་ནི་དགེ་མཚན་ལྡན་པའི་སྒོ་ནས་སྟངས་འཛིན་བྱེད་རྒྱུ་དང་རྒྱ་ཆེར་དང་རྣོ་ངར་ཅན་དུ་འགྲོ་བ་ལས་གཡོལ་རྒྱུ་དེ་རེད། ཀྲུང་གོས་རང་ངོས་ཀྱི་བདག་དབང་དང་བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་ངེས་ཡིན་ལ། ཨ་རིའི་ཕྱོགས་ནས་དེ་དང་འབྲེལ་བ་ཡོད་པའི་གནད་དོན་ངེས་པར་དུ་གཟབ་ནན་ངང་ཐག་གཅོད་བྱེད་དགོས། བཞི་ནི་རྒྱལ་སྤྱི་དང་ས་ཁུལ་གྱི་ཚ་གླེང་གནད་དོན་གལ་ཆེ་རིགས་ཐད་མཐུན་སྦྱོར་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས། འཛམ་གླིང་ལ་དེ་བས་མང་བའི་སྤྱི་པའི་ཐོན་རྫས་མཁོ་འདོན་བྱེད་དགོས་པ་དེ་ཡིན། གནམ་འོག་ཞི་བདེ་དེ་ཙམ་མེད་དུས་ཀྲུང་གོ་དང་ཨ་རིས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ་འཛམ་གླིང་གི་ཞི་བདེར་ཐུན་མོང་ཐོག་སྲུང་སྐྱོབ་བྱེད་དགོས་པ་དང་། གོ་ལ་ཧྲིལ་པོའི་གོང་འཕེལ་ལ་སྐུལ་འདེད་བཏང་ནས། དྲང་བདེན་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་དགོས་ཞེས་ནན་སྟོན་གནང་འདུག    ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོ་ནི་རྒྱ་མཚོ་ཆེན་པོའི་ཁྲོད་དུ་སྐྱོད་བཞིན་པའི་གྲུ་གཟིངས་ཆེན་པོ་གཉིས་དང་འདྲ་ཞིང་། ང་ཚོས་ཁ་ལོ་བརྟན་པོ་བསྒྱུར་ཏེ་ཀྲུང་གོ་དང་ཨ་རིའི་གྲུ་གཟིངས་ཆེན་པོ་གཉིས་རླུང་བརྟེན་རླབས་གཤགས་ཀྱིས་མདུན་དུ་སྐྱོད་དགོས་པ་དང་། ཁ་ཕྱོགས་མི་འཛོལ་བ་དང་མྱུར་ཚད་མི་ཆག་པ་བྱེད་དགོས་ལ། དེ་བས་ཀྱང་ཕན་ཚུན་རྡུང་ཁ་མི་ཤོར་བ་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད། 

        ཞི་ཅིན་ཕིང་ནས་ཀྲུང་གོའི་གོང་འཕེལ་ལམ་བུ་དང་འཐབ་ཕྱོགས་ཀྱི་བསམ་ཇུས་ངོ་སྤྲོད་གནང་བ་རེད། ཞི་ཅིན་ཕིང་གིས། ང་ཚོས་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་སྐོང་འཚོགས་བྱས་མ་ཐག་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་ཕྱོགས་བསྡོམས་བྱས་ཡོད། ལོ་ངོ་བརྒྱའི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོའི་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་བསྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་བྱེད་རྒྱུ་དེ་ཡིན། ང་ཚོར་ཕྱོགས་འདིའི་ཐད་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་མོད། འོན་ཀྱང་ད་དུང་འདང་གི་མེད་པས་མུ་མཐུད་དེ་འབད་བརྩོན་བྱེད་དགོས། ང་རང་ལས་གནས་འདིའི་ཐོག་ཏུ་འཁོད་དུས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བློ་ཁ་ཕྱོགས་པ་ནི་ང་ཚོས་འབད་འཐབ་བྱེད་པའི་དམིགས་འབེན་ཡིན་ཞེས་ཡོངས་བསྒྲགས་ཐོག་བརྗོད་མྱོང་ཡོད། ཀྲུང་གོའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བློ་ཁ་ཕྱོགས་པ་ནི་ཀྲུང་གོའི་གོང་འཕེལ་གྱི་ནང་སྐྱེས་སྒུལ་ཤུགས་ཆེ་ཤོས་ཡིན་ལ། ལོ་རྒྱུས་ཀྱི་ལྡོག་མེད་འཕེལ་ཕྱོགས་ཤིག་ཀྱང་ཡིན་པས། སུ་ཞིག་གིས་འཕེལ་ཕྱོགས་འདི་འགོག་བསམ་ཚེ། ཀྲུང་གོའི་མི་དམངས་ནས་ཁས་ལེན་བྱེད་མི་སྲིད་ལ། འགོག་ཀྱང་ཐུབ་ཐབས་མེད། ཀྲུང་གོའི་འགོ་ཁྲིད་མི་སྣ་ཡིན་པའི་ངོས་ནས་ང་རང་གིས་ཀྲུང་གོའི་མི་དམངས་དུང་ཕྱུར་14ལ་ཞབས་འདེགས་ཞུ་བ་དང་ཁོང་ཚོ་དང་ལྷན་དུ་མཛེས་སྡུག་ལྡན་པའི་འཚོ་བ་བཏོད་རྒྱུ་དེ་ནི་འགྲན་རྩོད་གལ་ཆེན་ཞིག་ཡིན་ལ། འགན་འཁྲི་གལ་ཆེན་ཞིག་ཀྱང་ཡིན། ངས་དེར་བཟུང་བའི་རྣམ་འགྱུར་ནི་ང་ཡིས་རང་དོན་ཡོངས་སྤངས་ནས། དམངས་ཀྱི་རེ་བ་ཆུད་མི་ཟ་བ་བྱེད་པ་དེ་ཡིན་ཞེས་བསྟན་གནང་བ་རེད།     ཞི་ཅིན་ཕིང་ནས། ཀྲུང་གོའི་མི་དམངས་ནི་གནའ་ནས་བཟུང་ཞི་བདེ་ལ་དགའ་བ་དང་མཐུན་ན་མཆོག་ཡིན་པའི་འདོད་ཚུལ་འཛིན་མཁན་ཡིན། ཀྲུང་ཧྭ་མི་རིགས་ཀྱི་ཁྲག་རྒྱུན་ནང་གཞན་ལ་བཙན་དབང་བྱེད་པ་དང་ང་ཆེ་ང་བཙན་གྱི་གཞི་རྒྱུ་མེད། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་། ང་ཚོས་རང་འགུལ་སྒོ་ནས་དམག་འཐབ་དང་གདོང་ཐུག་སློང་མྱོང་མེད་ལ། རྒྱལ་ཁབ་གཞན་གྱི་ས་ཆ་སོར་གང་ཡང་བཙན་བཟུང་བྱ་མྱོང་མེད། ཀྲུང་གོར་འཛམ་གླིང་ལ་རང་ཉིད་ཀྱི་ལམ་བུ་འོས་སྦྱོར་བྱེད་པའི་བསམ་པ་མེད། དེ་ལས་ལྡོག་ཏེ་ང་ཚོས་རྒྱལ་ཁབ་ཁག་ནས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམས་པའི་གོང་འཕེལ་གྱི་ལམ་བུ་འཚོལ་རྒྱུར་སྔ་ཕྱི་བར་གསུམ་དུ་བསྔགས་སྐུལ་བྱེད་བཞིན་ཡོད་ཅེས་བསྟན་གནང་བ་རེད།     ཞི་ཅིན་ཕིང་གིས། ཕྱི་ཕྱོགས་སྒོ་དབྱེ་ནི་ཀྲུང་གོའི་གཞི་རྩའི་རྒྱལ་ཇུས་དང་ཁ་གསལ་གྱི་མཚོན་རྟགས་ཤིག་ཡིན། ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུའི་ཆོད་སེམས་ལ་འགྱུར་ལྡོག་གཏོང་མི་སྲིད་པ་དང་། འཛམ་གླིང་ལ་གོང་འཕེལ་གྱི་གོ་སྐབས་མཉམ་སྤྱོད་བྱེད་པའི་ཆོད་སེམས་ལ་འགྱུར་ལྡོག་གཏོང་མི་སྲིད་ལ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དེ་དེ་བས་སྒོ་དབྱེ་དང་། ཁོག་ཡངས། ཀུན་ཕན། དོ་སྙོམས། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་གོང་འཕེལ་གཏོང་བའི་ཆོད་སེམས་ལའང་འགྱུར་ལྡོག་གཏོང་མི་སྲིད། ང་ཚོས་གོང་འཕེལ་གྱི་གནས་སྟངས་གསར་པ་བསྐྲུན་རྒྱུའི་གྲོས་འགོ་བཏོན་པ་དེ་ནི་རྒྱལ་ནང་གི་ཁྲོམ་ར་རྒྱ་ཆེར་གཏོང་རྒྱུ་དང་། ཁྱབ་རྒྱ་དེ་བས་ཆེ་བ་དང་གཞི་ཁྱོན་དེ་བས་ཡངས་བའི་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཆགས་པ་བྱེད་པ་དང་། དེ་བས་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བཏོད་རྒྱུ་དེ་ཡིན། འདིས་རྒྱལ་ཁབ་ཁག་ལ་ཁྲོམ་ར་དེ་བས་ཆེ་བ་དང་གོ་སྐབས་དེ་བས་མང་བ་བཏོད་ངེས་ཡིན་ཞེས་ནན་སྟོན་གནང་བ་རེད།     ཞི་ཅིན་ཕིང་ནས། ཀྲུང་གོས་ཞི་བདེ་དང་གོང་འཕེལ། དྲང་སྙོམས། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་འགྲོ་བ་མིའི་རིགས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བཞིན་ཡོད། འདུ་ཤེས་འཛིན་སྟངས་ཀྱི་དབྱེ་མཚམས་དང་། ཤོག་ཁག་ཁ་ཕྲལ། ཚོགས་པ་ཁ་གཏད་དུ་ལངས་བ་བཅས་བྱས་ན། དེའི་མཇུག་འབྲས་ནི་འཛམ་གླིང་ལ་ཆག་སྒོ་འབྱུང་རྒྱུ་དེ་རེད། འཇམ་འཐབ་ཀྱི་སྣ་བསུན་ཕོགས་ནས་དུས་ཡུན་རིང་པོ་ཕྱིན་མེད། ཨ་རིའི་ཕྱོགས་ནས་འཇམ་འཐབ་གསར་པ་མི་རྒྱག་རྒྱུའི་རྣམ་འགྱུར་དོན་ཐོག་ཏུ་འཁྱོལ་བར་བྱེད་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་བ་རེད།     ཞི་ཅིན་ཕིང་ནས་ཐའེ་ཝན་གནད་དོན་ཐད་ཀྱི་ཀྲུང་གོའི་རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་གནང་བ་རེད། ཞི་ཅིན་ཕིང་གིས། ཐའེ་ཝན་གྱི་དུས་བབ་ལ་རེས་སྐོར་གསར་པའི་ཛ་དྲག་གི་གནས་ཚུལ་འཕྲད་ཡོད། དེའི་རྒྱུ་མཚན་ནི་ཐའེ་ཝན་དབང་འཛིན་ལས་ཁུངས་ཀྱིས་ཨ་རིར་བརྟེན་ནས་རང་བཙན་དོན་གཉེར་བྱ་རྒྱུའི་རེ་ངན་ཡང་སེ་བཅངས་བས་ཡིན། འོན་ཀྱང་ཨ་རི་ཕྱོགས་ཀྱི་མི་ཁ་ཤས་ཀྱིས་རྐང་བཙུགས་ནས་ཐའེ་ཝན་ལ་བརྟེན་ནས་ཀྲུང་གོར་རྒོལ་བའི་བྱ་བ་སྤེལ་གྱི་ཡོད། འཕེལ་ཕྱོགས་དེ་ནི་ཉེན་ཁ་ཧ་ཅང་ཆེན་པོ་དང་མེ་རྩེད་རྩེ་བ་ཞིག་ཡིན། མེ་རྩེད་རྩེ་མཁན་མཐར་མེ་ཡིས་འཚིག་ངེས་རེད། ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་ནི་ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་ཡིན།  སྐབས་རིམ་བྱུང་གི་ཨ་རི་སྲིད་གཞུང་གིས་དེའི་ཐད་ཁས་ལེན་གསལ་པོ་བྱས་ཡོད།  ཐའེ་ཝན་གནད་དོན་གྱི་ད་ལྟའི་གནས་ཚུལ་ངོ་མ་དང་ཀྲུང་གོ་གཅིག་གི་ནང་དོན་ལྟེ་བ་ནི། འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་། ཐའེ་ཝན་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཀྲུང་གོའི་ཚབ་བྱེད་མཁན་གྱི་ཁྲིམས་མཐུན་གྱི་སྲིད་གཞུང་ཉག་ཅིག་དེ་ཡིན། ཀྲུང་གོ་ཡོངས་སུ་གོང་བུ་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་རེ་འདུན་ཡིན། ང་ཚོས་ངང་རིང་བྱེད་ཀྱི་ཡོད་ལ། ལྷག་བསམ་ཆེས་ཆེ་བ་དང་། འབད་བརྩོན་གང་ཐུབ་བྱས་ནས་ཞི་བས་གཅིག་གྱུར་ཡོང་བའི་མདུན་ལྗོངས་བརྩོན་ལེན་བྱེད་འདོད་ཡོད་མོད། འོན་ཀྱང་ཐའེ་ཝན་རང་བཙན་གྱི་ཁ་ཕྲལ་སྟོབས་ཤུགས་ཀྱིས་འཁྲུག་རྐྱེན་སློང་བ་དང་། ཐ་ན་དམར་ཐིག་ལས་བརྒལ་ཚེ་ང་ཚོས་བློ་ཐག་ཆོད་པོའི་བྱེད་ཐབས་མི་སྤྱོད་ཀ་མེད་རེད་ཅེས་གསུངས་འདུག    ཞི་ཅིན་ཕིང་གིས། ཤེས་དཔལ་ནི་སྣ་མང་ཕུན་སུམ་ཚོགས་པ་དང་དམངས་གཙོ་ཡང་སྣ་མང་ཕུན་སུམ་ཚོགས་པོ་ཡོད། དམངས་གཙོ་ནི་མངགས་བཟོ་བྱས་པའི་ཐོན་རྫས་ལྟར་འཛམ་གླིང་ཡོངས་ལ་རྣམ་པ་གཅིག་དང་ཚད་གཞི་གཅིག་བྱས་པ་དེ་འདྲ་མིན།རྒྱལ་ཁབ་གཅིག་དམངས་གཙོ་ཡིན་མིན་རྒྱལ་ཁབ་དེའི་མི་དམངས་རང་ཉིད་ཀྱིས་ཤན་འབྱེད་བྱ་དགོས། གལ་ཏེ་དམངས་གཙོ་མངོན་དུ་འགྱུར་བའི་རྣམ་པ་མི་འདྲ་བའི་རྐྱེན་གྱིས་ཟུར་འབུད་བྱས་པ་ཡིན་ན། དེ་ནི་མ་གཞི་ནས་དམངས་གཙོ་མིན་པའི་བྱ་སྤྱོད་ཅིག་རེད། ང་ཚོས་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་སྐད་ཆ་ཤོད་རེས་བྱེད་འདོད་ཡོད་མོད། འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱ་རྒྱུར་ང་ཚོས་མོས་མཐུན་བྱེད་ཀྱི་མེད་ཅེས་ནན་སྟོན་གནང་འདུག    ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བ་བྱེད་པའི་རྒྱལ་སྤྱིའི་མ་ལག་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བཅས་སྲུང་སྐྱོང་བྱེད་དགོས། གལ་ཏེ་ཀྲུང་གོ་དང་ཨ་རིའི་བར་མཉམ་ལས་མ་བྱས་ན། ཕྱོགས་མང་རིང་ལུགས་ནི་ཆ་ཚང་བ་ཞིག་མ་རེད་ཅེས་བསྟན་འདུག    ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་སྐོར་ལ་ཞི་ཅིན་ཕིང་གིས་ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་ངོ་བོ་ནི་གཉིས་ཕན་མཉམ་རྒྱལ་དང་། ཚོང་ལ་ཞུགས་ན་ཚོང་དོན་གླེང་བ་ཡིན་པས་ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་གནད་དོན་ཆབ་སྲིད་ཅན་དུ་མི་འགྱུར་བ་བྱེད་དགོས། ཕྱོགས་གཉིས་པོས་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་རིའི་བཟོ་ཚོང་ལས་རིགས་ཀྱི་མི་སྣས་ཀྲུང་གོ་ཕྱོགས་ལ་ཀྲུང་གོར་ཡོང་དུས་སྟབས་བདེ་བསྐྲུན་རྒྱུའི་རེ་འདུན་བཏོན་པར་མཐོང་ཆེན་བྱེད་པ་དང་། རིམ་སྤོར་པར་གཞི་ལག་བསྟར་བྱེད་པའི་སྟབས་བདེའི་བགྲོད་ལམ་ལ་མོས་མཐུན་བྱེད་ཀྱི་ཡོད། དེས་ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་ལ་སྔར་བས་སྐུལ་མ་ཐེབས་རྒྱུ་དང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་རོགས་རམ་ཐུབ་རྒྱུའི་ཡིད་ཆེས་ཡོད། ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་བདེ་འཇགས་ཀྱི་ཐ་སྙད་གང་བྱུང་དུ་སྤྱད་ནས་ཀྲུང་གོའི་ཁེ་ལས་ལ་གནོན་ཤུགས་སྤྲོད་མཚམས་འཇོག་དགོས། ཀྲུང་གོ་དང་ཨ་རིས་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱི་འབྲེལ་གཏུག་རྒྱུན་འཁྱོངས་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་དཔལ་འབྱོར་དང་དངུལ་རྩའི་ཉེན་ཁ་འགོག་ཟོན་བྱེད་པར་རྒྱབ་སྐྱོར་བྱེད་པའི་དགོས་པ་ཡོད། ཨ་རི་ཕྱོགས་ཀྱིས་རྒྱལ་ནང་གི་སྤྱི་ཁོག་སྲིད་ཇུས་ཀྱི་ཕན་ནུས་ལ་མཐོང་ཆེན་བྱས་ནས་འགན་འཁུར་བའི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ལག་ལེན་བསྟར་དགོས་ཞེས་བསྟན་གནང་ཡོད།

         ནུས་རྒྱུའི་བདེ་འཇགས་གནད་དོན་སྐོར་ལ་ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་ནུས་རྒྱུའི་བདེ་འཇགས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ་དང་། རང་བྱུང་སོལ་རླངས་དང་ནུས་རྒྱུ་གསར་པའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་གི་མཁོ་སྤྲོད་འབྲེལ་ཐག་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་བཅས་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།     གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐད་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རི་གཉིས་པོས་དེ་སྔ་ལག་གདང་སྦྲེལ་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི《ཕ་རི་སིའི་གྲོས་ཆོད་》ལ་སྐུལ་འདེད་བཏང་ཡོད། ད་ཆ་རྒྱལ་ཁབ་གཉིས་པོས་སྦགས་མེད་ཐཱན་ཉུང་དཔལ་འབྱོར་ཕྱོགས་སུ་ཕྱོགས་སྒྱུར་བྱེད་བཞིན་ཡོད་པས་གནམ་གཤིས་འགྱུར་ལྡོག་དེ་ཀྲུང་ཨའི་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་འགྱུར་ཐུབ། ངས་སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པས། མིག་འབྲས་ལ་སྲུང་སྐྱོང་བྱེད་པ་ལྟར་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་འབྱུང་ཁམས་ཁོར་ཡུག་ལ་ལྟ་སྟངས་འཛིན་དགོས་ཞེས་བཏོན་པ་ཡིན། ད་ཆ་འབྱུང་ཁམས་ཤེས་དཔལ་གྱི་འདུ་ཤེས་དེ་ཀྲུང་གོར་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་ཞིག་ཏུ་གྱུར་ཡོད། ཀྲུང་གོས་ལོ་རྒྱུས་ཐོག་གི་དུས་ཚོད་ཐུང་ཤོས་ཀྱི་ནང་གོ་ལ་ཧྲིལ་པོའི་ཐཱན་འབུད་བཤངས་ཉུང་གཏོང་ཤུགས་ཆེ་ཤོས་བྱས་ཡོད། དེའི་ཆེད་དཀའ་ངལ་ཆེན་པོ་སྤྱད་ཡོད། ཀྲུང་གོས་གང་བཤད་དོན་འཁྱོལ་དང་གང་བྱས་མཐའ་འཁྱོལ་བྱེད་པར་དང་དོད་བྱེད་ཀྱི་ཡོད། ཀྲུང་གོ་ནི་སྔར་བཞིན་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པས། འཕེལ་རྒྱས་དོ་མི་སྙོམས་ཤིང་གང་ལེགས་མ་བྱུང་བའི་གནད་དོན་ཧ་ཅང་འབུར་ཐོན་ཡིན། རྒྱལ་ཁབ་ཁག་གིས་ཐུན་མོང་ཡིན་ལ་ཁྱད་པར་ཡང་ཡོད་པའི་འགན་འཁྲིའི་རྩ་དོན་རྒྱུན་འཁྱོངས་བྱས་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུ་དང་དམངས་འཚོར་འགན་ལེན་བྱ་རྒྱུར་མཉམ་འཇོག་བྱེད་དགོས། རང་འགན་གཞན་དཀྲི་དང་སྐྱོན་འཛུགས་ཉུང་ཙམ་བྱེད་པ་དང་། མཐུན་སྒྲིལ་མཉམ་ལས་མང་ཙམ་བྱེད་དགོས། འབོད་ཚིག་བསྡུར་དགོས་ལ་བྱ་སྤྱོད་དེ་བས་ཀྱང་བསྡུར་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ལོ་རྒྱུས་ཀྱི་འགན་འཁྲི་དང་བསྒྲུབ་འོས་པའི་འོས་འགན་བསྒྲུབ་དགོས་པ་ཟད། སྲིད་ཇུས་ཀྱི་གཏན་འཇགས་རང་བཞིན་རྒྱུན་འཁྱོངས་ཡང་བྱེད་དགོས་ཞེས་བསྟན་འདུག    སྤྱི་པའི་འཕྲོད་བསྟེན་བདེ་འཇགས་གནད་དོན་ཐད། ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་རིམས་ནད་ཀྱིས་མིའི་རིགས་ཀྱི་སྤྱི་ཚོགས་ནི་ལས་དབང་གཅིག་མཐུན་ཡིན་པ་སླར་ཡང་ར་སྤྲོད་བྱས་ཡོད། མིའི་ཚེ་སྲོག་ལས་ལྷག་པའི་བསམ་གཞིག་བྱ་གཞི་ཞིག་མེད་ཅིང་། མཐུན་སྒྲིལ་མཉམ་ལས་བྱ་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་བར་བྱེད་པའི་མཚོན་ཆ་ནུས་ལྡན་ཞིག་ཡིན། རིམས་ནད་ཚབས་ཆེན་ལ་ཁ་གཏད་གཅོག་སྐབས་ཚན་རིག་དང་མཐུན་པའི་རྣམ་འགྱུར་འཛིན་དགོས་པ་ལས། རིམས་ནད་ཀྱི་གནད་དོན་ཆབ་སྲིད་ཐོག་ནས་བཤད་ན་གནོད་པ་བརྒྱ་ལས་ཕན་པ་གཅིག་ཀྱང་མེད། གོ་ལ་ཧྲིལ་པོའི་རིམས་ནད་འགོག་པའི་ཁ་ཚ་དགོས་གཏུག་གི་གནད་དོན་ནི་རིམས་འགོག་སྨན་ཁབ་ཀྱི་ཆད་གྲངས་སེལ་རྒྱུ་དང་རིམས་འགོག་སྨན་ཁབ་ཀྱི་འགལ་རྐྱེན་ཆེན་པོ་མེད་པ་བཟོ་རྒྱུ་དེ་རེད། ང་རང་ནས་ན་ནིང་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་མ་ཐག་པའི་དུས་སུ་རིམས་འགོག་སྨན་ཁབ་དེ་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་སུ་བརྩི་དགོས་པ་བཏོན་པ་མ་ཟད། མི་རིང་བའི་གོང་གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་མཉམ་ལས་བྱ་སྤྱོད་ཀྱི་གྲོས་འགོའང་བཏོན་ཡོད། ཀྲུང་གོས་དགོས་མཁོ་ཡོད་པའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་སྔོན་ལ་མཁོ་འདོན་བྱས་ཡོད་ཅིང་། རིམ་རྩིས་བྱས་ན་རིམས་འགོག་སྨན་ཁབ་དང་མ་བཅོས་གཤེར་གཟུགས་དུང་ཕྱུར་17ལྷག་མཁོ་འདོན་བྱས་ཡོད། ང་ཚོས་ད་དུང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དགོས་མཁོར་བསམ་གཞིག་བྱས་ནས་མུ་མཐུད་ཞལ་འདེབས་རྒྱག་རྒྱུ་ཡིན། ཏོག་གསར་གློ་ཚད་རིམས་ནད་ནི་མིའི་རིགས་ལ་འཕྲད་པའི་ཆེས་མཇུག་མཐའི་སྤྱི་པའི་འཕྲོད་བསྟེན་ཉམས་ཉེན་ཞིག་མིན་པས། ཀྲུང་གོ་དང་ཨ་རིས་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་དང་འགོ་ནད་སྔོན་འགོག་ཚོད་འཛིན་གྱི་མཉམ་ལས་ལམ་སྲོལ་འཛུགས་རྒྱུ་དར་སྤེལ་བཏང་ནས་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད་པ་རེད།     པའེ་ཏེང་གིས། ཨ་ཀྲུང་འབྲེལ་བ་ནི་འཛམ་གླིང་ཐོག་གི་ཕྱོགས་གཉིས་འབྲེལ་བ་གལ་འགངས་ཆེ་ཤོས་ཤིག་ཡིན། ཨ་རི་དང་ཀྲུང་གོ་ནི་འཛམ་གླིང་ཐོག་གི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ངོས་ནས། རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་མི་དམངས་ལ་འགན་འཁྲི་འཁུར་དགོས། ཕྱོགས་གཉིས་པོས་ལྷག་བསམ་རྣམ་དག་དང་སྦ་གསང་མེད་པའི་སྐད་ཆ་ཤོད་རེས་བྱེད་པ་བརྒྱུད་ཕན་ཚུན་དབར་གྱི་བསམ་འདུན་ཤེས་རྟོགས་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་གཉིས་པོའི་འགྲན་རྩོད་དེ་དྲང་གཞག་དང་སྐྱོན་བྲལ་ཡོང་བའི་འགན་ལེན་བྱེད་པ་ལས་གདོང་ཐུག་ཏུ་མི་འགྱུར་བ་བྱ་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་པ་ལྟར། ལོ་རྒྱུས་ནི་དྲང་པོ་དྲང་བཞག་ཅིག་ཡིན་པས། ཨ་ཀྲུང་དབར་གྱི་འབྲེལ་བ་ཡག་པོ་ཡོང་བ་བྱེད་པ་ལས་དེར་གཏོར་བཤིག་གཏོང་མི་རུང་བའི་ཐད་ང་རང་མོས་མཐུན་ཡོད། ཀྲུང་གོ་ནི་ལོ་ངོ་5000ལྷག་གི་སྔོན་ནས་རྒྱལ་ཁབ་ཆེན་པོ་ཞིག་ཡིན། ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་སྒྲིག་སྲོལ་ལ་འགྱུར་ལྡོག་གཏོང་རྩིས་མི་བྱེད་པ་དང་། མནའ་གྲོགས་བར་གྱི་འབྲེལ་བར་ཤུགས་སྣོན་བརྒྱབ་ནས་ཀྲུང་གོར་ངོ་རྒོལ་བྱེད་རྩིས་མི་བྱེད་པ། ཀྲུང་གོ་དང་གདོང་ཐུག་ཐོན་འདོད་མི་བྱེད་པ་བཅས་ང་རང་ནས་བསྐྱར་བཤད་བྱེད་འདོད་ཡོད། ཨ་རི་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་པའི་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་རྒྱུར་གཞོལ་བ་ལས། ཐའེ་ཝན་རང་བཙན་ཟེར་བར་རྒྱབ་སྐྱོར་མི་བྱེད་ལ། ཐའེ་ཝན་མཚོ་འགག་ས་ཁུལ་གྱིས་ཞི་བདེ་བརྟན་ལྷིང་རྒྱུན་འཁྱོངས་བྱ་རྒྱུའི་རེ་བ་ཡང་བྱེད་ཀྱི་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས་བྱེད་པ་དང་། འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་གོ་ནོར་ཐེབས་རྒྱུ་ཉུང་དུ་བཏང་ཐོག དགེ་མཚན་ལྡན་པའི་བྱ་ཐབས་ཐོག་ནས་མི་མཐུན་པའི་ཆ་ཐག་གཅོད་འོས་འཚམས་བྱེད་པ་དང་། ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་ཁེ་ཕན་གཅིག་མཐུན་གྱི་ཁྱབ་ཁོངས་ནང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཏོག་གསར་གློ་ཚད་དང་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་འདོད་ཡོད་ལ། ང་ཚོའི་ན་གཞོན་མི་རབས་ཀྱིས་ཕན་ཚུན་འབྲེལ་འདྲིས་སྔར་ལས་མང་བ་བྱེད་པ་དང་ཕན་ཚུན་གྱི་རིག་གནས་ཤེས་རྟོགས་བྱས་ཏེ། འཛམ་གླིང་འདི་ཉིད་སྔར་ལས་མཛེས་སྡུག་ལྡན་པར་འགྱུར་བར་བྱ་རྒྱུར་སྐུལ་ལྕག་གཏོང་དགོས་ཞེས་གསུངས་ཡོད།    ཕྱོགས་གཉིས་པོས་ད་དུང་ཨབ་གྷ་ནི་སི་ཐན་དང་། དབྱི་རན་གྱི་ཉིང་རྡུལ། ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་དུས་བབ་སོགས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་ཡོད།     རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས། ད་ཐེངས་ཀྱི་ཐུག་འཕྲད་ནི་སྦ་གསང་མེད་པ་དང་། དགེ་མཚན་ལྡན་པ། ངོ་བོའི་རང་བཞིན་ལྡན་པ། ཕན་འབྲས་ཀྱིས་ཕྱུག་པ་བཅས་ཡིན་པ་དང་། དེས་ཕྱོགས་གཉིས་པོས་ཕན་ཚུན་ཤེས་རྟོགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་ཨའི་འབྲེལ་བར་དྲང་ཕྱོགས་ཀྱི་སྔོན་དཔག་བྱེད་ཤུགས་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་ལ། ཀྲུང་ཨ་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ལ་བརྡ་རྟགས་ནུས་ལྡན་བཏང་ཡོད་པའི་ངོས་འཛིན་གནང་ཡོད་པ་དང་། ཕྱོགས་གཉིས་པོས་མུ་མཐུད་བྱེད་ཐབས་སྣ་ཚོགས་བརྒྱུད་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་ཨ་རིའི་འབྲེལ་བ་དེ་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་འགྲོ་བའི་ཡང་དག་པའི་བགྲོད་ལམ་ཐོག་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་མོས་མཐུན་གནང་ཡོད་པ་རེད།     ཏིང་ཞུའེ་ཞང་དང་། ལིའུ་ཧོ། དབྱང་ཅེ་ཁྲེ། ཝང་དབྱི་སོགས་མཇལ་འཛོམས་ནང་ཞུགས་ཡོད་པ་རེད།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། if8l བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23533956
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།