ཨ་མཆོག་ཞག་སྡོད་སློབ་གྲྭའི་སྒོ་འབྱེད་མཛད་སྒོ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »ཨ་མཆོག་ཞག་སྡོད་སློབ་གྲྭའི་སྒོ་འབྱེད་མཛད་སྒོ།
ཨ་མཆོག་ཞག་སྡོད་སློབ་གྲྭའི་སྒོ་འབྱེད་མཛད་སྒོ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2021-09-23ལྟ་ཀློག (5099)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཤེས་སྤྱོད་མི་གཞི་གསོ་བའི་གནས་མཆོག      མི་རིགས་སློབ་གསོ་དར་བའི་འབྱུང་གནས།

——བསང་ཆུ་རྫོང་ཨ་མཆོག་ལོ་དགུའི་ལམ་ལུགས་ཀྱི་ཞག་འདུག་སློབ་གྲྭའི་སྒོ་འབྱེད་དང་སློབ་མགོ་ཚུགས་པའི་མཛད་སྒོའི་སྔ་གཞུག་གི་གནས་ཚུལ་བཀོད་པ།
    སྟོན་ཟླ་བརྒྱད་པའི་འཛིན་མའི་གཞི་ལ་གསེར་གྱི་རྦ་རླབས་འཁྱོམས། བདེ་མོ་ཐང་གི་སློབ་རའི་ནང་དུ་སྤྲོ་དགའི་འདུ་འཛི་རྒོད། གསེར་ལྡན་ཁྱོན་ལ་འབྲས་བཟང་ཁུར་གྱིས་དུད། ཕ་ཡུལ་སློབ་གསོར་རེ་བ་གསར་བས་ཁེངས།


    སྤྱི་ཟླ༩བའི་ཚེས༡༧ཉིན་གྱི་ཕྱི་དྲོ་མཛད་སྒོ་དངོས་སུ་སྤེལ་འགོ་ཚུགས་ཤིང་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲུན་ཧུའི་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་དོན་འགྲུབ། ཁུལ་ཨུའི་རྒྱུན་ཨུའམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་གཞོན་པའི་འདེམས་ཚབ་པ་ཙའོ་ལོན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཧྥིན་ཞའོ་ལིན། ཁུལ་སློབ་གསོ་ཅུད་ཀྱི་ཏང་ཙུའུ་ཧྲི་ཅིའམ་ཅུད་ཀྲང་ཀླུ་འབུམ། ཁུལ་འཕེལ་རྒྱས་དང་བཅོས་བསྒྱུར་ཅུད་ཀྱི་ཀྲུའུ་རེན་བཱང་ཀོ་ཆིན། ཁུལ་དཔོན་གཞོན་པའམ་བསང་ཆུ་རྫོང་ཨུའི་ཧྲུའུ་ཅི་ཡང་ཀྲིན་ལེན། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་འདེམས་ཚབ་རྫོང་གཙོ་ཡང་ཧེ་ཆང་། རྫོང་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ཨན་ཅན་ཁོན། རྫོང་སྲིད་གྲོས་ཀྲུའུ་ཞི་ཚེ་རིང་སྐྱིད། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཧན་ཙིན་ཕིན། རྫོང་གཙོ་གཞོན་པ་རྟ་མགྲིན་སྐྱབས། རྫོང་གཙོ་གཞོན་པ་ཚེ་རིང་རྣམ་རྒྱལ། རྫོང་དམངས་ཆེན་གྱི་ཀྲུའུ་རེན་གཞོན་པ་སྒྲོལ་མ་ལྷ་འཚོ། སྲིད་གྲོས་ཀྲུའུ་ཞི་གཞོན་པ་སངས་ལོ། རྫོང་ཚན་སློབ་ཅུད་ཀྱི་ཅུད་ཀྲང་ཏིང་འཛིན་རྒྱལ་སོགས་ཁུལ་དང་རྫོང་རིམ་པའི་འགོ་ཁྲིད་སློབ་གྲྭའི་སྒོ་འབྱེད་དང་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པར་མ་ཟད་སློབ་རའི་འཛུགས་བསྐྲུན་སོགས་ཀྱི་ཐད་ལྟ་རྟོག་མཛད། འདེམས་ཚབ་རྫོང་གཙོ་ཡང་ཧེ་ཆང་གིས་ཚོགས་འདུར་མདོ་འཛིན་བྱས། རྫོང་གི་ལས་ཁུངས་སོ་སོའི་འགོ་ཁྲིད། ཨ་མཆོག་གྲོང་རྡལ། འབོ་ར་གྲོང་རྡལ། སྒྱིས་ཚང་ཡུལ་ཚོ་། ཙ་ཡུས་ཡུལ་ཚོ།  ཡ་རུ་རྒྱུད་དོན་གཅོད་ཁང་གི་ཏང་སྲིད་འགོ་ཁྲིད་དང་སྡེ་དམངས་འགན་འཁུར་བ། མང་ཚོགས་འཐུས་ཚབ། ཨ་མཆོག་དགོན་པའི་དོ་དམ་ཁང་གི་ལས་སྣེ། ཨ་མཆོག་ས་ཁུལ་སློབ་གསོ་ཡར་སྐུལ་ཚོགས་པའི་ཚོགས་མི། དེ་མིན་རྫོང་ཚན་རྩལ་ཅུད་ཀྱི་འབྲེལ་ཡོད་མི་སྣ་དང་ཨ་མཆོག་ལོ་དགུའི་ལུགས་ཀྱི་སློབ་གྲྭའི་དགེ་སློབ་ཚང་མ་ཐེངས་འདིའི་བྱ་འགུལ་ལ་ཞུགས།

     ཚོགས་ཞུགས་མི་སྣའི་དགའ་སྤྲོའི་ཐལ་མོའི་ཁྲོད་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའི་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་དོན་འགྲུབ་གཉིས་ཀྱིས་སློབ་གྲྭའི་སྒོ་བྱང་ཕྱེས།

ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པའམ་རྫོང་ཨུའི་ཧྲུའུ་ཅི་ཡང་ཀྲིན་ལེན་གྱིས་མཛད་སྒོར་ཤིས་ཚིག་ཕུལ།

ཏང་གི་ཚོགས་ཆེན་བཅུ་དྲུག་པའི་འཐུས་མི། ཨ་མཆོག་ས་ཁུལ་སློབ་གསོ་ཡར་སྐུལ་ཚོགས་པའི་ཚོགས་གཙོ་ཨ་ཁུ་བསྟན་པས་མང་ཚོགས་ཀྱི་འཐུས་ཚབ་བྱས་ནས་གཏམ་བཤད་བྱས།

ལོ་རིམ་བདུན་པའི་སློབ་མ་རྟ་མགྲིན་རྡོ་རྗེ་ཡིས་སློབ་མའི་ཚབ་བྱས་ནས་གཏམ་བཤད་བྱས།

    བྱ་འགུལ་མཇུག་རྫོགས་པ་དང་ཡུས་ཁྲིན་ཧུའི་ལ་སོགས་པའི་འགོ་ཁྲིད་རྣམ་པས་སློབ་གྲྭའི་མཚམས་སྦྱོར་བའི་སྣེ་ཁྲིད་འོག་སློབ་ཁྲིད་ཐོག་ཁང་ནས་སློབ་གྲྭའི་མཚམས་སྦྱོར་བརྙན་ཐུང་ལ་བལྟས་པ་དང་། དེ་ནས་སློབ་གྲྭའི་ཁོར་ཡུག་དང་རྩལ་སྦྱོང་ར་བ། སློབ་མའི་ཉལ་ཁང་དང་ཇ་ཁང་སོགས་ལ་ལྟ་རྟོག་བྱས།

 མཇུག་མཐར་སློབ་ཁྲིད་ཐོག་ཁང་གི་མདུན་ནས་རྗེས་དྲན་མཉམ་པར་བླངས།

 མཇུག་མཐར་སློབ་ཁྲིད་ཐོག་ཁང་གི་མདུན་ནས་རྗེས་དྲན་མཉམ་པར་བླངས།

 མཇུག་མཐར་སློབ་ཁྲིད་ཐོག་ཁང་གི་མདུན་ནས་རྗེས་དྲན་མཉམ་པར་བླངས།

 མཇུག་མཐར་སློབ་ཁྲིད་ཐོག་ཁང་གི་མདུན་ནས་རྗེས་དྲན་མཉམ་པར་བླངས།

གསར་འགོད་པ།  རྒྱ་འདུ་སངས་རྒྱས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། fc5j བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23502798
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།