སློབ་གླིང་གསར་འགྱུར། སློབ་མ་གསར་བསྡུའི་གནས་ཚུལ་སོགས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 4 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »སློབ་གླིང་གསར་འགྱུར། སློབ་མ་གསར་བསྡུའི་གནས་ཚུལ་སོགས།
སློབ་གླིང་གསར་འགྱུར། སློབ་མ་གསར་བསྡུའི་གནས་ཚུལ་སོགས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2021-09-09ལྟ་ཀློག (5895)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

2021ལོའི་སློབ་མ་གསར་བསྡུའི་གནས་ཚུལ་སོགས།

     སྤྱི་ལོ་༢༠༢༡ལོའི་སྤྱི་ཟླ་༩ཚེས་༡ཉིན་ཁུར་གྱིས་དུད་པའི་སྟོན་འབྲས་གསེར་ལྡན་གྱི་ལོ་ལེགས་དང་མཉམ་དུ་རེ་བ་དང་ཡིད་ཆེས་ཀྱི་ཀློང་ནས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་འགོ་གསར་དུ་ཚུགས་ཤིང་།  སློབ་འགོ་ཚུགས་པ་ནས་བཟུང་སློབ་གླིང་འདིའི་དགེ་སློབ་ལས་བཟོ་བ་ཡོངས་དཔུང་རྡང་མཉམ་གཤིབ་ཀྱིས་ཉིན་མཚན་མེད་པར་གཟབ་ནན་གྱིས་ལས་ཀར་ཞུགས་པ་དང་།  དཀའ་བ་བརྒྱ་ཕྲག་མང་བོ་ཁྱད་དུ་བསལ་ནས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་སྲིད་ཇུས་དང་མཐུན་པར་སློབ་འགོ་གསར་ཚུགས་ཀྱི་ཐད་ལ་ཕྱོགས་ཡོངས་ནས་གྲ་སྒྲིག་ཕུན་སུམ་ཚོགས་པ་བྱས།  ཚེས་༦ ནས་བཟུང་སློབ་གླིང་གི་སློབ་བསྡུའི་རྩ་དོན་བཞིན་ད་ལོའི་སློབ་མ་གསར་བསྡུའི་ཕྱོགས་ནས་ལས་ཀ་གནང་བ་དང་། ད་ལོར་སློབ་གླིང་འདིར་ཞུགས་འདོད་ཀྱི་འདུན་པ་སྙིང་ལ་ལྕི་བའི་བོད་མདོ་དབུས་ཁམས་གསུམ་ནས་སླེབས་པའི་གསར་ཞུགས་སློབ་མ་རྣམས་ལ་རྒྱུགས་ཞུགས་མིང་ཐོ་བཀོད།   ཚེས་༨ཉིན་ནི་གསར་ཞུགས་སློབ་མ་དངོས་སུ་རྒྱུགས་ལེན་གྱི་ཉིན་མོ་ཡིན་ཞིང་།  སློབ་གླིང་འདིའི་བྱེད་པོ་བཀའ་དྲིན་ཅན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་དངོས་སུ་ཕེབས་མ་ཐུབ་པར་ཁ་པར་བརྒྱུད་ནས་གསར་ཞུགས་སློབ་མ་དང་ཁྱིམ་བདག་རྣམས་ལ་གསུང་བཤད་མཆི་མ་ལྷུང་བ་གནང་། གསར་ཞུགས་སློབ་མ་རྣམས་རྒྱུགས་ར་བགོས་ཤིང་། དགེ་རྒན་དང་ལས་བཟོ་བ་ཡོངས་ཐེངས་འདིའི་རྒྱུགས་རྟོག་ཏུ་ཚན་ཁག་བྱས་ནས་འགན་བགོས། རྒྱུགས་ལེན་གྲུབ་རྗེས་ཁྱིམ་བདག་དང་གསར་ཞུགས་སློབ་མ་རྣམས་ལ་དུས་ཚོད་འགོར་འགྱངས་མི་བྱ་བའི་ཆེད་དུ།  སློབ་གླིང་འདིའི་དགེ་སློབ་ལས་བཟོ་བ་ཡོངས་གཞུང་ལས་ཁང་དུ་མཉམ་དུ་འདུས་ནས་བདེན་པ་བདེན་དྲང་གིས་རྒྱུགས་ཤོག་ལ་ལྟ་བ་དང་། སློབ་མ་རེ་རེའི་སྐར་གྲངས་སྤྱི་བསྡོམས་དང་རེའུ་མིག་ལ་འགོད་པ་སོགས་བྱ་བ་འཐུས་ཤོར་མེད་པ་གནང་།  ཚེས་༩ཉིན་སྔ་མོ་ནས་དངོས་སུ་རྒྱུགས་སྐར་ཁྱབ་བསྒྲགས་གནང་སྟེ་ཡིག་ཚད་ལོངས་པའི་སློབ་མ་བསྡུ་ལེན་དང་འཛིན་གྲྭ་བཀོད་བསྒྲིགས་སོགས་བྱས། 
ད་ཐེངས་སློབ་འགོ་རྩོམ་པ་དང་སློབ་མ་གསར་བསྡུའི་བྱ་བའི་བརྒྱུད་རིམ་ཁྲོད་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ནས་མ་ཡུམ་སློབ་གྲྭར་རྒྱབ་སྐྱོར་གང་ལེགས་བྱས་ཤིང་། ཁྱད་པར་དུ་མ་ཡུམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་། སྤྱི་ཚོགས་སྟེང་གི་དགེ་ལས་པ་ལྷག་བསམ་ཅན་མང་བོ་དངོས་སུ་ཕེབས་ནས་རོགས་སྐྱོར་བླ་མེད་གནང་།

ད་ལོར་སློབ་གླིང་དུ་དམིགས་བསལ་གྱི་གསར་འགྱུར་ཚ་ཤོས་ཤིག་བྱུང་བ་ནི། ཕ་བུ་གཉིས་མཉམ་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མ་གསར་བསྡུའི་རྒྱུགས་སྤྲོད་ལ་ཞུགས།   ཕ་རྒན་གྱི་རེ་བ་བུ་དང་མཉམ་དུ་སློབ་གྲོགས་ཀྱི་ངོས་ནས་སློབ་གླིང་འདིའི་སློབ་མ་ཉན་རྒྱུ་དེ་ཡིན་ནའང་། ཕ་རྒན་གྱིས་སློབ་གླིང་དུ་རྒྱུགས་འཕྲོད་ཅིང་།  བུ་ལོ་ཚོད་ཚད་བཀག་གི་དབང་གིས་ད་ལོར་ཞུགས་མ་ཐུབ།  ཕ་རྒན་གྱིས་བཤད་རྒྱུར།    ང་རང་ཆུང་དུས་ནས་སློབ་གྲྭར་འགྲོ་མ་ཐུབ་པས། རང་གི་སྐད་ཡིག་ཡག་པོ་ཞིག་སྦྱོང་མ་ཐུབ་པར་སེམས་ན་ཧ་ཅང་ན་ཟུག་ཡོད།    ད་ལོར་སེམས་ཐག་བཅད་ནས་བུ་དང་མཉམ་དུ་སློབ་གྲྭ་འདིར་ཡོང་བ་ཡིན་ཟེར།

གསར་འགོད་པ། འབའ་སྣང་གྲོལ།

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 2yq5 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  སློབ་གླིང་གསར་འགྱུར། སློབ་མ་གསར་བསྡུའི་གནས་ཚུལ་སོགས།   སྤེལ་མཁན།: ཛྙཱ་ན་གརྦྷ སྤེལ་དུས:2021/9/13
དཀོན་མཆོག་གསུམ་གྱི་ཐུགས་རྗེ་སྤྱན་གྱིས་གཟིགས།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23576979
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།