ངག་དབང་རང་གྲོལ་གྱི་པདྨའི་ལེའུ། འོས་སྦྱོར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 23 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྩོམ་རིག» བཅད་རྩོམ། »ངག་དབང་རང་གྲོལ་གྱི་པདྨའི་ལེའུ། འོས་སྦྱོར།
ངག་དབང་རང་གྲོལ་གྱི་པདྨའི་ལེའུ། འོས་སྦྱོར།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2021-09-03ལྟ་ཀློག (3706)རྩོམ་ཁུངས: ངེད་དྲ་བ།

༈པདྨའི་ལེའུ།


ཚོར་དྲུག་ཟླ་འོད་ཀྱི་སྨྱུག་རྩེར་ཟགས་པའི།།
བཅོ་བརྒྱད་རྨི་ལམ་གྱི་མཚམས་སྤྲིན་ཡག་པ།།
བདེན་ཞེན་རིག་སྟོང་གི་མཁའ་ལ་འཁྱིལ་དུས།།
འཁྲི་ཤེས་འཇའ་མཚོན་གྱི་ལུག་ཁྱུ་འཚོས་ཡོད།།

ཀློང་ཆེན་མེ་ཏོག་གི་འོམ་བུའི་ཚལ་ནས།།
ཀུན་རྫོབ་འདུ་ཤེས་ཀྱི་རི་དྭགས་འདེད་ན།།
བརྩེ་ཆེན་མུ་ཏིག་གི་དར་ལག་འཐེན་པའི།།
གཟུཊ་མེད་ལྷ་ཚོགས་ཀྱི་ཞབས་རྗེས་རྙེད་ཡོད།།

སྟོང་ཉིད་མཉམ་བཞག་གི་རྒྱ་ལས་གྲོལ་ཏེ།།
བྱར་མེད་འཕྲོ་རྒོད་ཀྱི་རྟ་ཁ་དཀྱུས་ནས།།
མི་ཟད་འཇིག་རྟེན་གྱི་ཆུ་རབ་བཅད་དེ།།
དབྱངས་ལྡན་སྙིང་སྡུག་མ་གྲོགས་སུ་བཀུག་ཡོད།།

མཐའ་བརྒྱད་སྤྲོས་བྲལ་གྱི་གདན་ཁ་མི་གནོན།།
ཕྱི་ནང་གཅིག་གྲོལ་གྱི་གསང་གནད་མི་བཙལ།།
རང་འདོད་མཆོག་དཀར་གྱི་གཞུ་སྐུད་བར་ནས།།
ཚེ་གཅིག་རྟེན་འབྲེལ་གྱི་མདའ་ཁ་འབྱེད་དོ།།

སྲིད་པའི་སྒང་ལམ་འདི་རྐང་པས་དེད་ནས།།
ཉི་ཟླའི་གཙང་འགྲམ་ནས་ཁྲུས་ལ་རོལ་དུས།།
དྲན་ཤེས་སྙིང་ལག་གི་རྩྭ་སྐྱ་སྒུལ་བའི།།
ལས་འཕྲོའི་བསིལ་རླུང་གི་རྔ་ཡབ་འགུལ་བྱུང་།།

སྣོད་བཅུད་བརྟན་གཡོ་ཡི་ཆགས་འཇིག་ཀློང་ནས།།
རྫུན་པའི་ཆོས་ཀུན་གྱི་འཇའ་ཚོན་ཤར་ན།།
འདང་བརྩེའི་རྒྱབ་གཟུགས་ཀྱི་བསླུ་བྲིད་ཐེབས་པའི།།
ཨོ་ལོའི་རུམ་ཁ་འདི་གསོ་མཁན་སུ་ཡིན།།

རྟོག་ཚོགས་དྲག་ཆར་གྱི་གནམ་ས་བསྒྱུར་པའི།།
ལྷོ་བྱང་གྲོང་ཁྱེར་གྱི་ས་མཚམས་བརྒལ་དུས།།
སྒྱུ་འཕྲུལ་ཆུ་མིག་གིས་མཆོད་ཁ་འཕེན་ཞོར།།
གཤིས་གླུ་ཐལ་འགྱུར་གྱིས་རྨི་ལམ་བསྐྱོམ་ངེས།།

དྲུག་དཀར་གཡུ་ཆུང་གི་འཛུབ་དཀྲིས་ངོས་ལ།།
སྐྱེས་རབས་གཡུ་བྱུར་གྱི་ཕྲ་རྒྱན་བཏབ་སོང་།།
ཞེན་པའི་བརྡ་སྐད་ཀྱི་གླུ་ངག་འཁྲོལ་དུས།།

དུང་བའི་ཉམས་འགྱུར་དེ་རུས་ལ་ཟུག་འདྲ།།

ངག་དབང་རང་གྲོལ། ༢༠༠༠ ལོར་ཁམས་ཆབ་མདོ་རུ་སྐྱེས། ༢༠༡༥ ལོ་ནས་བཟུང་ད་བར་དགེ་ལུགས་པའི་གྲྭ་ས་ལབ་དགོན་ནས་བསྡུས་ཚད་གཉིས་ལ་སྦྱོང་པ་བྱས། ༢༠༡༨ ལོར་སྙན་ངག་འབྲི་བའི་ལམ་ཁར་གསར་དུ་ཞུགས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K
ལྟ་ཀློག་གྲངས་ཀ
23522574
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།