ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུ་འཚོགས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྒྱལ་ཕྱི་ནང་གསར་འགྱུར། »ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུ་འཚོགས།
ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུ་འཚོགས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས 2021-08-29ལྟ་ཀློག (3418)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་ཐོག་གསུང་དོན། 

ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་བོ་བྱས་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་གསུང་།


ལི་ཁེ་ཆང་གིས་གཙོ་སྐྱོང་གནང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཚོགས་འདུར་ཕེབས། ཝང་དབྱང་གིས་གཏམ་བཤད་གནང་།


    ཤིན་ཧྭ་གསར་འགྱུར་ཁང་གིས་པེ་ཅིང་ནས་ཟླ་8ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་ཟླ་8ཚེས་27དང་28ཉིན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་རང་རེའི་ཏང་གི་དགོངས་པ་གལ་ཆེན་ནོར་འཁྲུལ་མེད་པར་ཁོང་དུ་ཆུད་པར་བྱེད་དགོས་པ་མ་ཟད་ཁྱོན་ཡོངས་ནས་ལག་བསྟར་བྱ་དགོས་ལ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་བོར་བཟུང་ནས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་དུ་བསྐྱོད་དགོས་ལ། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས། མི་རིགས་ཁག་བར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། མི་རིགས་ས་ཁུལ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། མི་རིགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་། མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་འགོག་ཟོན་དང་སེལ་ཐབས་བྱེད་དགོས། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་་ས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་སྐུལ་སློང་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བར་བྱེད་པའི་འབད་འཐབ་ཀྱི་དམིགས་འབེན་གཉིས་པ་མངོན་འགྱུར་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱ་དགོས།

ཟླ་8ཚེས་27ཉིན་ནས་ཚེས་28ཉིན་བར་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཕུང་ཤིང་ལེ་ཡིས་པར་བཏབ།


    ལིས་ཁི་ཆང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་། ལི་ཀྲན་ཧྲུའུ་དང་ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། ཝང་དབྱང་གིས་ཕྱོགས་སྡོམ་གསུང་བཤད་གནང་བ་རེད།


    ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཏང་གི་ལོ་བརྒྱའི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་སྐབས། ཏང་གི་མི་རིགས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཆེ་ཤོས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་འགྲོ་ལམ་ཐོག་བསྐྱོད་པ་དེ་རེད། སྒྱུར་བཅོས་སྒོ་དབྱེ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རེའི་ཏང་གིས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་སོགས་ཀྱི་འདུ་ཤེས་ནི་གཅིག་རྒྱུན་གཅིག་འཛིན་བྱས་ཏེ་དུས་བསྟུན་འཕེལ་རྒྱས་ཀྱིས་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ལག་ལེན་བསྟར་བས། མི་རིགས་གནད་དོན་སྟངས་འཛིན་ཐུབ་པ་དང་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་རྩ་ཆེའི་ཉམས་མྱོང་གསོག་འཇོག་ཐུབ་པ་དང་། མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཏང་གི་དགོངས་པ་གལ་ཆེན་ཆགས་པ་དེ་དག་མདོར་བསྡུས་ནས་བཤད་ན་གཤམ་གསལ་གྱི་ཕྱོགས་དག་ཡོད་པ་རེད། གཅིག་ནས་ངེས་པར་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་སྟངས་འཛིན་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་འགོ་འཛུགས་ས་དང་དོན་ལ་འབབ་སར་བྱས་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ལ་སྤྱི་འདོམས་འཆར་འགོད་དང་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནས་ངེས་པར་དུ་མི་རིགས་ཁག་གིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་ཐུན་མོང་ཐོག་འབད་འཐབ་བྱ་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ལས་འགན་གལ་ཆེན་ལ་བརྩིས་ནས་མི་རིགས་ཁག་དུས་རབས་ཀྱི་རྗེས་སུ་བསྙེགས་ཏེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས་པ། གསུམ་ནས་ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་བོར་བྱས་ཏེ་མི་རིགས་ཁག་གིས་བློ་བརྟན་འགྱུར་མེད་ངང་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་ཚད་མཐོའི་ངོས་འཛིན་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པ། བཞི་ནི་ངེས་པར་དུ་ཡང་དག་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་མཐའ་འཁྱོངས་བྱས་ཏེ་ཀྲུང་ཧྭ་མི་རིགས་ལ་མོས་སེམས་དང་སྤོབས་སེམས་ཆེ་རུ་གཏོང་དགོས། ལྔ་ནི་ངེས་པར་དུ་མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་ཁག་གིས་ཐུན་མོང་ཐོག་རང་ཁྱིམ་རང་བདག་བྱེད་པ་དང་། རྒྱལ་ཁབ་ཀྱི་ལས་དོན་དོ་དམ་བྱེད་པར་ནང་ཞུགས་བྱེད་པར་ཁག་ཐེག་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱ་དགོས། དྲུག་ནི་ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོའི་དར་ཆ་མཐོན་པོར་བསྒྲེངས་ནས་མི་རིགས་ཁག་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོའི་ནང་སེ་འབྲུའི་འབྲུ་ལྟར་གོང་བུ་གཅིག་ཏུ་སྒྲིལ་རྒྱུར་སྐུལ་འདེད་གཏོང་དགོས་པ། བདུན་ནས་ངེས་པར་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་ཏང་ཀྲུང་དབྱང་གི་སྲིད་བཀའ་ཐོགས་མེད་ཡོང་བའི་འགན་ལེན་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ཐུབ་པའི་འགན་ལེན། མི་རིགས་ཁག་གིས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ། ཐུན་མོང་ཐོག་འཕེལ་རྒྱས་དང་ཐུན་མོང་ཐོག་ཕྱུག་པོ་ཆགས་པ་བཅས་བྱེད་དགོས་པ། བརྒྱད་ནས་ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ནས་མི་རིགས་ཁག་མི་སེམས་གཅིག་ཏུ་སྒྲིལ་བ་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་ཐུབ་པ་བྱས་ཏེ་མི་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་ཡར་བརྩོན་གྱི་བསམ་པའི་འབྲེལ་ཐག་ཆེན་པོ་ཞིག་ཆགས་པ་བྱེད་དགོས་པ། དགུ་ནས་ངེས་པར་དུ་མི་རིགས་ཁག་དབར་རྒྱ་ཁྱབ་ངང་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་དབར་ཕུགས་བསམ་དང་དད་སེམས། བརྩེ་སེམས། རིག་གནས་བཅས་ཀྱི་ཐད་མཐུན་སྒྲིལ་གཅིག་གྱུར་བྱ་རྒྱུར་སྐུལ་འདེད་བཏང་ནས་ལྟ་རེས་སྐྱོང་རེས་དང་བརྩེ་དུང་ཟབ་མོ་འཆང་དགོས་པ། བཅུ་ནི་ངེས་པར་དུ་མི་རིགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། བཅུ་གཅིག་ནི་ངེས་པར་དུ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། མི་རིགས་ཁག་ལ་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུའི་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་བྱེད་པ། རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་རྒྱལ་ཁབ་བདེ་འཇགས། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་དགོས་པ། བཅུ་གཉིས་ནི་ཏང་གིས་མི་རིགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་གནད་དོན་ཐག་གཅོད་དང་མི་རིགས་ལས་དོན་ལེགས་པར་སྒྲུབ་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། རང་རེའི་ཏང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ནི་ཏང་གི་མི་རིགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་བློ་གྲོས་ཀྱི་སྙིང་བཅུད་དང་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྩ་བའི་གཞི་འཛིན་ས་ཡིན་པས་ཏང་ཡོངས་ཀྱིས་ངེས་པར་དུ་ཆ་ལག་ཚང་བ་དང་གནད་ལ་འཁེལ་བ། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ལག་བསྟར་བཅས་བྱེད་དགོས།


    ཞི་ཅིན་ཕིང་གིས་གསུང་དོན། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོ་སྒྲུབ་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དུ་བརྩི་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་ན། མི་རིགས་ཁག་གི་མི་དམངས་ལ་ཁྲིད་སྟོན་བྱས་ཏེ་བདེ་སྡུག་མཉམ་མྱོང་དང་ཁྲེལ་གྲགས་མཉམ་ཁུར། མཉམ་ཤི་མཉམ་གསོན་། ལས་དབང་གཅིག་པ་བཅས་ཀྱི་ཐུན་མོང་ཚོགས་པ་འཛུགས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་ནི་མི་རིགས་ཁག་གི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་སྲ་ཞིང་བརྟན་པའི་བསམ་བློའི་ལྕགས་རི་རིང་པོ་ཞིག་བསྐྲུན་ཚེ། མི་རིགས་ཁག་གིས་ཐུན་མོང་ཐོག་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཡག་པོ་བྱེད་ཐུབ་ལ། གཞི་ནས་ཐལ་སྤྱོད་དང་ཁ་ཕྲལ་གྱི་བསམ་བློ་སྣ་ཚོགས་ཀྱིས་སིམ་འཛུལ་དང་མགོ་རྟིང་ལོག་རྒྱུ་བཀག་འགོག་ནུས་ལྡན་བྱེད་ཐུབ་པ་དང་། གཞི་ནས་མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་མངོན་འགྱུར་ཐུབ་པ་དང་། མི་རིགས་ཁག་གི་རྩ་བའི་ཁེ་ཕན་སྲུང་སྐྱོང་ཡག་པོ་དང་འཕེལ་རྒྱས་ཡག་པོ་བཅས་བྱེད་ཐུབ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་བླང་བྱར་བརྩིས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཚེ། གཞི་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད་མི་རིགས་ཁྱབ་ཁོངས་སུ་ཐོན་སྲིད་པའི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་གཅོག་ཐུབ་པ་དང་། གཞི་ནས་ཏང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་བསམ་བློའི་འགན་ལེན་གལ་ཆེན་བྱེད་ཐུབ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཚེ་གཞི་ནས་མི་རིགས་ཁག་གིས་ཀྲུང་ཧྭ་མི་རིགས་ལ་བཅངས་པའི་རང་རྟོགས་ཀྱི་ངོས་འཛིན་ཟབ་ཏུ་འགྲོ་ཐུབ་པ་དང་། རང་རྒྱལ་གྱི་མི་རིགས་འབྲེལ་བ་འཕེལ་རྒྱས་ཀྱི་བསམ་བློའི་རྨང་གཞི་བརྟན་དུ་ཕྱིན་ནས་ཀྲུང་ཧྭ་མི་རིགས་འདི་ཉིད་ངོས་འཛིན་གཅིག་མཐུན་བྱེད་ཚད་དེ་བས་ཆེ་བ་དང་གོང་བུ་གཅིག་ཏུ་འགྲིལ་ཤུགས་ཆེ་བའི་ལས་དབང་གཅིག་མཐུན་འདུས་གྲུབ་ཏུ་འགྱུར་རྒྱུར་སྐུལ་འདེད་གཏོང་ཐུབ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་ཏང་གི་མི་རིགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་པ་དང་ཐུན་མོང་གི་རང་བཞིན་ཆེ་རུ་གཏོང་བའི་ཁ་ཕྱོགས་གཞིར་བཟུང་མི་རིགས་ལས་དོན་ལེགས་སུ་བཏང་ནས་ཐུན་མོང་གི་རང་བཞིན་དང་ཁྱད་པར་གྱི་རང་བཞིན་ལྡན་པའི་རྩོད་སྒྲུབ་གཅིག་གྱུར་དང་། མི་རིགས་ཀྱི་རྒྱུ་རྐྱེན། ས་ཁོངས་ཀྱི་རྒྱུ་རྐྱེན་བཅས་ཟུང་འབྲེལ་དམ་ཟབ་ཐུབ་པ་བྱས་ཚེ། གཞི་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཞིབ་ཚགས་དང་ཏན་ཏིག་ངང་སྒྲུབ་ཐུབ།


    ཞི་ཅིན་ཕིང་གིས་ཏང་གི་མི་རིགས་ལས་དོན་གསར་གཏོད་དང་འཕེལ་རྒྱས་གཏོང་བར་ཡང་དག་པ་དང་ལེགས་སྒྲིག་དུས་ལས་ཡོལ་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་དེ་བས་ལེགས་པའི་སྒོ་ནས་འགན་ལེན་བྱེད་དགོས། ཐུན་མོང་རང་བཞིན་དང་ཁྱད་པར་རང་བཞིན་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པ་བྱས་ནས་ཐུན་མོང་རང་བཞིན་དང་བརྩི་འཇོགཁོང་ཡངས་རང་བཞིན་བཅས་ཀྱི་རང་བཞིན་ཆེ་རུ་གཏོང་རྒྱུ་ནི་མི་རིགས་ལས་དོན་གྱི་རྩ་དོན་གལ་ཆེན་ཞིག་རེད། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་དང་མི་རིགས་ཁག་གི་འདུ་ཤེས་དབར་གྱི་འབྲེལ་བ་ཁོང་དུ་ཆུད་པ་བྱས་ནས་མི་རིགས་ཁག་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་རྒྱུར་ཁྲིད་སྟོན་བྱས་ཏེ་མི་རིགས་ཀྱི་འདུ་ཤེས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལ་བརྩི་སྲུང་དང་ཞབས་འདེགས་ཞུ་དགོས་པ་དང་དུས་མཚུངས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་ཁེ་ཕན་ཧྲིལ་པོའི་བརྒྱུད་རིམ་ཁྲོད་མི་རིགས་ཁག་གི་ཞིབ་ཕྲའི་ཁེ་ཕན་མངོན་འགྱུར་ཡག་པོ་ཐུབ་པ་བྱས་ཏེ་རྒྱ་རིགས་རིང་ལུགས་དང་ས་གནས་མི་རིགས་རིང་ལུགས་གཉིས་ཀ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ལ་ཕན་པ་མེད་པའི་ནན་བཤད་གནང་བ་རེད།ཀྲུང་ཧྭའི་རིག་གནས་དང་མི་རིགས་ཁག་གི་རིག་གནས་བར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་།མི་རིགས་ཁག་གི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་ཞིག་ཡིན་ཞིང་། ཀྲུང་ཧྭའི་རིག་གནས་ནི་སྲོག་ཤིང་ལྟ་བུ་ཡིན་ལ། མི་རིགས་ཁག་གི་རིག་གནས་ནི་ཡལ་འདབ་རྒྱས་པ་དང་རྩ་བ་ཟབ་ཅིང་རྒྱས་པ་ཡིན་ན་གཞི་ནས་ཡལ་འདབ་རྒྱས་སྲིད་པ་རེད། དངོས་པོ་དང་བསམ་པའི་འབྲེལ་བ་སྟངས་འཛིན་ཡང་དག་བྱས་ཏེ་སྒྱུར་བཅོས་དང་འཕེལ་རྒྱས་ཚང་མར་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མངོན་པར་བྱེད་པའི་དོན་སྙིང་དང་། གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་།དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་བཅས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་སྲ་ཞིང་བརྟན་པ་ཞིག་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།


    ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི“རྩ་གནད”ཅིག་ཡིན་པས་ལས་དོན་ཚང་མ་དེའི་ཐད་གཅིག་སྡུད་བྱེད་དགོས། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་སྒོ་ཀུན་ནས་སྐུལ་འདེད་གཏོང་བར། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་སློབ་སྦྱོང་དང་སློབ་གསོའི་ཁྲོད། རང་རེའི་ཏང་གི་ལོ་བརྒྱའི་རིང་གི་མི་རིགས་ལས་དོན་ཐད་ཀྱི་ལེགས་འགྲུབ་བྱུང་བའི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་དང་། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་རང་རེའི་ཏང་གི་བསམ་བློ་གལ་ཆེན་ལ་ཞིབ་འཇུག་ཟབ་མོ་བྱེད་པ། དེང་རབས་ཀྱི་དཔལ་ཡོན་སློབ་གསོར་ཤུགས་སྣོན། ཤེས་དཔལ་གསར་སྐྲུན་དང་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་། དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་ལ་སོགས་པའི་ལས་གྲྭ་ལག་བསྟར་གཏིང་ཟབ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དང་ཚན་རིག་དང་མཐུན་པའི་སྒོ་ནས་མི་རིགས་སོ་སོའི་སྐད་ཡིག་ལ་སྲུང་སྐྱོབ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་ཉེར་སྤྱོད་བྱ་བར་བརྩི་འཇོག་དང་འགན་སྲུང་བཅས་བྱ་དགོས།


    ཞི་ཅིན་ཕིང་གིས་ནན་གྱིས་གསུང་དོབ། མི་རིགས་ཁག་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། མི་རིགས་མི་འདྲ་བ་དང་ས་ཁུལ་མི་འདྲ་བའི་དོན་དངོས་ལ་བསམ་གཞིགས་གང་ལེགས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་བཀོད་པའི་འཆར་གཞི་དང་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་བགོ་སྒྲིག་གི་འཆར་འགོད། སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བ། ཁོར་ཡུག་གི་ངང་ཚུལ་བཟོ་བ་བཅས་བྱས་ཐོག བར་སྟོང་དང་རིག་གནས། དཔལ་འབྱོར། སྤྱི་ཚོགས། སེམས་ཁམས་སོགས་ཐད་ཀྱི་མི་རིགས་ཁག་ཕྱོགས་ཡོངས་ནས་རིམ་བཞིན་མཉམ་འདྲེས་ཡོང་བར་བྱ་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་གཏིང་ཟབ་སྤེལ་ནས་ནང་དོན་གཏིང་ཟབ་དང་། རྣམ་པ་ཕུན་སུམ་ཚོགས་པ། བྱེད་ཐབས་གསར་གཏོད་བཅས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དྲིལ་བསྒྲགས་སློབ་གསོ་རྒྱུན་རྣམ་ཅན་གྱི་ལམ་སྲོལ་བརྟན་པོ་འཛུགས་པ་དང་།ལས་བྱེད་པར་སློབ་གསོ་དང་ཏང་ཡོན་སློབ་གསོ། རྒྱལ་དམངས་སློབ་གསོའི་མ་ལག་བཅས་ནང་དུ་བཅུག་ནས་སྤྱི་ཚོགས་ཀྱི་དྲིལ་བསྒྲགས་སློབ་གསོ་ཡག་པོ་རྒྱག་དགོས།


    ཞི་ཅིན་ཕིང་གིས་བསྟན་དོན། མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ས་ཁུལ་མི་འདྲ་བ་དང་མི་རིགས་མི་འདྲ་བའི་དོན་དངོས་གཞིར་བཟུང་དྲང་གཞག་གཞུང་དྲང་རྩ་དོན་དུ་བཟུང་ནས་ས་ཁོངས་ཅན་དང་གནད་སྨིན་རང་བཞིན་མངོན་གསལ་དོད་དུ་གཏོང་བ་དང་། དམིགས་བསལ་ས་ཁུལ་དང་དམིགས་བསལ་གནད་དོན། དམིགས་བསལ་དོན་ཚན་བཅས་ལ་དམིགས་ཏེ་ཁྱད་པར་ཡོད་པའི་ས་ཁོངས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དེ་བས་མང་བ་བཟོ་བ་དང་ལག་བསྟར་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འགན་སྲུང་དང་། མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་པའི་གྱོད་གཞི་དང་དོན་རྐྱེན་ཁྲིམས་ལྟར་ཐག་གཅོད་འོས་འཚམ་བྱེད་པ།ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ་བཅས་བྱས་ཏེ་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་བྱ་དགོས།


    ཞི་ཅིན་ཕིང་གིས་གསུང་དོན། མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཚབས་ཆེན་ལ་དོགས་ཟོན་མཐའ་གཅིག་ཏུ་བྱེད་དགོས། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་བརྟན་སྲུང་བྱས་ནས་མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་པའི་འདུ་ཤེས་འཛིན་སྟངས་ཀྱི་གནད་དོན་ཐག་གཅོད་ལེགས་པོ་བྱས་ཏེ་མི་རིགས་ཁ་ཕྲལ་དང་ཆོས་ལུགས་ཀྱི་ཐལ་སྤྱོད་བསམ་བློའི་དུག་རྒྱུན་རྒྱུན་མཐུད་ངང་གཙང་སེལ་བྱེད་དགོས། རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གཙོ་གནད་རྒྱལ་ཁབ་དང་ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས། ཕྱི་རྒྱལ་དུ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས།


    ཞི་ཅིན་ཕིང་གིས་ཏང་གི་ཕྱོགས་ཡོངས་ཀྱི་ནེ་བཁྲིད་ལ་ཤུགས་སྣོན་རྒྱག་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་ཞིག་རེད།རིམ་ཁག་ཏང་ཨུད་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ།ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། “རྒྱལ་ཁབ་ཆེ་ཤོས་ཡིན་པ”བློ་ལ་བརྟན་པོར་ངེས་པ། བྱེད་པོའི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ། ཏང་གི་འགོ་ཁྲིད་དེ་མི་རིགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བཅས་བྱས་ནས་ཏང་ཨུས་གཅིག་གྱུར་ཐོག་འགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་ཁྲིམས་ལྟར་དོ་དམ་བྱེད་པ། འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱིས་སྣེ་ཁྲིད་དེ་མཐུན་སྦྱོར་བྱེད་པ། མི་རིགས་ལས་དོན་སྡེ་ཚན་གྱིས་འགན་འཁྲི་སྒྲུབ་པ། གཞི་རིམ་གྱི་མི་རིགས་ལས་དོན་སྒྲིག་གཞི་འཛུགས་སྐྱོང་དང་མི་རིགས་ལས་དོན་གྱི་སྟོབས་ཤུགས་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་མི་རིགས་ལས་དོན་ནུས་ལྡན་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།


    དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་མཐའ་འཁྱོངས་བྱས་ཏེ་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་རྣམ་འགྱུར་ཧ་ཅང་བརྟན་པོ་དང་ཡིན་མིན་ཆེན་པོའི་ལངས་ཕྱོགས་ཧ་ཅང་གསལ་པོ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་བྱ་སྤྱོད་ཧ་ཅང་བརྟན་པ། རིགས་ཁག་གི་མང་ཚོགས་ལ་དགའ་ཞེན་བྱེད་པ་བཅས་ཀྱི་མི་རིགས་ས་ཁུལ་གྱི་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་གིས་བཙུགས་ནས་རིམ་པ་ཁག་གི་འགོ་ཁྲིད་དབང་ཆ་ལྷག་བསམ་རྣམ་དག་དང་། དྭངས་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་ལག་ཏུ་འཛིན་ཐུབ་པའི་འགན་ལེན་བྱེད་དགོས། དཀའ་ཚེགས་ཆེ་བའི་ས་ཁུལ་དུ་ལས་ཀ་བྱེད་པའི་ལས་གནས་དང་པོའི་ལས་བྱེད་པར་དེ་བས་མཐོང་ཆེན་དང་། སེམས་ཁུར། གཅེས་སྐྱོང་བཅས་བྱས་ཏེ་ཤེས་ལྡན་པ་ཕུལ་བྱུང་སྔར་ལས་མང་བ་འགུག་དགོས། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་དང་བཀོལ་སྤྱོད་ལེགས་པོ་བྱེད་པར་མཐོང་ཆེན་བྱ་དགོས་པ་དང་། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་འགན་འཁྲི་འཁུར་ཕོད་པའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཕུལ་བྱུང་རྣམས་ལ་ཡིད་ཆེས་གང་ལེགས་དང་ལས་འགན་གལ་ཆེན་འཁུར་དུ་འཇུག་དགོས།མི་རིགས་ས་ཁུལ་གྱི་གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་ནས་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་གཞི་རིམ་དུ་དྲིལ་བསྒྲགས་བྱེད་མཁན་ཡོད་པ་དང་མི་རིགས་ལས་དོན་གཞི་རིམ་དུ་དམ་འཛིན་བྱེད་མཁན་ཡོད་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

     ཟླ་8ཚེས་27ཉིན་ནས་ཚེས་28ཉིན་བར་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཞུའེ་རེན་གྱིས་པར་བླངས་པ།


    ལི་ཁེ་ཆང་གིས་ཚོགས་འདུར་གཙོ་སྐྱོང་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་། རང་རེའི་ཏང་གི་མི་རིགས་ལས་དོན་གྱི་ལོ་བརྒྱའི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་བུ་དང་ལོ་རྒྱུས་ཀྱི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་བྱས་ཡོད། དེང་སྐབས་ཏང་གི་མི་རིགས་ལས་དོན་གྱི་མདུན་དུ་ལྷགས་པའི་གནས་བབ་གསར་པར་དབྱེ་ཞིབ་གཏིང་ཟབ་བྱས། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་རང་རེའི་ཏང་གི་དགོངས་པ་གལ་ཆེན་རྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་བྱས་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་མཛུབ་ཁྲིད་བསམ་བློ་དང་། འཐབ་ཇུས་དམིགས་ཚད། གཙོ་གནད་ལས་འགན། སྲིད་ཇུས་བྱེད་ཐབས་བཅས་ཁ་གསལ་བཟོས་ཡོད། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ལེགས་པར་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་རེད།རྩ་བའི་གཞི་འཛིན་སའང་འདོན་སྤྲོད་བྱས་ཡོད། ཆབ་སྲིད་ཀྱི་རང་བཞིན་དང་བསམ་བློའི་རང་བཞིན་ཆོསགས་པའི་གཞུང་ལུགས་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པ་རེད། ཏང་གི་རྒྱལ་སྐྱོང་ཐབས་ཇུས་དེ་ཏང་གི་མི་རིགས་ལས་དོན་ཁྱབ་ཁོངས་སུ་གཅིག་སྡུད་ཀྱིས་མཚོན་པ་ཞིག་ཡིན། སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་།ས་གནས་དེ་ག་དང་སྡེ་ཚན་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལས་འགན་ཁག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས།


    ཝང་དབྱང་གིས་ཕྱོགས་སྡོམ་གཏམ་བཤད་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་གཟིགས་རྒྱང་རིང་བ་དང་དགོངས་པ་གཏིང་ཟབ་པ་ཞིག་རེད། དུས་རབས་གསར་པའི་མི་རིགས་ལས་དོན་ཐད་དར་ཆ་གང་འདྲ་ཞིག་སྒྲེང་བ་དང་ལམ་བུ་གང་འདྲ་ཞིག་ཏུ་སྐྱོད་པ་སོགས་ཀྱི་གནད་དོན་གལ་ཆེན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བསྐྱོན་པ་དེ་ནི་ཏང་གི་མི་རིགས་ལས་དོན་གྱི་ལག་ལེན་གྱི་ཕྱོགས་སྡོམ་གསར་ཤོས་ཤིག་དང་། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྱི་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ཤིག་ཡིན་ལ། དུས་རབས་གསར་པའི་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་བཅས་རེད། ཕྱོགས་ཡོངས་ནས་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་འཐུས་སྒོ་ཚང་ལ་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་བྱས་ཏེ་ལྟེ་བའི་དོན་སྙིང་དང་དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་དགོས། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་རྒྱང་སྐྱོད་ལམ་བུ་ནས་དུས་མཚམས་དེ་གའི་མི་རིགས་ལས་དོན་གྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་འགན་འཁྲི་གལ་ཆེན་སྟངས་འཛིན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཀྱི་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་དང་། ཧ་ཅང་གལ་འགངས་ཆེ་བའི་རང་བཞིན། དོན་དངོས་ཀྱི་དམིགས་སའི་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་མི་རིགས་ལས་དོན་གྱི་ཁྱབ་ཁོངས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་ཡག་པོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས་རྣམ་པ་སྣ་ཚོགས་ཀྱི་སློབ་སྦྱོང་གསོ་སྦྱོང་དང་དྲིལ་བསྒྲགས་སྒྲོག་འགྲེལ་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱེད་པ། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་ནན་དུ་གཏོང་བ། མཐུན་སྦྱོར་ཡག་པོ་བྱེད་པ། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།


    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།


    ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་མི་རིགས་ལས་དོན་ཁག་བགོས་ཀྱི་འགན་འཁུར་བློ་མཐུན། འཆར་གཞི་ལོགས་བཀོད་གྲོང་ཁྱེར་དང་རང་སྐྱོང་ཁུལ་གྱི་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་དམག་ཨུའི་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། འབྲེལ་ཡོད་དངུལ་རྩའི་སྒྲིག་གཞི་དང་། ཁེ་ལས། དམག་དཔུང་གི་འབྲེལ་ཡོད་ཚན་པ། འབྲེལ་ཡོད་ཞིབ་འཇུག་སྒྲིག་གཞི་བཅས་ཀྱི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད། 


    ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་ཡན་ལག་ཚོགས་ར་བཙུགས་ཡོད།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 41t7 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23573901
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།