ད་ལོའི་ཨ་མཆོག་ས་ཆའི་གསར་འགྱུར་གལ་ཆེན་ཞིག
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» བོད་ཡུལ་གསར་འགྱུར། »ད་ལོའི་ཨ་མཆོག་ས་ཆའི་གསར་འགྱུར་གལ་ཆེན་ཞིག
ད་ལོའི་ཨ་མཆོག་ས་ཆའི་གསར་འགྱུར་གལ་ཆེན་ཞིག
རྩོམ་སྒྲིག་པ།  འབའ་སྣང་གྲོལ། སྤེལ་དུས 2021-08-27ལྟ་ཀློག (9915)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ད་ལོའི་ཨ་མཆོག་ས་ཆའི་གསར་འགྱུར་གལ་ཆེན་ཞིག  


      ༢༠༢༡ལོའི་བསང་ཆུ་རྫོང་ཨ་མཆོག་སློབ་གསོ་ཡར་སྐུལ་ཚོགས་པས་ཕུལ་བྱུང་སློབ་ཆེན་སློབ་མར་བྱ་དགའ་སྟེར་བའི་མཛད་སྒོ་ཟླ་འདིའི་ཚེས་ཉེར་བདུན་ཉིན་བསང་ཆུ་རྫོང་ཨ་མཆོག་གྲོང་རྡལ་ཞག་འདུག་སློབ་ཆུང་ནས་སྤེལ། ཨ་མཆོག་སློབ་གསོ་ཐེབས་རྩ་ཚོགས་པའི་རྨང་ནི་གཅིག་དགུ་གྱ་ལྔ་ལོར་སྐུ་ཞབས་ཨ་མཆོག་བསྟན་པ་ལགས་ཀྱི་ཐུགས་རྗེའི་གཟི་འོད་ཀྱིས་བཙུགས་པ་ཞིག་ཡིན་ལ། དུས་དེར་ས་གནས་ཀྱི་སློབ་ཞུགས་སློབ་གསོ་ཅུང་རྗེས་ལུས་སུ་སོང་བའི་རྣམ་པའི་འོག་སློབ་ཞུགས་ཡར་སྐུལ་གྱི་ཕྱོགས་སུ་འབད་འབུངས་སྒོས་སློབ་ཆུང་སློབ་མའི་ཇ་ཁང་གི་ཕྱོགས་སུ་སྦྱིན་བདག་མཛད། རིམ་གྱིས་དམའ་འབྲིང་གི་འཚོ་བ་སོགས་ཀྱི་སློབ་མའི་མཐུན་རྐྱེན་གང་ལེགས་སྦྱར་བའི་མཐུས་དངོས་གཞི་དང་ཞིབ་འཇུག  འབུམ་རམས་པར་རྒྱུགས་འཕྲོད་མཁན་བཅས་ལ་རྒྱབ་སྐྱོར་གནང་བའི་ཕྱོགས་སུ་བསྒྱུར་ཏེ་ད་སྔ་བར་དུ་རྒྱུན་བསྐྱངས་ཤིང་སྐྱོང་བཞིན་པའོ། ། 


     སྟོན་དུས་ཀྱི་འབྲས་བཟང་ཁུར་དུ་དུད་པའི་རྫོགས་ལྡན་གྱི་དུས་ཚིགས་འདིར་ཨ་མཆོག་སློབ་གསོ་ཡར་སྐུལ་ཚོགས་པས་ད་ལོར་འབུམ་རམས་པ་གཅིག ཞིབ་འཇུག་སློབ་མ་བདུན། ཕུལ་བྱུང་སློབ་ཆེན་སློབ་མ་ལྔ་བཅུ་ང་གཅིག་དང་། ༢༠༢༠—༢༠༢༡ལོའི་ཨ་མཆོག་ས་ཁུལ་གྱི་ཕུལ་བྱུང་དགེ་རྒན་དག་ལ་བྱ་དགའི་བདག་རྐྱེན་བཅས་བསྩལ།  ཁྱོན་བསྡོམས་པས་མ་དངུལ་ཆིག་འབུམ་ལྔ་ཁྲི་ཆིག་སྟོང་ལྔ་བརྒྱ་བཅས་གནང་། 


     བྱ་དགའི་བདག་རྐྱེན་དུ་འབུམ་རམས་པ་ལ་མ་དངུལ་ཁྲི་གསུམ། ཞིབ་འཇུག་སློབ་མ་རེ་ལ་མ་དངུལ་སྒོར་སྟོང་ལྔ་རེ།  དངོས་གཞི་སློབ་མར་མ་དངུལ་ཆིག་སྟོང་ལྔ་བརྒྱ་རེ། དགེ་རྒན་རེ་ལ་མ་དངུལ་སྒོར་ཉིས་སྟོང་བཅས་གནང་ངོ་། ། ཚོགས་ཐོག་ཏུ་ཨ་ལགས་དབལ་མང་ཆུང་བ་ཚང་དང་སློབ་གསོ་ཡར་སྐུལ་ཚོགས་པའི་ཚོགས་གཙོ་ཨ་ཁུ་བསྟན་པ། གྲོང་རྡལ་ཏང་ཨུ་སྲིད་གཞུང་དང་ཡ་རུ་རྒྱུད་དོན་གཅོད་ཁང་། སློབ་གྲྭ ། ཚོང་ལས་ཚོགས་པ། གླུ་གར་ཚོགས་པ། སྡེ་དམངས་ཨུ་ཡོན་ལྷན་ཁང་སོགས་ཀྱི་འགོ་ཁྲིད་དག་མཛད་སྒོར་ཞུགས་ཡོད། 


     བསང་ཆུ་རྫོང་ཨ་མཆོག་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་སློབ་གཙོ་སངས་རྒྱས་ཚེ་རིང་ལགས་ཀྱིས་ཚོགས་འདུའི་མགོ་འཛིན་གནང་ཞིང་། སློབ་གསོ་ཡར་སྐུལ་ཚོགས་པའི་ཚོགས་གཙོ་ཨ་ཁུ་བསྟན་པ་ལགས་དང་ཡ་རུ་རྒྱུད་དོན་གཅོད་ཁང་གི་ཧྲུའུ་ཅི་དཀོན་མཆོག་ཚེ་རིང་། སློབ་གསོ་ཡར་སྐུལ་ཚོགས་གཙོ་གཞོན་པ་དང་ཚོང་ལས་མཉམ་སྒྲུབ་ཚོང་སྡེའི་ཚོགས་གཙོ་བསམ་གཏན། ཉི་མ་ལུང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ལས་མི་མགོན་པོ་བཀྲ་ཤིས་བཅས་ཀྱིས་གཏམ་བཤད་གནང་། སློབ་གསོ་ཡར་སྐུལ་ཚོགས་པའི་ཚོགས་གཙོ་གཞོན་པ་རྒན་མགོན་པོ་སྐྱབས་ཀྱིས་རེབ་འདིར་བྱ་དགའ་ཐོབ་པའི་སློབ་མ་སོ་སོའི་མིང་ཐོ་ཁྱབ་བསྒྲགས་གནང་། 


    དམིགས་བསལ་དེ་རིང་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སློབ་གསོའི་མཁས་བརྒྱའི་དཔྱད་གླེང་གི་ཐད་གཏོང་ལེའུ་ཚན་དུ་མདོ་འཛིན་པ་འཆི་མེད་སྒྲོལ་མས་སློབ་གསོ་ཡར་སྐུལ་ཚོགས་པའི་ཚོགས་གཙོ་གཞོན་པ་རྒན་མགོན་པོ་སྐྱབས་དང་བསམ་གཏན། སྡེ་མི་མགོན་པོ། ཞིབ་འཇུག་སློབ་མ་བཀྲ་ཤིས་དོན་གྲུབ་བཅས་ལ་བཅར་འདྲི་བྱས། 

   མཇུག་མཐར་ཚོགས་ཞུགས་མི་སྣ་སྤྱི་མཉམ་པར་སྒྲོན་པ་དང་བཅས་ད་ལོའི་ཨ་མཆོག་གི་སློབ་གསོ་སྔར་ལས་དར་ཞིང་རྒྱས་ལ་མ་འོངས་པར་སྤྱིའི་རྒྱུགས་འཕྲོད་ཚད་སྔར་ལས་འཕེལ་བ། སྦྱངས་འབྲས་ཕུན་སུམ་ཚོགས་པའི་རེ་སྐུལ་ནན་བཅག་དང་བཅས་མཇུག་སྒྲིལ་ཏོ། ། 

    གསར་འགྱུར་འགོད་པ།  རྒྱ་འདུ་སངས་རྒྱས།  

སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། pmes བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  ད་ལོའི་ཨ་མཆོག་ས་ཆའི་གསར་འགྱུར་གལ་ཆེན་ཞིག   སྤེལ་མཁན།: གཟི་ཁྲ་ཆུང་། སྤེལ་དུས:2021/8/28
སྐྱེས་བུ་དམ་པ་དེ་དག་གི་མཛད་པ་ལ་རྗེས་སུ་ཡི་རངས་དང་གུས་པར་མཆོད་དོ། བཀུར་རོ།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23506078
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།