སངས་རྒྱས་པ་ལ་ངེས་པར་ཐོས་པ་རྒྱ་ཆེན་པོ་བྱེད་དགོས།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» སློབ་གསོ།» དགེ་རྒན་བཛྲ་ཚུལ་ཁྲིམས། »སངས་རྒྱས་པ་ལ་ངེས་པར་ཐོས་པ་རྒྱ་ཆེན་པོ་བྱེད་དགོས།
སངས་རྒྱས་པ་ལ་ངེས་པར་ཐོས་པ་རྒྱ་ཆེན་པོ་བྱེད་དགོས།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2021-08-06ལྟ་ཀློག (2557)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།། སངས་རྒྱས་པ་ལ་ངེས་པར་ཐོས་པ་རྒྱ་ཆེན་པོ་བྱེད་དགོས།

    ཆོས་སྒྲུབ་པ་ལ་ཐོས་པ་རྒྱ་ཆེན་པོ་བྱེད་དགོས་པ་གཤམ་གྱི་ལུང་འདི་དག་གིས་གསལ་བར་ཤེས་ནུས་སོ།།

    རྣལ་འབྱོར་པ་ཆེན་པོའི་ཞལ་ནས། ཇོ་བོ་པ། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་བསྒྲུབ་པ་ལ། པོ་ཏི་མཛོ་ཁལ་ཙམ་པ་ལ་བྱ་བ་མ་བྱས་པར་ལག་མཐིལ་ཙམ་པ་ཞིག་སྟོན་པ་ཙུག སྦེད་པ་ཙུག་བྱས་པས་གར་ཡང་མི་ཕྱིན་གསུང༌། ཕུ་ཆུང་བ་བཀའ་པོད་ཞལ་ཕྱེ་བ་སྔས་ན་བཞག་ནས། ཁོ་བོ་ཅག་ནི་སློབ་པ་བྱ་བ་ཡིན་པས། བལྟ་བ་མ་བྱུང་ཡང་འདི་ཀུན་ལ་ཞེ་བསྔགས་བྱེད་ལགས། ཆོས་མི་ཤེས་པར་བྱེད་ཟེར་ན་ཇི་ལྟར་བྱེད་དམ་གསུང་སྐད། སྤྱན་སྔའི་གྲྭ་པས་པོ་ཏོ་བ་ལ་སྐྱེལ་ཐུང་བྱས་པའི་དུས་སུ། ཁྱེད་སྐྱིད་ཅེས་ལན་གསུམ་གསུངས་ནས། ངའི་དགེ་བཤེས་གནམ་གྱིས་ས་བཀབ་པ་འདྲ་བ་ལ་བརྟེན་དུ་ཡོད་པས་གཞན་ལ་ནི་འགྲམ་ཆུ་མི་ལྡང༌། རྩ་འགྲེལ་དམར་ཤིག་ཤིག་པ་བལྟ་མི་དགོས་པས་ནི་ལས་ཆུང༌། རྒྱུ་འབྲས་མ་བསམས་པས་ནི་བློ་བདེ། སྔགས་ཀྱི་འདིས་ལས་འདི་འགྲུབ་མང་པོས་ནི་ཞེ་འགྲངས་གསུང༌། ཤ་ར་བའི་ཞལ་ནས། འཚང་མ་རྒྱས་བར་དུ་སློབ་གཉེར་ལ་ཚར་བ་མེད་སངས་རྒྱས་ཙ་ན་ཚར་བ་ཡིན་གསུང༌། ཀ་མ་བའི་ཞལ་ནས། ཆོས་བྱེད་ན་ཤེས་ཅི་དགོས་བྱས་ན་རང་ཉིད་ཉམས་ནས་འགྲོ་བ།འདི་ངེད་ཐོས་ཆུང་ལ་འབྱུང་ཉེ། ནན་ཏུར་བྱས་ན་ཤེས་ཅི་དགོས་ཟེར་ཉེན་ཆེ། ཆོས་ནན་ཏུར་བྱེད་ན་ཤེས་དགོས་ཏེ། ཚེ་ཐུང་འདི་ལ་མི་རྫོགས་པས་དལ་འབྱོར་གྱི་ཨང་ཀ་མ་འཁྲུགས་པར་བྱས་ལ་ཐོས་པ་རྒྱུན་མ་ཆད་དུ་བྱ་སྙམ་དུ་བསམ། སྒོམ་པ་པོ་ལ་མི་དགོས་བཤད་པ་པོ་ལ་དགོས་སྙམ་སྟེ། འཆད་པ་པོ་ལ་སྡིག་ཏུ་འགྲོ་བའི་ཉེན་ཆེ།  སྒོམ་པ་པོ་ཁོ་ན་ལ་དགོས་གསུང་ངོ་།།

བཛྲ་ཚུལ་ཁྲིམས་རྒྱ་མཚོས་བྱང་ཆུབ་ལམ་རིམ་ཆེན་མོ་ལས་དྲངས་ཏེ་སྤེལ།

རྩོམ་ཡིག་མཁོ་སྤྲོད་པ། བྱམས་པ་དོན་གྲུབ། 


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། nldr བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23498064
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།