སློབ་གླིང་གསར་འགྱུར། གཏམ་བཤད་ནོར་བུའི་ཕྲེང་བའི་འགྲན་སྡུར།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 4 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» སློབ་གླིང་གསར་འགྱུར། »སློབ་གླིང་གསར་འགྱུར། གཏམ་བཤད་ནོར་བུའི་ཕྲེང་བའི་འགྲན་སྡུར།
སློབ་གླིང་གསར་འགྱུར། གཏམ་བཤད་ནོར་བུའི་ཕྲེང་བའི་འགྲན་སྡུར།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2021-05-15ལྟ་ཀློག (3584)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

སློབ་གླིང་གསར་འགྱུར། གཏམ་བཤད་ནོར་བུའི་ཕྲེང་བའི་འགྲན་སྡུར།

       སྤྱི་ལོ་2021.5.14ཉིན་ངེད་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གིས་ལོ་རེའི་འཆར་གཞི་ལྟར་༼གཏམ་བཤད་ནོར་བུའི་ཕྲེང་བའི་འགྲན་སྡུར་༽སྐབས་དྲུག་པ་སྤེལ། འགྲན་སྡུར་ལ་འཛིན་གྲྭ་རེའི་མི་གཉིས་རེ་དང་། མཐར་ཕྱིན་འཛིན་གྲྭ་གཉིས་ལ་དམིགས་བསལ་གྱིས་མི་གསུམ་རེ། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་འཐུས་ཚབ་པ་སློབ་མ་བཞི་བཅས་འགྲན་སྡུར་ལ་ཞུགས་ཤིང་། ལོ་རེ་རེའི་གཏམ་བཤད་ཀྱི་བརྗོད་བྱའི་ཁ་ཕྱོགས་མི་འདྲ་བ་བཞིན་ད་ལོར་རིག་གཞུང་སློབ་གསོའི་སྐོར་དང་། ཕ་མ་དགེ་རྒན་ལ་དྲིན་གཟོའི་སྐོར། སྤྱི་ཚོགས་ཀྱི་དྲ་རྒྱའི་གནད་དོན་གྱི་སྐོར་བཅས་ཕྱོགས་གསུམ་ནས་གཏམ་བཤད་བྱས། བརྗོད་བྱ་ལའང་ཡ་ང་བའི་གཏམ་རྒྱུད་དང་ཡིད་སྐྱོ་བའི་འདས་དོན། ད་དུང་ཡང་སྔོན་བྱོན་མཁས་པའི་ལུང་ཚིག་ལ་སྦྱར་བ་སོགས་བཤད་སྟངས་མི་འདྲ་བའི་སྒོ་ནས་གཏམ་བཤད་སེམས་ལ་འབབ་ཅིང་ཡིད་འགུལ་ཐེབས་པ་མང་བོ་བྱས། གཏམ་བཤད་པ་རེ་རེའི་གྲ་སྒྲིག་ཕུན་སུམ་ཚོགས་པར་མ་ཟད། བརྗོད་བྱ་གནད་ལ་ཁེལ་ཞིང་རྗོད་བྱེད་གསལ་ལ་དག་པའི་ངང་རང་ཚོད་ཀྱི་གྲུབ་འབྲས་བླངས།

      དེ་མིན་གདན་ཞུའི་དཔྱད་འདེམ་དགེ་རྒན་རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་གཙོ་ཤར་པང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གཏམ་བཤད་ཀྱི་གལ་ཆེའི་རང་བཞིན། བརྗོད་བྱ་དང་ལག་ལེན་སོགས་གླེང་བར་མ་ཟད། ད་དུང་ཡང་ཐེངས་འདིའི་འགྲན་སྡུར་ལ་གདེང་འཇོག་མཛད་ཅིང་སྤྱི་སྡོམ་བྱས།

      མཇུག་མཐར་བྱ་དགའ་ཐོབ་པའི་སློབ་གྲོགས་བཅུ་གཅིག་པོ་དང་ཕུལ་བྱུང་འཛིན་གྲྭ་གཅིག་བཅས་ལ་གཟེངས་རྟགས་གྱ་ནོམ་པ་གནང་ཞིང་། ཐེངས་འདིའི་འགྲན་སྡུར་ལ་དངུལ་ལོར་གྱི་རྒྱབ་སྐྱོར་གནང་མཁན་གྱི་སྦྱིན་བདག་དག་ལ་དྲིན་གཟོའི་རྟགས་མ་རེ་ཕུལ་ནས་འགྲན་སྡུར་ཡོངས་སུ་མཇུག་བསྡུས།

བྱ་དགའ་ཐོབ་མཁན།

ཨང་དང་བོ།

གཡུང་དྲུང་དར་རྒྱས།

གཉིས་པ།

རྩྭ་ཐང་བུ་མོའི་སློབ་གྲྭའི་དཔལ་ཚེ། བཀྲ་ཤིས་དབང་ཕྱུག

གསུམ་པ།

ཀུན་བཟང་དབང་མོ། བསོད་ནམས་ཕུན་ཚོགས། ཕུན་ཚོགས་བསོད་ནམས།

རྟིང་སྐུལ།

སྟག་ལྷ། དབང་སྟོབས། རྒྱལ་མཚན་མཐའ་ཡས། བློ་བཟང་འཇམ་དཔལ། བཟོད་པ་རྒྱ་མཚོ།

ཕུལ་བྱུང་འཛིན་གྲྭ།

མཐོ་གཅིག་དང་བོ།

ཐེངས་འདིའི་འགྲན་སྡུར་ལ་སྦྱིན་བདག་གནང་མཁན།

ལྷ་སྐྱབས། མང་རྫོང་ཐོན་མིའི་སློབ་ཚོགས། ཚུལ་ཁྲིམས་རྒྱ་མཚོ།

བློ་འདོན་དགེ་རྒན།

བླ་ནག་པ་སྐལ་ལྡན་རྒྱ་མཚོ།

དཔྱད་འདེམ་པ།

སློབ་གཙོ་གཅོད་པ་ཚེ་རིང་།ཤར་པང་བཀྲ་ཤིས་ཚེ་རིང་། དགེན་བླ་ནག་པ་སྐལ་ལྡན་རྒྱ་མཚོ། དགེན་ཀརྨ་ལམ་བཟང་། དགེན་དབང་ཆེན་རྡོ་རྗེ།

སྐར་གྲངས་སྤྱི་སྡོམ་པ།

དགེན་ཨ་མཆོག་མགོན་པོ་སྐྱབས། དགེན་བསོད་ནམས་རྒྱལ།

རྩོམ་སྒྲིག་པ།

གུར་མགོན་སྐྱབས།ཚེ་རིང་དོན་གྲུབ།བསོད་ནམས་ལྷུན་གྲུབ།བློ་གྲོས།འཇིགས་མེད་བསྟན་འཛིན།ངག་དབང་དགེ་འདུན།

མདོ་འཛིན་པ།

བློ་བཟང་འགྱུར་མེད། བཀྲ་ཤིས་ཚེ་རིང་།

རིག་རྩལ་བ།

བན་དེ་ཚེ་རིང་།བཀྲ་ཤིས་ཉི་མ།དཔལ་ལྡན་དོན་གྲུབ།ཆོས་དབང་།རྟ་མཆོག བསྟན་འཛིན་ཆོས་གྲགས། གདུགས་དཀར་ཚེ་རིང་།

པར་ལེན་པ།

བསོད་ནམས་བློ་གྲོས། གཅོད་པ།

རམ་འདེགས་པ།

སློབ་བུ་ཚོགས་པ། བདེ་སྲུང་ཁང་། སྤྱི་གཉེར་ཁང་།

གསར་འགོད།

སྐབས་དྲུག་པའི་གཏམ་བཤད་ནོར་བུའི་ཕྲེང་བའི་རྩོམ་སྒྲིག་ཚན་ཆུང་།

གཙོ་སྐྱོང་ལས་ཁུངས།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་།

དུས་ཚོད། 2021.5.14


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། ljbp བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
23577907
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།