བོད་ལུགས་གསོ་བ་རིག་པའི་ཐུན་མིན་དཔྱད་ཆས་མཁོ་འདོན།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» རྒྱུན་ཤེས།» རིག་གནས་རྒྱུན་ཤེས། »བོད་ལུགས་གསོ་བ་རིག་པའི་ཐུན་མིན་དཔྱད་ཆས་མཁོ་འདོན།
བོད་ལུགས་གསོ་བ་རིག་པའི་ཐུན་མིན་དཔྱད་ཆས་མཁོ་འདོན།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2021-04-23ལྟ་ཀློག (18324)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བོད་ལུགས་གསོ་བ་རིག་པའི་ཐུན་མིན་དཔྱད་ཆས་མཁོ་འདོན།

       དེ་ཡང་མཚོ་སྔོན་ཞིང་ཆེན་བདུད་རྩི་སྙིང་པོ་སྐྱེ་དངོས་སྨན་རྫས་ཚོང་འབྲེལ་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གིས་སྲོལ་རྒྱུན་བོད་ལུགས་གསོ་བ་རིག་པའི་ཐུན་མིན་དཔྱད་ཆས་སྔོག་འདོན་དང་། མྱུར་སྐྱོབ། ཞིབ་འཇུག་བཅས་ཀྱི་ཁ་ཕྱོགས་གཙོ་བོར་བཟུང་སྟེ། ད་ཆ་བོད་ལུགས་གསོ་བ་རིག་པའི་གཞུང་ཆེན་དཔལ་ལྡན་རྒྱུད་བཞི་དང་། སྨན་དཔྱད་ཟླ་བའི་རྒྱལ་པོ་སོགས་ཁུངས་ཐུབ་ཡིག་རྙིང་ཁག་ལ་གཞི་བཅོལ་ཞིང་། བོད་ལུགས་གསོ་དཔྱད་ཀྱི་གཞུང་ལུགས་ལག་ལེན་སྨྲ་བ་ལ་གཞན་དྲིང་མི་འཇོག་པའི་ངེས་དོན་གྱི་མཁས་པ་ཆེན་པོ་མགོ་ལོག་དབང་ཆེན་འབུམ་གྱི་སྨན་རམས་པ་སློབ་དཔོན་ཏིང་འཛིན་མཆོག་གི་རྣམ་དཔྱོད་ཀྱིས་ཡང་ཡང་བགྲུངས་པའི་ཐུན་མིན་བོད་ལུགས་དཔྱད་ཆས་འགའ་ཞིག་ཁྲིམས་མཐུན་སྒོས་ཆེད་བཟོ་བྱས་ཏེ་ཕྱོགས་སོ་སོའི་བོད་ལུགས་སྨན་ཁང་དང་འཚོ་བྱེད་ལྷ་རྗེ་རྣམས་ཀྱི་དགོས་མཁོར་དམིགས་ནས་འཁོ་འདོན་བྱེད་བཞིན་ཡོད་དོ། །

འབྲེལ་གཏུག་བྱ་ཡུལ།   18946857157


  རྣམ་གྲངས། 

༡༽དེབ་ཆིངས་སྒྱོགས་གསུམ།

༢༽རྡོ་རྗེའི་དབྱུག་བཅོས། 

༣༽ཏེལ་བ་དང་གཙག་བུ་ཆ་ཚང་།

༤༽རྭ་འཇིབ།

༥༽ཐུར་མ་ཆ་ཚང་། 

༦༽སྨན་གསོར།

༧༽སྨན་ཁྱེམ།

༨༽སྨན་ཕྱགས།

༩༽སྡུད་ར།

༡༠༽སྨན་སྒྲོ་ཟུང་།

༡༡༽རྡོ་ཐོ་ལེ་ཀོར།

༡༢༽རྫས་རྭ།

༡༣༽ཐུར་སྒམ༼རབ་འབྲིང་གཉིས།༽

༡༤༽སྨན་རྟགས།

༡༥༽ཏེལ་སྒམ།༼རབ་འབྲིང་གཉིས།༽

༡༦༽སྨན་སྐྱོག་སོགས།

དེ་དག་ལས་ཁ་ཤས་དམིགས་ཀྱིས་མཚམས་སྦྱོར་མདོ་ཙམ་ཞུ་བ་ལ།

༡༽ དེབ་ཆིངས་སྒྱོགས་གསུམ།

  དེབ་ཆིངས་སྒྱོགས་གསུམ་ནི་མན་རྒྱུད་མཚོན་རྨ་གསོ་བའི་སྐབས་ཀྱི་ཐུན་མིན་དཔྱད་ཆས་གཉེན་པོའི་བཅོས་དགུའི་ཡ་གྱལ་ཏེ། རྒྱུད་ཀྱི་ཆ་ལག་ཏུ་གཡུ་ཐོག་གསར་མས་མཛད་པའི་ལག་ལེན་དམར་ཁྲིད་ཡིག་ཆུང་དུ་རྒྱས་གསལ་ངང་འཁོད་ཡོད་མོད། གཞུང་ཚིག་བརྗིད་ལ་ཁ་དམ་ཞིང་བརྡ་རྙིང་ཤིན་ཏུ་མང་བ། ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་བཀའ་རྒྱ་དང་དཔེ་མཁྱུད་སོགས་བྱེད་སྲོལ་ཡོད་པས། བྱང་ཟུར་རྣམ་གཉིས་ཀྱི་གཙོས་གསོ་དཔྱད་མཁན་པོ་རྣམས་ཀྱིས་ཧ་ཅང་དཀའ་གནད་དུ་གྲས་སུ་གསུངས་པས། ད་ལྟ་རྒྱུད་དོན་མཐུན་པའི་གནའ་བོའི་དངོས་དཔེ་ཕར་ཞོག །ཐ་ན་དཔེ་རིས་ཙམ་ཡང་མཇལ་ཐབས་བྲལ་བའི་གནས་སུ་མཆི་མོད། སློབ་དཔོན་ཏིང་འཛིན་མཆོག་གིས་བགྲང་བྱ་མང་པོར་གཞུང་ལུགས་བསེད་འགྲོལ་དང་། ནད་ཐོག་ཞིབ་འཇུག་སོགས་ཀྱི་མྱོང་བྱང་བརྒྱུད་རྒན་ཁོང་གི་བརྩམ་ཆོས་ཕྱི་ལོ་༢༠༠༧ལོར་དཔར་སྐྲུན་མཛད་པའི་རྒྱུད་ཀྱི་དཔྱད་གཏམ་བརྒྱད་ཅུ་རྩ་བཞི་པ་དང་། དཔར་སྐྲུན་བྱེད་བཞིན་པའི་རྒྱུད་བཞིའི་དཀའ་བའི་གནད་བཀྲོལ་ལུང་རིགས་གཡུ་ཡི་ཐང་མ་རུ་གཡུ་ཐོག་པའི་ལག་ལེན་དམར་ཁྲིད་ཡིག་ཆུང་གི་བྲིས་ཆ་དང་ཚིག་འགྲེལ་གསར་རྩོམ་མཛད་པ་དེ་སྔ་བོད་ལྗོངས་དང་། པེ་ཅིང་། ཀན་སུའུ། མཚོ་སྔོན་སོགས་ཀྱི་བོད་ལུགས་གསོ་རིག་དགེ་རྒན་ཆེན་མོ་དང་། སྨན་པ་འབུམ་རམས་པ། ཞིབ་འཇུག་སློབ་མ་སོགས་ལ་འཆད་སྤེལ་གནང་ཞིང་རྒྱལ་ཕྱི་ནང་དང་མདོ་དབུས་ཁམས་གསུམ་གྱི་གཞུང་སྒེར་སྨན་ཁང་མང་པོས་ལག་ལེན་བྱེད་བཞིན་ཡོད། ད་ལན་ཡང་སློབ་དཔོན་ཁོང་གི་ཐུགས་བཞེད་ཇི་བཞིན་བཟོས་པའི་དེབ་ཆིངས་སྒྱོགས་གསུམ་གྱི་དངོས་དཔེ་ཁྲིམས་མཐུན་སྒོས་ལེགས་པར་གྲུབ་པ་གཤམ་གསལ་འདྲ་པར་ལྟར་རོ།།



༢༽རྡོ་རྗེའི་དབྱུག་བཅོས། 

  རྡོ་རྗེའི་དབྱུག་བཅོས་བོད་ལུགས་གསོ་བ་རིག་པའི་ཐུན་མིན་གཉེན་པོའི་ཡ་གྱལ་ཏེ། ཨོ་ཊི་ཡ་ནའི་སློབ་དཔོན་ཆེན་པོ་དང་རྗེ་བཙུན་གཡུ་ཐོག་པས་ཕྱི་འབྱུང་བ་ལུས་འཁྲུགས་གེགས་སེལ་གྱི་གདམས་པར་གསུངས་པ་སྟེ། ཕྱིས་སུ་གྲུབ་ཆེན་ཨྱོན་པ་དང་། ཀརྨ་པ་རང་བྱུང་རྡོ་རྗེ། གོང་སྨན་པ། དེའུ་དམར་དགེ་བཤེས་སོགས་ལས་རིམ་པར་བརྒྱུད་པ། ཁམས་གཙང་གཏེར་ཆེན་རིན་པོ་ཆེ་དང་། དེས་མགོ་ལོག་དབང་ཆེན་འབུམ་གྱི་སྨན་རམས་པ་སློབ་དཔོན་ཏིང་འཛིན་མཆོག་ལ་བརྒྱུད་པའི་ཕྱག་བཞེས་གཙང་མ་དེ། ད་ལྟ་རྒྱལ་ཁབ་ཕྱི་ནང་དང་མདོ་དབུས་ཁམས་གསུམ་གྱི་ཡུལ་ལུང་ག་ས་གང་དུའང་རྡོ་རྗེའི་དབྱུག་བཅོས་ཀྱི་མན་ངག་ཕྱག་ལེན་དུ་བསྟར་དང་བསྟར་བཞིན་པ་སྟེ། དེས་ན་འདིར་གཞུང་དོན་ལྟར་ཚད་ལྡན་ཁྲིམས་མཐུན་སྒོས་ལག་བཟོས་བྱས་པའི་རྡོ་རྗེའི་དབྱུག་བཅོས་ཚ་ཚང་གཟུངས་འཇུག་དང་ལྡན་པ་ལེགས་པར་གྲུབ་ཡོད།


༣༽དཔྱད་ཀྱི་ལོག་གནོན་ཐུར་མ།

  ཐུར་མའི་ལག་ལེན་ནི་བོད་ལུགས་གསོ་རིག་གི་གཉེན་པོ་ཡོངས་ཀྱི་རྒྱལ་པོ་ལྟ་བུར་ཆགས་ཡོད་ཀྱང་ལོ་རྒྱུས་ཀྱི་དཀྱོགས་མཚམས་དུ་མར་རྐྱེན་དབང་དུ་མས་གཞུང་གི་ནལ་བཤད་ཙམ་མ་གཏོགས་དངོས་ཐོག་ཏུ་ལག་ལེན་བྱེད་སྲོལ་ཉམས་པ་གྱུར་པ་ལ། མགོ་ལོག་དབང་ཆེན་འབུམ་གྱི་སྨན་རམས་པ་རྒན་ཏིང་འཛིན་མཆོག་གིས་གྲུབ་པ་ལུས་ཀྱི་དགོངས་དོན་མཐིལ་ཕྱིན་པར་ཞིབ་འཇུག་གཏིང་ཟབ་བགྱིས་པའི་ཐོག་གསོ་རིག་རྒྱུད་བཞི་དང་སྨན་དཔྱད་ཟླ་རྒྱལ་སོགས་ཀྱི་ཐུར་མའི་ལག་ལེན་ཉམས་གསོ་བགྱིས་ཏེ། ད་སྔ་ཡང་དབུས་ལྷ་ལྡན་དང་རྒྱལ་ས་པེ་ཅིང་སོགས་སུ་ཐུར་མའི་ལག་ལེན་དམར་ཁྲིད་མཛད་ཅིང་། ད་ལན་ཡང་གཞུང་དོན་ལྟར་རྒྱུད་དང་ཟླ་རྒྱལ་ལུགས་ཀྱི་ཐུར་དཔྱད་ཆ་ཚང་རང་རེ་བོད་ཀྱི་མགར་པས་རྒྱུ་གསེར་དངུལ་ཟངས་ལྕགས་ཀྱིས་བཟོས་ཏེ་ཚད་ལྡན་ཁྲིམས་མཐུན་སྒོས་ལེགས་པར་གྲུབ་ཡོད།


༤༽སྨན་སྒྲོ།

    དེ་ཡང་བཟོ་འགྲེལ་ཨ་ཝ་སྤྲིན་ཆེན་གྱི་དགོངས་པ་ལྟར་སློབ་དཔོན་ཏིང་འཛིན་མཆོག་གིས་ཆེད་བཟོ་མཛད་པར་གཞིར་བྱས་པ་སྟེ། དེ་ཡང་གནའ་དུས་བོད་ལུགས་འཚོ་བྱེད་པ་རྣམས་ཀྱིས་སྨན་ཁྲོབ་རིགས་སྨན་སྒྲོར་ཉར་ནས་ཁལ་ལ་འགེལ་སྲོལ་ཡོད་པ་བཞིན་སྲོལ་རྒྱུན་རིག་གནས་ཀྱི་རིན་ཐང་རྩ་བར་བྱས་ཏེ་ཚད་ལྡན་ཁྲིམས་མཐུན་སྒོས་ལེགས་པར་བཟོས་ཡོད།



༥༽རྡོ་ཐོ་ལེ་ཀོར། 

    འདི་ནི་གཞི་རྟགས་གསོ་གསུམ་ལས་ངོས་བཟུང་རྟགས་ཀྱི་གདམས་པ་ཁྱད་པར་ཅན་མདོ་སྨད་སྨན་རྩིས་མཁས་དབང་སྟག་བླ་ནོར་བུའི་མན་ངག་ཟབ་མོ་སྟེ། འབྱུང་བ་ཤིང་མེ་ས་ལྕགས་ཆུ་ཡི་སྐོར་མགོ་དང་ཕ་ཀ་ཡ་ཞའི་འཕྲུལ་འཁོར་ལ་བརྟེན་ཏེ་ཉེས་པ་དངོས་སྟོན་དང་། ངན་གཡོ་སྐྱོན་བརྟག །སྤང་བླང་མུ་བཞིའི་ཞལ་གདམས་ལ་མན་ངག་གི་རྣོ་སོ་ཕྱུང་བའི་བརྟག་ཐབས་ཐུན་མོང་མ་ཡིན་པ་ཞིག་གོ །



༦༽སྡུད་ར།

   དེ་ཡང་འདུ་འཁྲུགས་ཉེས་པ་སྙོམ་པར་བྱེད་པའི་སྨན་གང་ལེགས་པར་སྦྱར་ལ་བྱིན་གྱིས་བརླབས་ཟིན་པ་རྣམས་སྨན་ནུས་མི་འཆོར་ཞིང་མནོལ་བཙོག་མི་ཐེབས་པ་དང་། སྨན་པའི་ཐུན་མོང་དང་ཁྱད་པར་གྱི་ལས་སོགས་ཀྱི་བརྡ་དོན་རྟགས་ཀྱི་རྣམ་པར་བཞེངས་པ། ཕྱི་ནང་སྣོད་བཅུད་ཀྱི་བཀོད་པ་མཚོན་པའི་རྟེན་འབྲེལ་གྱི་སྨན་སྣོད་སྡུད་ར་དང་སྨན་རྒྱལ་ཨ་རུ་མཚོན་པའི་སྨན་ཁུག་གོ །


༧༽སྨན་ཁྱེམ།

དུག་གསུམ་ཉེས་གསུམ་སྐུ་གསུམ་དུ་ངོ་སྤྲོད་པ་རྗེ་བཙུན་གཡུ་ཐོག་པའི་སྙིང་ཐིག་གི་གདམས་པའི་ཉིང་འབྲས་ཏེ། དེའི་བརྡར་གཉེན་པོ་འབྲས་མཆོག་རྣམ་གསུམ་དང་དད་དང་ཐུགས་རྗེ་སོགས་མཚོན་པའི་གནའ་བོའི་བོད་ཀྱི་སྲོལ་རྒྱུན་གྱི་སྨན་ཁྱེམ་ཁྱད་པར་ཅན་ནོ། །


༨༽ཏེལ་བ་དང་གཙག་བུ།

དེ་ཡང་ཏེལ་བའི་མེ་དཔྱད་ཆ་བྱད་ཀྱི་རྒྱུ་ལ་སྣ་ཚོགས་སུ་གསུངས་པ་ལས་འདིར་གསེར་དངུལ་ཟངས་ལྕགས་ཀྱི་ཏེལ་བ་དང་། གཞན་རྒྱུད་ལས་བསྟན་པའི་གཏར་ཆ་གཙག་བུ་རྣམས་རང་རེ་བོད་མགར་གྱིས་དངོས་སུ་ལག་བརྡུང་བྱས་ཏེ་ཚུལ་བཞིན་ལེགས་པར་བཟོས་པའོ། །

༩༽སྨན་སྐྱོག །

གཞུང་བཞིན་བཟོས་པའི་སྨན་སྐྱོག་རིགས་གཉིས་སོ། །

༡༠༽མེ་བུམ།

༡༡༽རྭ་འཇིབ།

༡༢༽རྫས་རྭ།

༡༣༽སྨན་ཕྱགས།

༡༤༽སྨན་གསོར།

༡༥༽སྨན་ཁུག་གི་ཁ་བྱང་།

༡༦༽གཅེའུ།

ཉེར་མཁོའི་ཆ་བྱད་འདི་དག་གི་ཆེད་ཕན་དབང་ཆའི་དཔང་ཡིག །


འབྲེལ་གཏུག་བྱ་ཡུལ།   18946857157
གསར་འགོད་པ། བན་ཤུལ་འཁྱམ་བསེ་རུ།



སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། 30r6 བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  བོད་ལུགས་གསོ་བ་རིག་པའི་ཐུན་མིན་དཔྱད་ཆས་མཁོ་འདོན།   སྤེལ་མཁན།: སྐུད་པ། སྤེལ་དུས:2021/4/24
གལ་ཏེ་དགོས་མཁོ་ཡོད་ཚེ། སྨན་པ་དོན་ནེ་ལ་འབྲེལ་གཏུགས་བྱོས་དང་ཁོས་གསལ་བཤད་གནང་ངེས། ཁ་པར། 18946857157
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23570430
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།