གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭས་བློ་རྒྱུགས་གཙང་བོ་དལ་འབབ་ཅེས་པའི་བྱ་འགུལ་སྤེལ་བ།
  ཤེས་རིག་ནོར་བུའི་སློབ་གླིང་གིས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
སློབ་གསོ།
ཆོས་ལུགས།
ཀུན་འདུས།
རྩོམ་རིག
དམངས་སྲོལ།
རྒྱུན་ཤེས།
ལོ་རྒྱུས།
མི་སྣ།
ཐོན་མི།
སྐད་འཇོག་ས།
ཕྱོགས་སྟོན། གཙོ་ངོས།» གཙོ་ངོས།» རྩྭ་ཐང་བུ་མོའི་སློབ་གྲྭ། »གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭས་བློ་རྒྱུགས་གཙང་བོ་དལ་འབབ་
གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭས་བློ་རྒྱུགས་གཙང་བོ་དལ་འབབ་ཅེས་པའི་བྱ་འགུལ་སྤེལ་བ།
རྩོམ་སྒྲིག་པ།  བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས 2021-04-02ལྟ་ཀློག (10213)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭས་བློ་རྒྱུགས་གཙང་བོ་དལ་འབབ་ཅེས་པའི་བྱ་འགུལ་སྤེལ་བ།

སློབ་གཙོ་ཤར་པང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།

   2021ལོའི་ཟླ་3པའི་ཚེས་31ཉིན་གྱི་དགོང་སྦྱོང་སྐབས་ངེད་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་དམའ་འབྲིང་དང་སློབ་ཆུང་གཉིས་ཏེ་སློབ་གྲྭ་སྤྱི་ནས་<<བློ་རྒྱུགས་གཙང་བོ་དལ་འབབ་>>ཅེས་པའི་བྱ་འགུལ་སྐབས་བདུན་པ་རང་སློབ་གྲྭའི་ཡིག་གཟུགས་འགྲེམ་སྟོན་ཁང་ནས་སྤེལ། སློབ་དོན་པ་སྒྲོལ་མ་སྐྱབས་ཀྱིས་མདོ་འཛིན་བྱས། དོན་གྱི་རྒན་པོ་ཚིག་གི་མཁར་བ་ལ་བརྟེན་ཞེས་གསུངས་པ་ལྟར་བརྗོད་བྱ་དོན་གྱི་རྒན་པོ་རྗོད་བྱེད་ཚིག་གི་མཁར་བ་ལ་བརྟེན་དགོས་པའི་ཕྱིར་ཏེ།  ཚིག་ལ་མ་བརྟེན་པར་དོན་རྟོགས་ཚུལ་མེད་པས། སློབ་གཉེར་བ་ཞིག་དང་སློབ་སྦྱོང་བྱེད་པའི་མི་ཞིག་ཡིན་ན་གཞུང་ཚིག་བློ་འཛིན་མི་བྱེད་པར་བམ་ཀློག་དང་ངག་སྒྲོས་ཐན་ཐུན་གྱིས་ཅི་ཡང་མི་ཕན་པས། སློབ་མ་ཞིག་ཡིན་ན་གཞུང་ལུགས་མང་བོའི་རྩ་སྡོམ་བློར་འཛིན་རྒྱུ་ནི་གལ་ཆེན་ཞིག་ཡིན་པས་ངེད་སློབ་གྲྭའི་སློབ་མ་ཚོས་དུས་རྒྱུན་ནང་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་རྩ་སྡོམ་དང་རང་ལུགས་སོགས་སྐྱོར་སྦྱོང་དང་། གཤར་སྦྱོང་བྱེད་རྒྱུ་ནི་སློབ་གྲྭ་གཞན་དང་མི་མཚུངས་པའི་ཁྱད་ཆོས་ཤིག་དང་གོམས་སྲོལ་ཞིག་ཏུ་ཆགས་ཡོད།  ཐེངས་འདིའི་བློ་རྒྱུགས་འགྲན་སྡུར་ནི་སློབ་མ་རེ་གཉིས་ཙམ་མ་ཡིན་པར་འཛིན་གྲྭ་སོ་སོ་བྱས་ནས་བློ་རྒྱུགས་ཕུལ། དབྱངས་གསལ་སྦྱོར་ཀློག་དང་། དྷཱི་ཚའི་ཀ་ཁ། ལེགས་བཤད་ལྗོན་དབང་ཆ་ཚང་། དག་པར་བྱེད་པ་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་ཆ་ཚང་། དག་ཡིག་མཁས་པ་དགའ་སྐྱེད་ཆ་ཚང་། སུམ་རྟགས་རྩ་བ་ཆ་ཚང་། དཀའ་གནད་གསལ་བའི་མེ་ལོང་ཆ་ཚང་། རྒྱུ་འབྲས་དང་ཡོད་རྟོགས་མེ་རྟོགས་སོགས་ཀྱི་རང་ལུགས། བསླབ་བྱའི་སྡེ་སོགས་ངག་ནས་བཏོན་པ་ཙམ་མ་ཡིན་པར་སྲོལ་རྒྱུན་གྱི་དབྱངས་རྟ་སྣ་ཚོགས་ལ་དྲངས་ནས་ཞིབ་མོར་བཏོན། བྱ་འགུལ་སྟེང་དགེ་རྒན་བཞི་བཅུ་ལྷག་ཕེབས་ཤིང་སློབ་གཙོ་ཤར་པང་བཀྲ་ཤིས་ཚེ་རིང་ལགས་དང་སློབ་གཙོ་གཞོན་པ་དཔའ་རུས་པ་འཇམ་དཔལ་རྣམ་འཇོམས་དང་།རྒན་ལྷུན་འགྲུབ་སྐྱིད་སོགས་དགེ་རྒན་སྐོར་ཞིག་གིས་དཔྱད་འདེམ་བྱས། འགྲན་སྡུར་ལ་ཁྱོན་འཛིན་གྲྭ་བཅུ་གཉིས་ཞུགས་ཤིང་དམའ་གཉིས་འཛིན་གྲྭ་དང་ལྔ་གཅིག་འཛིན་གྲྭ་གཉིས་ཨང་དང་བོ་དང་། ལྔ་གཉིས་འཛིན་གྲྭ་ཨང་གཉིས་པ། ལོ་རིམ་དང་བོ་ཨང་གསུམ་པ། ལོ་རིམ་གཉིས་པ་དང་བདུན་གཅིག་འཛིན་གྲྭར་རྟིང་སྐུལ་བྱ་དགའ་བཅས་ཐོབ། མཇུག་ཏུ་བྱ་དགའ་ཐོབ་པའི་འཛིན་གྲྭ་དག་ལ་གཟི་བརྗིད་བསྟོད་བྱང་ཕུལ་ནས་སློབ་གཙོ་ཤར་པང་བཀྲ་ཤིས་ཚེ་རིང་ལགས་གྱིས་སྤྱི་སྡོམ་གཏམ་བཤད་གནང་། རྒྱུན་དུ་གོམས་འདྲིས་དྲན་ཤེས་བརྟན་པོ་ཡིས།། གང་ཤེས་བརྗེད་པ་མེད་པར་སོགས་ཤིག་ཨང་།། ཞེས་གསུངས་པ་ལྟར་ང་ཚོས་དུས་རྒྱུན་སྔར་སྦྱངས་ཟིན་པ་ལ་ཡང་ཡང་གོམས་ཤིང་འདྲིས་ཆ་ཡོད་པ་བྱས་ཏེ། དྲན་པ་དང་ཤེས་བཞིན་གྱི་བྱ་ར་བརྟན་པོས་གང་ཤེས་པ་མཐའ་དག་བརྗེད་པ་མེད་ལ་ཡིད་ལ་ལེགས་པར་འཛིན་དགོས་པའི་ཕྱིར་དུ་བྱ་འགུལ་འདི་ལྟ་བུ་ཞིག་རྒྱུན་མ་ཆད་པར་སྤེལ་བ་རེད།

བྱ་དགའ་ཨང་དང་བོ་ཐོབ་མཁན་དངོས་སྟོབས་རིག་པའི་འཛིན་གྲྭ།

བྱ་དགའ་ཨང་དང་བོ་ཐོབ་མཁན་རེ་བའི་མེ་དཔུང་འཛིན་གྲྭ།

བྱ་དགའ་ཨང་གཉིས་པ་ཐོབ་མཁན་འཕྲོག་བྱེད་དཀར་མོའི་འཛིན་གྲྭ།

བྱ་དགའ་ཨང་གསུམ་པ་ཐོབ་མཁན་ཐོས་བརྩོན་སྐར་ཚོམས་འཛིན་གྲྭ།

རྟིང་སྐུལ་བྱ་དགའ་ཐོབ་མཁན་རིག་པའི་ལྕམ་དཔུང་འཛིན་གྲྭ།

རྟིང་སྐུལ་བྱ་དགའ་ཐོབ་མཁན་ཁ་བའི་མེ་ཏོག་འཛིན་གྲྭས་བློ་རྒྱུགས་འབུལ་བཞིན་པའི་ཡུལ་དངོས།

འགྲན་ཞུགས་འཛིན་གྲྭས་བློ་རྒྱུགས་འབུལ་བཞིན་པ།


བྱ་དགའ་ཐོབ་མཁན་གྱི་འཛིན་གྲྭ་དག་གི་འཐུས་ཚབ་འཛིན་དཔོན་དག


གསར་འགོད་པ། དཀར་མོ་ཡེ་ཤེས།


སྤྱིའི་ལྟ་སྐུལ་བ། སློབ་གྲྭའི་དབུ་བཞུགས་ལྷན་ཚོགས།
གཙོ་སྐྱོང་སྡེ་ཁག ཐོན་མིའི་སློབ་ཚོགས།
དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
ཞིབ་དཔྱད་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། འབའ་སྣང་གྲོལ།
རྩོམ་སྒྲིག་ཨུ་ཡོན། འོད་ཟེར་བཟང་བོ། བསོད་ནམས་རབ་སྣང་། འཕྲིན་ལས་ཉི་མ། བན་ཤུལ་འཇམ་དབྱངས་ཡེ་ཤེས། དམ་ཆོས་ཕུན་ཚོགས། སྦྲ་ནག་འཇིགས་མེད་རྡོ་རྗེ།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན། བཤེར་གྲངས། liao བཤེར་གྲངས་ཁ་སྐོང་བྱོས།ཡིག་འབྲི་བཞི་ལས་མང་མི་རུང་།ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་།ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།      
 
  གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭས་བློ་རྒྱུགས་གཙང་བོ་དལ་འབབ་ཅེས་པའི་བྱ་འགུལ་སྤེལ་བ།   སྤེལ་མཁན།:  སྤེལ་དུས:2021/4/3
དངོས་གནས་མིག་དཔེ་དང་སྣེ་ཁྲིད་ཡག་པོ་རེད། སློབ་གྲྭ་འདི་ལ་སློབ་གཙོ་བཟང་བོ་ཞིག་ཡོད་ཁོ་ཐག་རེད།
  པར་ངོས1/1 པར་ཡོད།
ལྟ་ཀློག་གྲངས་ཀ
23569721
 
འབྲེལ་གཏུག་བྱ་ཡུལ།    ཁ་པར།  15283703999    E-mail:QQ:3267109906
པར་དབང་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ལ་དབང་།